མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཏུ་མེ་ཏོག་མ་ལི་ཀ་ནམ་བཞད་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཧིག་ཆིན་ལན་གྱི་བརྩམས། འབྲོག་མིས་བསྒྱུར།

བྱང་ཨ་ཧྥི་ར་ཀ་དང་དཀྱིལ་ཤར་གྱི་དམངས་གཙོའི་རླབས་རྒྱུན་ད་དུང་རྒྱུན་མ་ཆད་པར་རྒྱལ་ཁབ་ནས་རྒྱལ་ཁབ་བར་དང་གླིང་ཕྲན་ནས་གླིང་ཕྲན་བར་འཕེལ་ཞིང་རྒྱས་ཀྱིན་པ་རེད། གསར་བརྗེ་གྱི་དྲག་རླུང་གིས་སྒེར་གཅོད་པ་སྐོར་ཞིག་སྲིད་སྟེགས་ལས་ཕར་བསྐྲད་དང་སྐྲོད་ཀྱིན་པའི་སྒང་འདིར། འཛམ་གླིང་འདི་དང་སྒོས་སུ་རྒྱ་ནག་མི་མང་གི་སེམས་སུ་འཕྲད་དུ་ཆགས་པའི་གནད་དོན་ཞིག་ནི་༼མེ་ཏོག་མ་ལི་ཀ་གསར་བརྗེ་དེ་དུས་ནམ་ཞིག་ལ་རྒྱ་ནག་ཏུ་བསླེབ་རྒྱུ་རེད་༽ཅེས་པ་དེ་རེད།

དོགས་འདྲི་འདི་སེམས་སུ་བཅངས་ཡོད་མཁན་ནི་རྒྱ་ནག་མི་མང་གཅིག་པུ་མ་ཡིན་པར་རྒྱ་ནག་གཞུང་ཡང་འདུས་ཡོད། ཊི་ཝེ་ཊི་(twitter)རུ་བཀོད་པའི་རྩོམ་ཡིག་གཅིག་གིས་ངོ་མ་དང་འདྲ་ལ་རྫུན་མ་དང་ཡང་མཚུངས་པའི་༼༢.༢༠འི་མེ་ཏོག་མ་ལི་ཀ་གསར་བརྗེ་༽ཡི་མེ་ལྕེ་རྒྱ་ནག་ཏུ་འདྲེན། རྣམ་པ་དེ་ཡིས་འཛམ་གླིང་མི་མང་གི་མདུན་དུ་རྒྱ་ནག་གཞུང་གིས་སེར་པོ་གསེར་གྱིས་བརྡུངས་པའི་མཆོག་གྱུར་བདེ་སྲུང་གི་ནུས་བ་མངོན་ཡོད་ལ། དེ་དང་མཉམ་དུ་རྒྱ་ནག་གཞུང་གིས་རྩྭ་རྩི་ཤིང་ཐམས་ཅད་དགྲ་རུ་སྣང་བའི་ཉམས་ཞན་སེམས་ཁམས་ཀྱང་ཕྱི་རུ་བཏོན་ཡོད།

རྒྱ་ནག་དང་དཀྱིལ་ཤར། བྱང་ཨ་ཧྥི་ར་ཀའི་ཁྱད་པར།

         ཐའོ་ནེ་སི་ཡ་དང་ཨེ་ཇེབ་མི་དམངས་ཀྱིས་སྲིད་དབང་སྒེར་གཅོད་པ་སྲིད་སྟེགས་ལས་ཕྱིར་སྐྲོད་དགོས་པའི་རེ་འདུན་བཏོན་པའི་རྒྱུ་མཚན་རྒྱ་ནག་པར་མཚོན་ན་མིག་ལ་གོམས་ཤིང་རྣ་རུ་བྱང་ཡོད། གལ་ཏེ་དཔལ་འབྱོར་གྱི་གནས་སྟངས་ཐད་གླེང་ན། ༢༠༡༠ལོའི་རྒྱ་ནག་གི་མི་རེ་རིའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ནི་ཨ་སྒོར་༣༤༠༠ཡིན། ཁ་སང་དེ་རང་མི་དམངས་ཀྱི་གྱེན་ལངས་ངོ་རྒོལ་བྱས་དང་བྱེད་ཀྱིན་པའི་བྱང་ཨ་ཧྥི་རི་ཀ་དང་དཀྱིལ་ཤར་གྱི་རྒྱལ་ཁབ་ཁག་གི་ཁྲོད་དུ་ཨེ་ཇེབ་དང་ཡའེ་མིན་གཉིས་ཀྱི་མི་རེ་རིའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་རྒྱ་ནག་ལས་ཅུང་ཞིག་དམའ། ད་ལྟ་གྱེན་ལངས་ཤེད་ཆེན་པོས་བྱེད་ཀྱིན་པའི་ལེ་པེ་ཡའི་མི་རེ་རིའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ནི་༡༡༨༥༢རེད། ཐའོ་ནེ་སི་ཡ་དང་ཨེལ་པ་ནེ་ཡ་སོགས་རྒྱལ་ཁབ་ཀྱི་མི་རེ་རིའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་དེ་རྒྱ་ནག་ལས་ལྡབ་འགྱུར་གྱི་མཐོ་བ་དང་། གལ་ཏེ་དབུལ་ཕྱུག་གི་ཁྱད་པར་དང་། ལས་ཤོར། དངུལ་སྒོར་འགྲེམ་ཐལ་ཤོར་བ། མི་དམངས་ཀྱི་ཆབ་སྲིད་ཐོབ་ཐང་སོགས་རྣམ་གྲངས་རེ་རེ་བཞིན་ཞིབ་འཇུག་བྱས་ཚེ། ཐའོ་ནེ་སི་ཡའི་སྤྱི་ཡོངས་ཀྱི་གནས་སྟངས་དེ་རྒྱ་ནག་ལས་བཟང༌། ཨེ་ཇེབ་ཀྱི་ལས་ཤོར་དང་དངུལ་སྒོར་འགྲེམ་ཐལ་ཤོར་བ། སྲིད་གཞུང་གི་ལྐོག་ཟ་རུལ་སུངས་སོགས་ཀྱི་ཚད་རིམ་དེ་ཐའོ་ནེ་སི་ཡ་ལས་ཅུང་ཚབས་ཆེ་ཡིན། འོན་ཀྱང༌། རྒྱ་ནག་ལས་བལྟོས་བཅས་ཀྱིས་ཞི་འཇགས་ཡིན། འབངས་མིའི་ཆབ་སྲིད་ཀྱི་སྟོང་ཆ་ནས་བལྟས་ན། གོང་ཞུས་རྒྱལ་ཁབ་འདི་ཚོ་ནི་བསམ་ཤེས་ཀྱི་སྲིད་དབང་སྒེར་གཅོད་རྒྱལ་ཁབ་ཏུ་ངོས་འཛིན་བྱ་རུང་། ལོ་དུ་མའི་སྔོན་ནས་བཟུང་ཚོགས་མང་ལམ་སྲོལ་ལག་བསྟར་བྱས་ཡོད་པ་མ་ཟད། གསར་འགྱུར་ལས་དོན་དོ་དམ་ཐད་ནས་ཀྱང་སྲིད་ཇུས་ཅུང་གུ་ཡངས་པོ་ཡོད་ལ། དམངས་ཁྲོད་དུ་ཕྱི་རྒྱལ་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་རྩ་འཛུགས་དང་མཉམ་འབྲེལ་ལས་འགུལ་སྤེལ་ཆོག སྤྱོད་སྟངས་འདི་དག་གིས་རྒྱལ་ཁབ་དང་མི་སྒེར་བར། སྤྱི་ཚོགས་ཁྲོད་སྟོང་ཆ་ཞིག་ལྷག་ནས་འབངས་མིའི་ཐོབ་ཐང་གི་འདུ་ཤེས་དེ་མེད་པ་ནས་ཡོད་པ་དང༌། ཡོད་པ་ནས་དྲགས་པོར་གྱུར་བ་དང་ཆབས་ཅིག་འབངས་མིའི་རྩ་འཛུགས་ཀྱི་ནུས་ཤུགས་གསོ་སྐྱོང་ཐུབ་ཡོད།

         ཆབ་སྲིད་དབང་ཆ་སྟངས་འཛིན་བྱ་ཕྱོགས་ཐད། ཐའོ་ནེ་སི་ཡ་དང་ཨེ་ཇེབ་གཉིས་རྒྱ་ནག་དང་ཁྱད་པར་ཅུང་ཆེན་པོ་ཡོད། ཐའོ་ནེ་སི་ཡ་དང་ཨེ་ཇེབ་གཉིས་ནི་ཚོགས་པ་ཆེན་པོ་གཅིག་ཁོ་ན་ཅན་དང༌། སྲིད་འཛིན་ཚོགས་པ་མིན་པའི་ཚོགས་པའི་ལས་འགུལ་ནུས་ཤུགས་ལ་ཚད་བཀག་ནན་མོ་ཡོད། དམངས་གཙོ་འགྲོ་སྲོལ་ལྟར་རྣམ་པའི་སྟེང་གི་འོས་འདེམས་ཡོད་ཀྱང་དོན་དངོས་སུ་ཡོད་ཚད་ཆེས་མཐོའི་དབང་འཛིན་པས་སྟངས་འཛིན་བྱས་ཡོད། པེན་ཨ་ལེ་ཡིས་ཐའོ་ནེ་སི་ཡ་ལོ་ངོ་༢༣རིང་དབང་བསྒྱུར་བྱས་པ་དང༌། མའུ་བྷ་རག་ཨེ་ཇེབ་ཀྱི་སྲིད་འཛིན་བཞུགས་ཁྲི་རུ་ལོ་ངོ་༣༠འི་རིང་བཞུགས་ཡོད་པ་མ་ཟད། ད་དུང་སྲིད་འཛིན་གྱི་གོ་གནས་ཁོང་གི་བུ་ལ་བརྒྱུད་སྤྲོད་བྱ་འཆར་ཡོད།

རྒྱ་ནག་ནི་ཚོགས་པ་གཅིག་ཁོ་ནས་སྒེར་གཅོད་ཅན་ཡིན།  འོན་ཀྱང་ཆེས་མཐོའི་དབང་བསྒྱུར་བས་དཔོན་རབས་རེས་མོས་ཏེ་དཔོན་རབས་གོང་མས་དཔོན་རབས་རྗེས་མར་དབང་ཆ་རྩིས་སྤྲོད་བྱས་ནས་(འབྲེལ་བ་གཞི་རུ་བཟུང་ནས་)དབང་ཆ་རེས་མོས་ཀྱི་ཚུལ་གྱིས་དབང་བསྒྱུར་བྱེད་ཀྱིན་ཡོད་པ་དང༌། དེ་ནི་དབང་བསྒྱུར་ཤོག་ཚོགས་ནང་ཁུལ་དུ་ཐུན་མོང་གིས་འགོ་ཁྲིད་བྱེད་ཀྱིན་པའི་(ཡང་ན་དབང་ཆ་མཉམ་སྤྱོད་ཀྱང་ཟེར་ཆོག )སྒེར་གཅོད་ལམ་ལུགས་ཤིག་སྟེ། ལྟོས་ས་ལྟོས་འཇོག་གིས་བཤད་ན། རྒྱ་ནག་གི་དབང་ཆ་ཐུན་མོང་གིས་ལོངས་སུ་སྤྱོད་པའི་མ་དཔེ་འདི་ཆབ་སྲིད་འཇོན་ཐང་ཚོགས་ཁག་གི་ནང་ཁུལ་གྱི་འགལ་ཟླ་དེ་དབང་ཆ་ཁེར་འཛིན་ཀྱི་ཐའོ་ནེ་སི་ཡ་དང་ཨེ་ཇེབ་ལས་ཅུང་ཆུང༌།

རྒྱ་ནག་ནང་མིག་སྔར་སྤྱི་ཡོངས་རང་བཞིན་ཅན་གྱི་སྤྱི་ཚོགས་ངོ་རྒོལ་བསླང་མེད། འོན་ཀྱང་། ངོ་རྒོལ་གྱེན་ལངས་རིགས་མ་ལངས་པ་དེ་རྒྱ་ནག་ནང་སྤྱི་ཚོགས་འགལ་ཟླ་གོང་ཞུས་རྒྱལ་ཁབ་དེ་དག་ལས་ཉུང་བས་མིན་ལ། དེ་ནི་རྒྱ་ནག་གཞུང་གིས་ཉེ་བའི་ལོ་འདི་དག་གི་ནང་དུ་འགྲོ་གྲོན་ཁ་མེད་མིག་མེད་དུ་བཏང་ནས་བདེ་འཇགས་སྲུང་སྐྱོང་བྱས་ཡོད་པས་ཡིན།

བདེ་སྲུང་(བདེ་འཇགས་བརྟན་བརླིང་སྲུང་སྐྱོབ་ཅེས་པའི་བསྡུས་ཚིག)ཞེས་པའི་ཚིག་འདི་རྒྱ་ནག་ནང་ཆབ་སྲིད་ཀྱི་ཐ་སྙད་གལ་འགངས་ཅན་ཞིག་ཏུ་གྱུར་ཡོད་ལ། རིམ་པ་སོ་སོའི་ཞིང་ཆེན་དང་རྫོང་སྲིད་གཞུང་གིས་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ཞེས་པ་དེ་གྲུབ་འབྲས་ཨང་དང་པོ་རུ་བཞག་ཡོན་ན་བདེ་འཇགས་བརྟན་བརླིང་སྲུང་སྐྱོབ་ཀྱི་ལས་དོན་ནི་ཨང་གཉིས་པར་གྱུར་ཡོད།

རྒྱ་ནག་གི་མེ་ཏོག་མ་ལི་ཀ་གསར་བརྗེ་ལ་གང་དག་འདང་མེད་དམ།

       ད་ལྟའི་ཆར། བྱང་ཨ་ཧྥི་ར་ཀ་དང་དཀྱིལ་ཤར་གྱི་གནས་སྟངས་ལ་གཞིགས་ན། རྒྱལ་ཁབ་འདི་ཚོའི་ཆབ་སྲིད་ཀྱི་མདུན་ལམ་ལ་གསལ་ཁ་མེད་པ།  དེ་གའི་མེ་ཏོག་མ་ལི་ཀ་གསར་བརྗེ་ཡིས་རྒྱལ་ཁབ་དེ་དག་དམངས་གཙོ་རང་དབང་གི་ཕྱོགས་སུ་ཁྲིད་རྒྱུ་རེད་དམ། ཡང་ན་ཨེ་རན་ཇི་བཞིན་དམངས་གཙོ་ནི་ཨེ་སི་ལམ་གདོད་མའི་ཆོས་ལུགས་དབང་ཤུགས་ཀྱི་ཕྱི་ཤུན་ལྟ་བུར་གྱུར་མིན་ཁ་ཚོན་གཅོད་མི་ནུས་མོད། འོན་ཀྱང་གསར་བརྗེ་དེ་དག་གིས་རྒྱ་ནག་ལ་ཤུགས་རྐྱེན་ཉིས་བརྩེགས་ཐེབས་ཡོད་པ་ནི་སྲིད་གཞུང་ལ་འཇིགས་སྣང་བསྐུལ། མི་དམངས་ལ་ངོ་རྒོལ་བརྒྱུད་སྤྱི་ཚོགས་ལམ་ལུགས་ལ་འཕོ་འགྱུར་གཏོང་རྒྱུའི་སེམས་ཤུགས་བསྐྱེད།

         རྒྱ་ནག་ནང་ད་བར་དུ་གསར་བརྗེ་ལངས་མ་ཐུབ་པའི་རྒྱུ་མཚན་ནི། རྒྱ་ནག་ནང་གི་སྤྱི་ཚོགས་འགལ་ཟླ་ཐའོ་ནེ་སི་ཡ། ཨེ་ཇེབ། ལེ་པེ་ཡ་སོགས་རྒྱལ་ཁབ་ལས་ཛ་དྲག་མི་ཆེ་པས་མིན།  ཐའོ་ནེ་སི་ཡ་དང་ཨེ་ཇེབ་སོགས་སུ་གྱིན་ལངས་ངོ་རྒོལ་བསླངས་གཞི་རུ་གྱུར་པའི་མེ་རྟ་ནི་འབངས་མས་རང་ལུས་མེར་བསྲེགས་པ་དང༌། རང་ཤི་བརྒྱབ་པའི་དོན་རྐྱེན་རིགས་ཡིན། རྒྱ་ནག་ཏུ་དེ་འདྲའི་དོན་རྐྱེན་བཅུ་གྲངས་ཤིག་བྱུང་ཟིན་པས་ཡ་མཚར་སྐྱེ་མི་སྲིད། དེའི་ཐོག་རྒྱ་ནག་གཞུང་གིས་དོགས་ཟོན་ནན་མོ་བྱས་ཏེ་༼བརྟན་བརླིང་ལ་གནོན་པའི་རྒྱུ་རྐྱེན་ཡོད་ཚད་མགོ་འབུར་མ་དག་བཅོམ་ནས་ཚང་ནང་དུ་གཙང་སེལ་བྱ་དགོས་༽ཞེས་པའི་གཞི་རྩའི་སྲིད་ཇུས་ལག་བསྟར་མཐར་ཕྱིན་བྱས་ཡོད། དེ་ལྟར་བསྒྲུབ་ཐུབ་རྒྱུའི་ཆེད་དུ་རྒྱ་ནག་གཞུང་གིས་མ་གནས་ལ་བསམ་བློ་གཏོང་མི་སྲིད་ལ། ད་བར་དུ་༢༠༡༠ལོའི་འབྲེལ་ཡོད་བསྡོམས་རྩིས་ཁག་ད་དུང་སྤྱི་བསྒྲགས་བྱས་མེད། འོན་ཀྱང་༢༠༠༩ལོའི་བདེ་སྲུང་གི་འགྲོ་གྲོན་ལས་རྒྱ་ནག་ནོར་སྲིད་ཀྱི་ཡོང་སྒོའི་ཁྲོད་བདེ་སྲུང་ཀྱི་བསྡུར་ཚད་དེས་ག་ཚོད་ཅིག་ཟིན་ཡོད་པ་ཤེས་ཐུབ། ༢༠༠༩ལོར། རྒྱ་ནག་གི་ནོར་སྲིད་ཡོང་སྒོ་ནི་ཁྲག་ཁྲིག་ཆེན་མོ་༦དང་ཁྲག་ཁྲིག་༨། ཐེམ་འབུམ་ཆེན་མོ་༤དང་ཐེར་འབུམ་༧། དུང་ཕྱུར་༧ རེད། དེའི་ནང་བདེ་སྲུང་འགྲོ་སོང་གིས་ཁྲག་ཁྲིག་༥དང་ཐེར་འབུམ་ཆེན་མོ་༡།  ཐེར་འབུམ་༤ཟིན་ཡོད་པས། བདེ་སྲུང་འགྲོ་གྲོན་གྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོའི་༧.༥%ཟིན་ཡོད། ང་ཚོའི་མིག་ལམ་དུ་ལྷག་པའི་དྲི་བ་ནི་རྒྱ་ནག་ལས་གཞན་རྒྱལ་ཁབ་སུ་ཞིག་གིས་བདེ་སྲུང་ཆེད་འགྲོ་སོང་དེ་ལས་ཆེ་བ་བཏང་ཡོད་དམ།

          དམག་དཔུང་གི་བར་གནས་ཀྱིས་སྒེར་གཅོད་པ་དང་འབངས་མིའི་བར་གྱི་སྟོབས་ཤུགས་བསྡུར་ཚད་ལ་འཕོ་འགྱུར་ཐེབས་ཡོད།

ཐེངས་འདིའི་བྱང་ཨ་ཧྥི་རི་ཀ་དང་དཀྱིལ་ཤར་ཁག་ཏུ་གསར་བརྗེ་བསླངས་རྗེས། དམག་དཔུང་གི་བར་གནས་ཀྱིས་སྒེར་གཅོད་པ་དང་འབངས་མིའི་བར་གྱི་སྟོབས་ཤུགས་ལ་འཕོ་འགྱུར་ཐེབས་ཡོད། འདིའི་ཐད་ནས་བཤད་ན་རྒྱ་ནག་མི་དམངས་ཐའོ་ནེ་སི་ཡ་དང་ཨ་ཇེབ་མི་དམངས་ནང་བཞིན་རླུང་རྟ་བརྒྱུགས་མེད། ཕྱི་ལོ་༡༩༨༩ལོ་ནས་བཟུང་། རྒྱ་ནག་གཞུང་ལ་༼སྲོལ་རྒྱུན་བདེ་འཇགས་གྱི་ཁོངས་སུ་མི་གཏོགས་པའི་གློ་བུར་བའི་དུས་འགྱུར་ལ་ནུས་བ་ལྡན་པའི་ཁ་གཏད་འཇལ་དགོས་ན། ནང་ཁུལ་ལ་དམིགས་པའི་བདེ་སྲུང་གི་ནུས་པ་ཇེ་ཆེ་གཏོང་དགོས་པ་དང་། ལོ་ལྟར་ནང་ཁུལ་བདེ་སྲུང་གི་ནུས་ཤུགས་འཛུགས་སྐྲུན་ཆེད་རིམ་བཞིན་འགྲོ་གྲོན་ཇེ་ཆེ་གཏོང་དགོས་པའི་༽ངེས་ཤེས་སྐྱེས་ཡོད། ད་ལྟའི་རྒྱ་ནག་གི་སྤྱི་བདེ་མི་སྣ་དང་། ཉེན་རྟོག་དམག་མིས་གྲུབ་པའི་དྲག་ཟིང་འགོག་རྒོལ་དམག་མིའི་སྒྲིག་ཆས་དེ་འཛམ་གླིང་སྟེང་རྩེ་བུད་རེད་ཅེས་ལབ་ཆོག་ལ། མི་ཁྲི་འགའི་ཟིང་སློང་ལ་དམག་མི་བཀོལ་མི་དགོས་པའི་ཚད་ལ་བསླེབས་ཡོད།  

དམག་མིར་སྤྲད་པའི་བསལ་བློའི་སློབ་གསོ་དང་དམག་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་གཞིགས་ན། དམག་དཔོན་ཚོར་སྲིད་གཞུང་གི་བདེ་སྲུང་ནུས་ཤུགས་ལ་ཡིད་ཆེས་ཡོད་ཚེ། དྲུག་བཞིའི་དུས་སྐབས་ཀྱི་ཞིའུ་ཆིན་ཞན་དམག་སྤྱི་ལྟ་བུའི་མི་མང་པོ་མེད། གལ་སྲིད་ལེ་པེ་ཡ་ཇི་བཞིན་ག་འགྲོ་འདི་འགྲོའི་གལ་ཆེའི་དུས་སུ་བསླེབ་ཚེ། ཁེ་བཟང་ལེན་མཁས་པའི་དམག་དཔོན་ཚོས་རྔ་ཇི་ལྟར་རྡུང་ན་འཆམ་དེ་ལྟར་འཁྲབ་སྲིད་པ་ལས། ལམ་ལུགས་ཀྱི་དུར་རྫས་དེ་བས་ཀྱང་བྱ་འདོད་མེད།

            རྒྱ་ནག་མི་དམངས་ཀྱི་ངོ་རྒོལ་འདུ་ཤེས་དང་ནུས་པ་སོགས་སུ་བསམ་བློ་བཏང་ན། འདས་པའི་ལོ་ལྔའི་ནང་ལོ་རེ་རེར་ངོ་རྒོལ་ཆེ་ཆུང་འབུམ་གཅིག་ལྷག་བྱུང་ཡོད་པ་ལས་རོབ་ཙམ་ཤེས་ཐུབ་སྙམ། རྒྱ་ནག་མི་དམངས་ཡོངས་སུ་རྫོགས་པར་ངོ་རྒོལ་གྱི་འདུ་ཤེས་ཁྲག་རྒྱུན་ན་མེད་པ་མིན་ལ། དེ་ནི་ངོ་རྒོལ་གྱི་ནུས་པ་ཞན་པས་ཡིན། འདི་ལ་རྒྱུ་རྐྱེན་གཉིས་ཡོད་ལ་གཅིག་ནི་གཞུང་དང་འབངས་མིའི་བར་གྱི་ནུས་ཤུགས་ལ་ཆེ་ཆུང་ཆེ་དྲགས་པས་ཡིན། གཉིས་པ་ནི་རྒྱ་ནག་གཞུང་གིས་འབངས་མིས་རང་དབང་ངང་རྩ་འཛུགས་བྱ་རྒྱུའི་ནུས་པ་བཙན་འཕྲོག་དང་ཁོར་ཡུག་རྨེག་མེད་དུ་བཏང་བས་ཡིན།

ཐེངས་འདིའི་༢.༢༠་ཡི་མེ་ཏོག་མ་ལི་ཀ་གསར་བརྗེ་དེའང་དྲ་རྒྱའི་སྟེང་གི་སྐུལ་སློང་ཙམ་ཡིན། འོན་ཀྱང་པེ་ཅིན། ཧྲང་ཧེ་སོགས་གྲོང་ཁྱེར་དུ་མི་མི་ཉུང་བ་ཞིག་འདུ་འཛོམས་ཀྱི་ས་གནས་སུ་སོང་ནས་ལྟད་མོར་བལྟས་ཡོད། ལྟད་མོ་བ་མང་པོ་ཞིག་ལྟད་མོ་བ་ནས་ནང་ཞུགས་པར་གྱུར་ཆོག་ཆོག་རེད།

            རྒྱ་ནག་དམར་ཤོག་ཚོགས་པས་རང་ཉིད་ཀྱི་ལོ་ངོ་སུམ་ཅུའི་རིང་གི་གསང་བའི་ལས་དོན་གྱི་ཉམས་མྱོང་དང་ལོ་ངོ་དྲུག་ཅུའི་རིང་གི་གཞུང་འཛིན་གྱི་ཉམས་མྱོང་ཕྱོགས་གཅིག་ཏུ་བསྡུས་ཏེ། རང་གིས་དེ་སྔོན་བཀོལ་མྱོང་བའི་ཐབས་ཤེས་ཚང་མ་བཀག་སྡོམ་བྱས་ཡོད། ཡིན་ན་ཡང། ༢.༢༠ཉིན་གྱི་མེ་ཏོག་མ་ལི་ཀ་གསར་བརྗེ་ཡིས་གསར་བརྗེ་རྙིང་པ་ལ་གནད་དོན་གསར་བར་འཕྲད་ཡོད།

            དྲ་རྒྱའི་དུས་རབས་སུ་གསར་བརྗེའི་ལས་འགུལ་བྱུང་ཚེ། ལས་འགུལ་གྱི་ངོ་བོ་ཁ་འཐོར་དང་གཟིགས་མེད་ཀྱི་རྣམ་པར་གནས་ཀྱང་ག་ས་གང་དུ་ཡོད། རྩ་འཛུགས་ཀྱི་གདོས་བཅས་མེད་པ་འདྲ་ཡང་འགུལ་སྐྱོད་དང་སྣེ་ཁྲིད་ཀྱི་ནུས་བ་ལྡན་ཡོད། ཕར་ལྟོས་ཚོད་ཀྱི་དབུ་ཁྲིད་མེད་པར་སྣང་ཡང་ཁྱབ་རྒྱ་ཆེན་པོའི་སྐུལ་འདེད་དམ་གཅིག་གྱུར་གྱི་ནུས་པ་ཐོན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ༢.༢༠ཉིན་གྱི་མེ་ཏོག་མ་ལི་ཀ་གསར་བརྗེ་ཡི་གནས་ཚུལ་ཕྱི་ཟླ་༢པའི་ཚེས་༡༧ཉིན་ཊི་ཝེ་ཊི་རུ་སྤེལ་གཏོང་བྱས་རྗེས། པེ་ཅིན་སྲིད་གཞུང་འདི་ལྟ་བུའི་ངོ་ཚ་ཁ་སྐྱེངས་ལ་ཐུག་ཡོད། ཐོས་ཀྱང་མ་ཐོས་ཤེས་ཀྱང་མ་ཤེས་པའི་བརྟུལ་ཞུགས་འཛིན་པ། གཟིགས་མེད་རྗེས་མེད་ཀྱི་འགྲན་སྐུལ་འདིའི་རིགས་གཅིག་བགྱིས་ན་མགྱོགས་མྱུར་ངང་གཞི་གཅིག་ཏུ་འདུས་ནས་རྔམ་བརྗིད་ཆེ་བའི་འདུ་འཛོམས་ཡ་མེད་དུ་གྱུར་སྲིད་པའི་སེམས་ཁྲལ། ཌོ་མེ་ནོ་ཤོ་རྡེའུ་ཡི་ཤོ་རྡེའུ་དང་པོ་རུ་གྱུར་མི་སྲིད་པ་མིན།

            དགྲ་ཆེན་པོ་མདུན་ནས་ཐོན་འདྲའི་འཇིགས་སྐྲག་ངང་གདོང་ལེན་བྱེད་སྟངས་ཀྱིས་ཚེས་༢༠འི་ཉིན་སྒྲིག་ཆས་གོན་ཡོད་མེད་གཉིས་ཀའི་སྤྱི་བདེ་མི་སྣ་དང་ཉེན་རྟོག་པ་འབོར་ཆེན་ཆེད་དུ་མངགས་ནས་མངོན་གསལ་ཡིན་མིན་གྱི་མི་ཚོགས་དང་ཁ་གཏད་དུ་ལངས་བའི་དགོད་བྲོ་བའི་རྣམ་པ་དེ་ཤར་བ་རེད། རྣམ་པ་དེ་ལས་སྲིད་གཞུང་གི་དངངས་སྐྲག་དང་རང་གིས་རང་ལའང་གདེང་ཚོད་མེད་ཅིང་ཡིད་ཐང་ཆད་པའི་རང་གཟིགས་ངོ་མ་དེ་ཕྱི་རུ་གསལ་བོར་བཏོན་པ་རེད།

            ད་ལྟ་ང་ཚོས་བཤད་ཕོད་པ་ཞིག་ནི། དེ་རིང་གི་རྒྱ་ནག་གི་ཆབ་སྲིད་གནས་བབ་དང་སྤྱི་ཚོགས་ཀྱི་ཛ་དྲག་གནས་སྟངས། དེའི་ཁར་རྒྱ་ནག་དམར་ཤོག་ཚོགས་པ་དྲག་ཤུགས་ལ་བསྟུན་དྲགས་པ་སོགས་ཀྱི་དབང་གིས། རྐྱེན་ངན་གོད་ཆག་རིགས་ཐམས་ཅད་ནམ་བྱུང་འདི་བྱུང་མེད་པར་གློ་བུར་བའི་ཚུལ་གྱིས་བྱུང་སྲིད་པར་ཡིད་ཆེས་བྱས་ཆོག

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༢ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༢ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese