མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་སེང་གི་བརྩམས་ཆོས་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱི་དཔར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་ཁག་ལ་དཔྱད་པ།

 

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་བརྩམས།

(www.tibetanpoliticalreview.com )

ཚེ་རིང་དོན་གྲུབ་ཀྱིས་བོད་སྒྱུར་བྱས།  

 

དང་པོ། སྔོན་གླེང་།

 

སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་ཉེ་ཆར་ཧ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་ཚགས་ཤོག་སྟེང་དུ་བརྗོད་དོན། “ད་ལྟ་ང་སུ་ཡིན་ནམ། ད་བར་བདག་ནི་རིག་གནས་པ་ཞིག་དང༌། བོད་དོན་ལས་འགུལ་བ། ཕྱི་སྲིད་ལས་དོན་པ་ཞིག་ཆགས་པ་འདི་གཙོ་བོ་ཧ་ཝར་གཙུག་ལག་ཁང་གི་བཀའ་དྲིན་རེད། བདག་བཀའ་ཁྲིའི་འོས་མིའི་ཁྲོད་ཞུགས་པར་དོ་སྣང་སླེབས་པའི་ཤུགས་རྐྱེན་གཙོ་བོ་ཞིག་ཀྱང་། ཧ་ཝར་ཌི་གཙུག་ལག་ཁང་གི་མཚན་གནས་ཕྱག་ཁྱེར་དང་གོ་གནས་སོགས་ལ་བརྟེན་ནས་བྱུང་པ་འདྲ་བོ་འདུག” ཅེས་བཀོད། (བློ་བཟང་སེང་གེ་ལགས་དང་། ཧ་ཝར་གཙུག་ལག་སློབ་གྲྭ་གཉིས་ཀྱི་མིང་བྱང་དེ་ཏོག་ཙམ་རིང་དྲགས་སྟབས། འོག་ནས་བསྡུས་མིང་གིས་འབོད་རྒྱུ་ཡིན) བློ་སེང་གིས་ལས་འགུལ་ཁྲོད་རང་ཉིད་ཀྱི་གནས་བབ་དེ་ནི་ཁྲིམས་མཐུན་ཚད་ལྡན་གྱི་མཁས་བ་ཞིག་ཡིན་པ་དམིགས་སུ་བཀར་ནས་ནན་བཤད་བྱས་ཤིང་། རླུང་འཕྲིན་ཁང་དག་གིས་ཁོང་ལ་བཅར་འདྲི་བྱས་པ་དེ་དག་དང་། ཉེ་ཆར་ནེའུ་ཡོག་གི་བགྲོ་གླེང་ཞིག་ཏུ་ཁོང་ལ་རང་ཉིད་མཁས་བ་ཞིག་ཡིན་པའི་ངོ་སྤྲོད་བྱ་ཡུལ་གྱི་སྡིངས་ཆ་གལ་ཆེན་ཞིག་བསྐྲུན་པ་སོགས་ཀྱིས། བློ་སེང་ལ་ཉམས་མྱོང་དང་གོ་རྟོགས་མེད་ཅེས་པའི་སྐྱོན་བརྗོད་དག་ལ་ལན་འདེབས་བྱེད་པའི་རམ་འདེགས་ལྟ་བུར་གྱུར་ཡོད།

 

བློ་སེང་ལགས་ཀྱི་གནས་བབ་དེ་མཁྱེན་རྟོགས་ཡོང་བར་བྱེད་པ་ལ། སྔོན་ལ་ཁོང་མཁས་པ་ཡིན་མིན་དེ་ངེས་པར་དུ་རྟོགས་པར་བྱ་དགོས། ཡིད་ཕངས་པ་ཞིག་ལ་ད་ལྟ་བར་དུ་བོད་མི་འོས་ལྡུག་མཁན་དག་གི་ཁྲོད་དུ་བློ་སེང་ལགས་གྱི་མཁས་པའི་གནས་བབ་ལ་ཞིབ་འཇུག་བྱེད་མཁན་ཧ་ཅང་དཀོན་པོ་ཆགས་འདུག བཀའ་ཁྲིའི་འོས་ཞུགས་པ་གཞན་གཉིས་ལ་མཚོན་ན། འདས་པའི་དུས་ཚོད་ནང་ལས་དོན་མི་ཉུང་བ་ཞིག་བསྒྲུབས་ཡོད་སྟབས། མི་མང་གི་ཁྲོད་དུ་བག་ཆགས་ཟབ་མོ་བཞག་ཡོད་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད།

 

མཁས་པའི་ཡོན་ཏན་འཇལ་བ་ལ་ཐོག་མར་ཁོ་བོའི་དཔར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་དག་ལ་ངེས་པར་དུ་གཟབ་ནན་གྱིས་ལྟ་དགོས། དེར་བརྟེན། ང་ཚོ་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་བོད་མི་འོས་ཤོག་ལྡུག་མཁན་ཚོས་བློ་སེང་ལགས་ཤེས་ལྡན་པ་ཞིག་ཡིན་པའི་གཞི་རྩའི་ཐོག་ནས་བྱ་གཞག་ཅི་ཞིག་བསྒྲུབ་ཡོད་པ་དག་ཡག་པོ་མཁྱེན་རྟོགས་ཡོང་བའི་རོགས་རམ་གྱི་ཆེད་དུ་དེ་སྔ་དཔར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་ཁག་ལ་དཔྱད་པ་མདོར་བསྡུས་ཤིག་བཏང་ཡོད།

 

ཐོག་མར་ང་ཚོས་བློ་སེང་གི་དཔར་སྐྲུན་བྱས་ཟིན་པའི་རྩོམ་ཡིག་སྤྱི་ལ་དཔྱད་པ་བཏང་ཡོད། དེ་ནས་ཁོང་གི་རྩོམ་ཡིག་བྱེ་བྲག་པ་རེ་རེ་ལ་དཔྱད་པ་བཏང་པ་བཅས་ཁག་གཉིས་སུ་དབྱེ་ཡོད། མདོར་བསྡུས་ཏེ་བརྗོད་ན། བློ་སེང་ལགས་ཕྱི་ལོ་ ༢༠༠༤ ཁྲིམས་ལུགས་རིག་པའི་སློབ་དཔོན་ S.J.D. གྱི་སློབ་མཐར་ཕྱིན་རྗེས་མཁས་པའི་ངང་ཚུལ་ཐོག་ནས་རྩོམ་ཡིག་གསུམ་དཔར་སྐྲུན་གནང་འདུག རྩོམ་ཡིག་གཅིག་ཀྱང་རྒྱལ་སྤྱིའི་ཚད་ལྡན་གྱི་དཔེ་དེབ་གྲས་སུ་དཔར་སྐྲུན་བྱ་ཐུབ་མི་འདུག་ཅིང་། རྩོམ་ཡིག་གསུམ་ལས་གཅིག་གི་བརྗོད་གཞི་ནི་ལོ་རྒྱུས་དང་འབྲེལ་ཞིང༌། ལོ་རྒྱུས་ཀྱི་དོན་དངོས་ལ་བདེན་པ་ཁུངས་སྐྱེལ་ཡང་བྱས་འདུག་མོད། འོན་ཀྱང༌དེ་ལ་རྒྱལ་སྤྱིའི་ངོས་འཛིན་ལྡན་པའི་ཚད་ལྡན་གྱི་རྩོམ་ཡིག་གམ་ཡང་ན་མཁས་བའི་ཁྱད་ཆོས་ལྡན་པའི་གསུང་ཚིག་དེ་ཙམ་མི་སྣང༌།  རྩོམ་ཡིག་གཅིག་གི་ནང་དུ་རྩོམ་པོ་ཁོང་གིས་མང་གཙོ་ལ་དོ་འཁུར་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བོད་ལ་རང་སྲིད་རང་སྐྱོང་ཐོབ་ཐབས་ཀྱི་སྐོར་བཀོད་འདུག

 

གཉིས་པ། བློ་བཟང་སེང་གེ་ལགས་ཀྱི་རྩོམ་ཡིག་སྤྱི་ལ་དཔྱད་པ།

 

ང་ཚོས་གང་ཡོང་ཡོང་གིས་གོ་བདེ་བའི་ཞིབ་འཇུག་བྱས་ཏེ་ཁོང་གི་རྣམ་དཔྱོད་ཀྱིས་བྲིས་བའི་རྩོམ་ཡིག་ཚང་མ་འདི་ལ་བསྟན་ཡོད། འོན་ཀྱང་། ཚགས་ཤོག་ཁག་ཏུ་བཀོད་ཡོད་པའི་རྩོམ་ཡིག་ཁག་འདིར་དཔྱད་ཞིབ་བྱས་མེད། དེར་བརྟེན། ང་ཚོས་ཐོག་མར་ཁྲིམས་ལུགས་དང་མཐུན་པའི་ཞིབ་འཇུག་བྱ་ཡུལ་དེ་ཁྲིམས་མཐུན་གྱི་མཁས་པ་ཚོ་དང་ཁྲིམས་རྩོད་པ་དག་གིས་བེད་སྤྱོད་བྱེད་ཀྱིན་པའི་དྲ་གནས་བེ་སུ་དྲུ་ལོ་ Westlaw ནང་འཚོལ་ཞིབ་བྱས་པ་ཡིན། འདིའི་ནང་དུ་རྒྱལ་སྤྱིའི་མཁས་དབང་ཚོས་བརྩམས་པའི་དཔེ་དེབ་ཚད་ལྡན་གྱི་ལས་གཞིའི་རེའུ་མིག་ ༤༠༠༠༠ དང༌། ཨ་རའི་གཙུག་ལག་ཁང་ཁག་གི་ཚད་ལྡན་མཁས་པ་ཚོའི་བརྩམས་ཆོས་དག་འཚོལ་ཐུབ་ཀྱི་ཡོད། འོན་ཀྱང་། ང་ཚོའི་ལག་ཏུ་བེ་སུ་དྲུ་ལོ་ Westlaw ནས་བློ་སེང་གི་བརྩམས་ཆོས་གཅིག་ཀྱང་རག་མ་སོང་། དེ་ནས་ང་ཚོས་འཚོལ་ཞིབ་ཀྱི་ལས་གཞི་ཆེ་རུ་བཏང་ཏེ་སྤྱི་ཚོགས་རིག་གནས་འཚོལ་ཞིབ་དྲ་གནས་མཉམ་འབྲེལ་ Social Science Research Network ཞེས་པའི་ནང་བཙལ་ཡང་། འདིའི་ནང་དུ་ཡང་བློ་སེང་གི་རྩོམ་ཡིག་གཅིག་ཀྱང་ལག་སོན་མ་བྱུང་། མཐར་ང་ཚོས་གྷོ་གྷིལ་སི་ཁོ་ལར་ Google Scholar ནང་དུ་འཚོལ་ཞིབ་བྱས་སྐབས་གཤམ་གྱི་རྩོམ་ཡིག་འདི་གཉིས་རྙེད་བྱུང༌། རྩོམ་ཡིག་གཅིག་ནི་དེབ་ཅིག་གི་ནང་གི་ལེ་ཚན་གཅིག་རེད་འདུག གང་ལྟར་རྩོམ་ཡིག་ཆ་ཚང་ཕྱི་ལོ་ ༢༠༠༤ ལོར་སློབ་དཔོན་གྱི་སློབ་མཐར་མ་ཕྱིན་གོང་དཔར་སྐྲུན་བྱས་པའི་རྩོམ་ཡིག་རེད་འདུག

 

༡༼ མང་གཙོའི་ཉིན་དེབ། བོད་བཙན་བྱོལ་གྱི་འགྲིམ་འགྲིལ། ༽ ༢༠༠༣ ལོར་དཔར་སྐྲུན་བྱས། ཉིན་དེབ་འདི་མཐོ་སློབ་ཅིག་གི་ངོས་ནས་བདག་གཉེར་བྱེད་བཞིན་པ་ཞིག་མ་ཡིན་པར་རྒྱལ་ཡོངས་མང་གཙོ་ཚོགས་པས་ National Endowment for Democracy བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ལྟ་བུའི་ཚོགས་པ་ཁག་ལ་རོགས་དངུལ་གྱི་རྒྱབ་སྐྱོར་གནང་བའི་འོག་ནས་དཔར་བ་ཞིག་རེད་འདུག རྒྱུ་མཚན་འདིའི་དབང་གིས་གཅིག་བྱས་ན་ཤེས་རིག་འཚོལ་ཞིབ་ academic search.ཀྱི་ནང་དུ་ཉིན་དེབ་དེ་མ་བསྟན་པ་ཡིན་ཡང་སྲིད།

 

༢ རབ་བྱེད་ཅིག་ནི་འགྲོ་བ་མིའི་ཐོབ་ཐང་སྐོར། ཨེ་ཤེ་ཡ་དང་ཞི་བདིའི་རྒྱ་མཚོའི་མངའ་ཁུལ་ Pacific Rim,གྱི་ཆབ་སྲིད་ཀྱི་ངེས་གཏན་རང་བཞིན་ཞིག་ཡིན་པ་དང༌། འདི་ནི་ཇེ་སྒྲས་མོན་དྲི་དགུ་མི་རིས་ by J.D. Montgomery ལགས་ཀྱིས་ ༢༠༠༡ ལོར་བརྩམས། ང་ཚོའི་ལག་ཏུ་དེབ་འདིའི་མ་དཔེ་གཅིག་ཀྱང་ལག་སོན་མ་བྱུང༌།

 

༣ ༼འགྲོ་བ་མིའི་ཐོབ་ཐང་དང་ནང་ཆོས། རིག་གཞུང་གི་ལྟ་གྲུབ། སྒེར་ཀྱི་ལྟ་ལུགས་དང་འཇིག་རྟེན་ལྟ་ལུགས ༽ ༡༩༩༦ ལོར་བྲིས། རྩོམ་ཡིག་འདི་དཔར་སྐྲུན་བྱས་ཟིན་ཡོད་མོད། གང་ཞིག་ཏུ་ཡོད་པ་གསལ་ཁ་མི་འདུག མཐར་ང་ཚོས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ autobiographical blurbs ལ་འཚོལ་ཞིབ་བྱས་པས་ཕ་ཡུལ་དྲ་གནས་ནང་དུ་གཙུག་ལག་སློབ་རིག་དང་མ་འབྲེལ་བའི་ non-academic articles རྩོམ་ཡིག་གསུམ་རྙེད་བྱུང༌། འདི་དག་ཚང་མ་ ༢༠༠༤ ལོར་སློབ་མཐར་ཕྱིན་རྗེས་བྲིས་འདུག རྩོམ་ཡིག་འདི་དག་ཀྱང་ཚད་ལྡན་གྱི་དཔེ་དེབ་ཁག་ཏུ་དཔར་སྐྲུན་བྱས་མི་འདུག འོན་ཀྱང་ལྷོ་ཀོར་ཡའི་སློབ་མའི་གསར་དེབ South Korean journal དེ་ཕྱི་ལོ་ ༢༠༠༨ ལོའི་ནང་དཔར་སྐྲུན་ཁང་གཉིས་ཀྱིས་དཔར་མགོ་བཙུགས་འདུག

 

༡ ༼ རྒྱ་ནག་གིས་བོད་ནང་ལོ་ངོ་བཞི་བཅུའི་རིང་གི་བཙན་འཛུལ་ལམ་བཅིངས་གྲོལ༽རྩོམ་ཡིག་འདི་ནི་ ༢༠༠༤ ལོར་ཧ་ཝར་ཨེ་ཤེ་ཡའི་དུས་དེབ་ནང་དུ་བཀོད་འདུག སློབ་མིའི་དུས་དེབ་འདི་ནི་ཧ་ཝར་ཨེ་ཤེ་ཡ་ལྟེ་གནས་ཁང་གིས་གཉེར་བཞིན་ཡོད་པ་དང་འདིའི་ནང་དུ་ཨེ་ཤེ་ཡ་དང་འབྲེལ་བའི་གནད་དོན་དག་བཀོད་ཀྱིན་འདུག

 

༢ ༼རྒྱ་ནག་གི་རྩ་ཁྲིམས་ནང་བོད་ཀྱི་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས།  རང་སྲིད་རང་སྐྱོང་དང་མཉམ་འབྲེལ་བར་གྱི་ཁྱད་མཚར་གྱི་འབྲེལ་བ༽ རྩོམ་ཡིག་འདི་ནི་ ༢༠༠༦ ལོར་ལྷོ་ཨེ་ཤི་ཡའི་སློབ་མཐར་མ་ཕྱིན་པའི་སློབ་མིའི་ཚོགས་པས་གཉེར་གྱིན་ཡོད་པའི་དུས་དེབ་ནང་བཀོད་འདུག

 

༣ ༼ ཁྲིམས་མཐུན་གྱི་བོད་རང་སྲིད་རང་སྐྱོང༌། བོད་ཀྱི་ཁྲིམས་རྩོད་པ་ཞིག་གི་ལྟ་ཚུལ༽ རྩོམ་ཡིག་འདི་ནི་ཤར་ཨེ་ཤེ་ཡའི་རྒྱལ་སྤྱིའི་ཁྲིམས་ཞེས་བའི་ནང་དུ་ཕྱི་ལོ་ ༢༠༠༨ ལོར་བཀོད། དུས་དེབ་འདི་ནི་ཕྱི་ལོ་ ༢༠༠༨ ལོར་མགོ་འཛུགས་བྱས་ཡོད་པ་དང་ལྷོ་ཀོ་ཡའི་ཡིས་ཇང་རྒྱལ་སྤྱིའི་རྩ་ཁྲིམས་ལྟེ་གནས་ཁང་ Yijun Institute of International Law ཞེས་པའི་ཞིབ་འཇུག་ཁང་ཞིག་གིས་ཕྱི་ལོ་ ༢༠༠༨ མགོ་འཛུགས་གནང་འདུག

 

བློ་སེང་དང་ཁོང་གི་ཧ་ཝར་ཁྲིམས་ལུགས་གཙུག་ལག་ཁང་གི་སློབ་སྟོན་པ་སློབ་དཔོན་བིས་ལི་ཡམ་ཨ་ཧྤོར་དྲི་ William Alford ལགས་གཉིས་བར་ཞིབ་བསྡུར་ཞིག་བྱས་ན། སློབ་དཔོན་བིས་ལི་ཡམ་ཨ་ཧྤོར་དྲི་ William Alford ལགས་ཀྱིས་ཕྱི་ལོ་ ༢༠༠༤ ལོ་ནས་ད་བར་རྩོམ་ཡིག་གམ་ཡང་ན་རབ་བྱེད་བཅུ་དང་དཔེ་དེབ་གསུམ་བྲིས་གནང་འདུག་པ་མ་ཟད། ད་དུང་སློབ་ཁྲིད་དང་ཤར་ཕྱོགས་ཨེ་ཤ་ཡའི་ཁྲིམས་ལུགས་སློབ་སྦྱོང་གི་ལས་གཞིའི་འགན་འཛིན་གཞོན་པའི་ལས་གནས་དང༌། དབང་པོ་སྐྱོན་ཅན་གྱི་ལས་གཞིའི་ཚོགས་གཙོའི་ལས་གནས་འཁུར་གྱིན་ཡོད། ང་ཚོས་འདི་ནས་ཁོང་དང་འབྲེལ་བའི་སྐབས་དོན་གྱི་གནས་ཚུལ་ཞིག་གླེང་པ་ལས་བློ་སེང་ལ་སྐྱོན་བརྗོད་བྱེད་ཀྱིན་མེད།

 

སྤྱིར་མཁས་དབང་ཚོའི་ཡོན་ཚད་ཀྱི་གནས་བབ་དཔག་པ་ལ་དཔར་སྐྲུན་ཁག་ནི་ཁོའི་ཤེས་ཡོན་གྱི་རྨང་གཞི་ཡིན་སྲིད་ཀྱང༌། ཁོང་ཚོའི་མཁྱེན་ཡོན་རྟོགས་པ་ལ་དཔར་སྐྲུན་བྱས་པ་གཅིག་པོ་མ་ཡིན་པར་སློབ་ཁྲིད་དང་ཞིབ་འཇུག་ལྟེ་གནས་སོགས་སུ་ལམ་སྟོན་དང༌། འཛིན་སྐྱོང༌། གཏམ་བཤད། བགྲོ་གླེང་ཚོགས་འདུ་གོ་སྒྲིག་སོགས་ཡོད། བློ་སེང་ལགས་ཀྱིས་ཀྱང་ངེས་པར་དུ་གཏམ་བཤད་དང་ཚོགས་འདུ་སོགས་གོ་སྒྲིག་གནང་ཏེ་དུས་ཚོད་བཏང་ཡོད་ངེས། ལས་གཞི་འདི་དག་ནི་ངེས་པར་དུ་ང་ཚོས་ཁོང་གི་དཀའ་སྤྱད་དེ་དག་ལོ་ངོ་དྲུག་ཙམ་གྱི་སྔོན་བཏོན་པའི་རྩོམ་ཡིག་ཁག་གསུམ་ལ་དཔྱད་སྐབས་བརྩི་དགོས་བ་ཞིག་ཆགས་ཡོད།

 

གསུམ་པ། བློ་བཟང་སེང་གེ་ལགས་ཀྱིས་དཔར་སྐྲུན་བྱས་པའི་རྩོམ་ཡིག་བྱེ་བྲག་པ་རེ་རེ་ལ་ཕྱི་མིག་ལྟ་བ།

 

 ༡ (བོད། རྒྱ་ནག་གི་རང་སྲིད་རང་སྐྱོང་ཁུལ་གྱི་རྩ་ཁྲིམས༌། རང་སྲིད་རང་སྐྱོང་དང་མཉམ་འབྲེལ་བར་གྱི་ཁྱད་མཚར་གྱི་འབྲེལ་བའི་སྐོར) ༢༠༠༦ ལོར་དཔར།  རྩོམ་ཡིག་འདིའི་ནང་དུ་ཁྲིམས་དང་མཐུན་པའི་ཚད་ལྡན་གྱི་དཔྱད་ཞིབ་ལེགས་པོ་བྱས་ཡོད། ཁོང་གིས་གལ་ཆེའི་ངང་ནས་རྒྱ་ནག་གིས་བཏོན་པའི་ཕྱི་ལོ་ ༡༩༨༤ ལོའི་རང་སྲིད་རང་སྐྱོང་ས་ཁུལ་གྱི་རྩ་ཁྲིམས་ལ་ལྟ་ཀློག་ཞིབ་མོ་ཞིག་བྱས་ཡོད་ལ། འདི་ལྟར་སྡོམ་ཚིག་ཅིག་བཀོད་འདུག “ནམ་ཞིག་རྩོད་གཞི་ཞིག་གིས་ཆིག་སྒྲིལ་དང་རང་སྲིད་རང་སྐྱོང་གཉིས་གང་རུང་གི་བླ་ན་མེད་པའི་ལེགས་ཆ་དེ་གསལ་ཁ་འབྱེད་དུས་ཆིག་སྒྲིལ་གྱིས་རང་སྲིད་རང་སྐྱོང་གི་དུང་སྒྲ་སྒྲོག་པར་བྱེད” ཁོང་གི་སྡོམ་ཚིག་འདིའི་ནང་དོན་ནི་རང་སྲིད་རང་སྐྱོང་གི་རྩ་ཁྲིམས་ནི་ཀྲུང་དབྱུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཕྱོགས་ཡོད་པ་ལས་བོད་རིགས་ལྟ་བུ་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ལ་ཕྱོགས་མེད་ཅེས་བའི་གོ་དོན་རེད།

 

ཁོང་གིས་རྒྱལ་ནང་ས་ཁུལ་རང་སྐྱོང་གི་རྩ་ཁྲིམས་ཐོག་ལ་བརྗོད་པའི་དཔེ་མཚོན་ལེགས་ཤོས་ནི་ས་ཁུལ་རང་སྐྱོང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གང་ཞིག་ལེགས་བཅོས་གཏོང་བ་ཡིན་ན་ངེས་པར་དུ་ཀྲུང་དབྱུང་ལ་སྙན་སེང་ཞུ་དགོས་པ་དང་ཆོག་མཆན་ཐོབ་དགོས། ཡིན་ན་ཡང་ཞིང་ཆེན་ཞིག་གིས་རྩ་ཁྲིམས་ལ་ལེགས་བཅོས་གཏོང་སྐབས་ཀྲུང་དབྱུང་ལ་སྙན་སེང་ཞུས་རྗེས་ལེགས་བཅོས་གཏོང་ཆོག་ཅེས་བརྗོད་འདུག ད་དུང་བོད་རང་སྐྱོང་ལྗོངས་སུ་མི་རིགས་རང་ཉིད་ཀྱི་ཁྲིམས་བཟོ་བ་དང་གཞུང་ཞབས་ག་ཚོད་ཡོད་མེད་ཐད་ཞིབ་འཇུག་བྱས་འདུག་པ་དང་མང་ཆེ་ཤོས་བོད་རིགས་མིན་པའི་ཁྲིམས་བཟོ་བ་དང་གཞུང་ཞབས་རེད་ཅེས་མཐའ་སྡོམ་བྱས་འདུག།

 

འོན་ཀྱང༌། རྩོམ་ཡིག་ནང་ལ་མ་འདང་བའི་ཆ་ཁ་ཤས་ཤིག་ལྷག་འདུག དཔེར་ན། ཁོང་གིས་དབྱིན་ཡིག་ནང་བསྒྱུར་ཡོད་པའི་རྒྱལ་ནང་ས་ཁུལ་རང་སྲིད་རང་སྐྱོང་ཁུལ་གྱི་རྩ་ཁྲིམས་དེ་ཁོ་ན་ཀློག་ཏེ་རྩོམ་ཡིག་གི་བརྗོད་གཞིའི་གཞི་རྩར་བཟུང་འདུག ཁོང་གིས་ངེས་པར་དུ་རང་སྐྱོང་ས་ཁུལ་གྱི་རྩ་ཁྲིམས་ཇི་ལྟར་ལག་ལེན་བསྟར་ཀྱིན་ཡོད་མེད་ཞིབ་པར་དཔྱད་དེ་རྒྱ་ནག་རང་དང་གྲོས་བསྡུར་རམ་བགྲོ་གླེང་བྱ་དགོས། ལག་ལེན་འདི་དག་ནི་ཅིས་ཀྱང་འདིར་མཁོ་བ་ཞིག་རེད། རྩོམ་ཡིག་འདིའི་མ་དཔེ་ལ་བལྟ་དུས་གོམས་པ་དང་པོ་ནི་ལེགས་པོ་འདུག་ཀྱང་དེ་ཙམ་གྱིས་འདོད་པ་ཁེངས་པ་ཞིག་མི་འདུག དེར་བརྟེན་རྩོམ་ཡིག་འདི་ནི་ཨ་རི་བ་མིན་པ་ཞིག་གིས་ཨ་རའི་རྩ་ཁྲིམས་ཀྱི་བསྒྱུར་བཅོས་དང་པོའི་སྨྲ་བརྗོད་རང་དབང་གི་གསལ་ཁ་དང་ཆ་རྐྱེན་དག་ཀློག་ཐུབ་ཀྱང༌། ཤོག་སྟེང་དུ་མ་གཤམས་པའི་རྩ་ཁྲིམས་ལེགས་བཅོས་དང་བོའི་ཤིན་ཏུ་ཕྲ་བའི་རྣམ་དབྱེ་དང་དོན་འགྲེལ་གྱི་རྒྱབ་ལྗོངས་ཆ་ཚང་ཞིག་རྟོགས་མི་ཐུབ་པའི་གནས་སུ་གྱར་བའི་ཉེན་ཁ་དང་འདྲ་མཚུངས་སུ་གྱུར་ཡོད།

 

གང་ལྟར་ཡང༌། ཁོང་གིས་ངེས་པར་དུ་རྩོད་གཞི་དག་ལ་རྒྱ་ནག་གི་ཁྲིམས་ལ་རྒྱ་ཆེ་ས་ནས་བགྲོ་གླེང་བྱ་དགོས་པ་ཞིག་རེད། འདིའི་ནང་དུ་ཤེས་ཡོན་པ་དག་གིས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཐོག་ལ་འཛིན་པའི་ཡོངས་གྲགས་ཀྱི་སྲིད་ཇུས་དག་ཚུད་ཡོད། དོན་དངོས་ཐོག་སེང་གེ་ཡི་རྩོམ་ཡིག་དེ་ཙམ་གྱིས་ཚད་ལྡན་ཞིག་གྱུར་མི་འདུག ཚད་ལྡན་གྱི་མཁས་པ་ཚོས་སྟབས་བདེ་ངང་རྩོད་གཞི་མི་གླེང་བར་བརྗོད་གཞི་གཞན་ཞིག་ཁ་སྣོན་བརྒྱབ་ཏེ་མཁས་དབང་ཚོ་དང་ལྷན་དུ་རིག་པའི་ཐོག་ནས་བགྲོ་གླེང་དང་གྲོས་བསྡུར་བྱེད་ཀྱིན་ཡོད།

 

  མཐའ་དོན་བློ་སེང་ལགས་ཀྱིས་ཤོག་གྲངས་བཞི་ཅན་གྱི་རྩོམ་ཡིག་ཅིག་གི་ནང་དུ་ཚང་མ་ཁ་གསལ་བྱེད་མི་ཐུབ་པ་ང་ཚོས་བསམ་ཤེས་བྱེད་ཀྱིན་ཡོད། འོན་ཀྱང་ཁོང་གིས་རང་སྲིད་རང་སྐྱོང་གི་ངོ་ཚབ་ཅན་གྱི་བོད་རང་སྐྱོང་ལྗོངས་ཁུལ་དུ་བོད་མི་ལས་བྱེད་པའི་བརྒྱ་ཆའི་གནད་དོན་སྐོར་ལ་དོ་སྣང་བྱ་དགོས་པ་ཞིག་རེད། གནད་འགག་ནི་བོད་མི་ལས་བྱེད་པ་དེ་དག་ཇི་ལྟར་ལས་བྱེད་དུ་བཀོད་ཀྱི་ཡོད་པ་དང་ཁོང་ཚོ་ལ་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་རྩ་ཁྲིམས་ལ་བཀོད་པའི་རང་དབང་དང་དབང་ཚད་ཅི་ཙམ་ཡོད་མེད་དེ་ཡིན། བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་སྲིད་གཞུང་ནང་དུ་ཡོད་པའི་བོད་མི་བརྒྱ་ཆ་བརྒྱ་དེ་ཕལ་ཆེར་རྒྱ་གཞུང་དང་ལག་སྦྲེལ་བྱེད་མཁན་རྐྱང་རྐྱང་རེད། དཔེར་ན་རག་བསྡུས་དང་ལེགས་མཆོག། པདྨ་འཕྲིན་ལས་ལྟ་བུ་རེད། སྤྱིར་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་བཟོ་བ་ཚོ་ལ་རྩ་ཁྲིམས་བཟོ་སྐབས་རྒྱ་ནག་སྲིད་གཞུང་ལ་སྙན་སེང་ཞུས་པ་ཙམ་གྱིས་རྩ་ཁྲིམས་བཟོ་ཆོག་པའི་དབང་ཚད་སྤྲད་ཡོད་ཀྱང་བོད་མི་ཚོས་རང་མོས་ཐོག་རང་ཉིད་ཀྱི་རྩ་ཁྲིམས་བཟོ་མཁན་མ་འདེམས་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་ལ་འགྱུར་བ་བཟང་པོ་ཞིག་ཡོང་མི་སྲིད་པ་ཞིག་རེད།

    

༢ (བོད་ནང་གི་རྒྱ་ནག ལོ་ངོ་ ༤༠ ཙམ་གྱི་བཙན་འཛུལ་ལམ་བཅིངས་གྲོལ)  ༢༠༠༤ ལོར་བརྩམས། རྩོམ་ཡིག་འདིའི་ནང་དུ་ཁོང་གིས་རྩོད་གཞི་མི་ཉུང་བ་ཞིག་བརྗོད་དེ་བོད་མི་ཚོའི་ལས་འགུལ་དག་བོད་དོན་ཐོག་ཡིན་པ་ཁ་གསལ་མདོར་བསྡུས་ཤིག་བྲིས་འདུག ང་ཚོས་རྩོམ་ཡིག་འདིའི་བརྗོད་གཞི་ཕལ་མོ་ཆེ་ལ་མོས་མཐུན་གཙང་མ་བྱེད་ཀྱིན་ཡོད། རྩོམ་ཡིག་འདི་གཞི་རྩའི་ཆ་ནས་ཁ་གསལ་བ་དང་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྔོན་ནས་བརྗོད་ཟིན་པ་དག་ཧ་ཅང་ལེགས་པོ་བྲིས་འདུག

 

རྩོམ་ཡིག་དེ་གནད་བསྡུས་འདི་ལྟར་བྲིས་འདུག ངས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་བདེན་པ་ཁུངས་སྐྱེལ་ཐོག་དོ་འཁུར་བྱ་རྒྱུ་དང་བོད་མི་ཚོས་ཇི་ལྟར་ཁོང་ཚོ་རྒྱ་མི་དང་ཐ་དད་ཡིན་པའི་ལངས་ཕྱོགས་གསལ་སྟོན་བྱ་རྒྱུ། ངས་ད་དུང་བོད་མི་ཚོ་དང་རྒྱ་མི་ཚོ་ལ་རྒྱ་ནག་སྲིད་གཞུང་གིས་ཧ་ཅང་རྒྱ་ཆེ་བའི་སྒོ་ནས་དྲིལ་བསྒྲགས་བྱས་ཏེ་བོད་ནང་དུ་ཆོས་དང༌ཤེས་ཡོན། དཔལ་འབྱོར་སོགས་ཀྱི་གནས་སྟངས་ཡར་རྒྱས་བཏང་ཡོད་ཚུལ་བརྗོད་པའི་འཁྱོག་བཤད་བྱས་པ་གསལ་པོ་བཟོ་རྒྱུ།

 

རྩོམ་ཡིག་འདི་ནི་ཚད་ལྡན་མཁས་བའི་རྩོམ་ཡིག་གི་ཆ་ཤས་ཤིག་རེད་ཅེས་བརྗོད་ཐབས་བྲལ་འདུག རྒྱུ་མཚན་ནི་མཁས་པའི་རྩོམ་ཡིག་ནི་འདི་ལས་ནང་དོན་ཟབ་པ་ཞིག་ཡིན་དགོས་མོད་རྩོམ་འདི་ནི་གཞི་རྩའི་ཞུ་རྩོད་བདེན་བདར་ཀྱི་ཆ་ཤས་ཤིག་ལས་མ་འདས། ཞུ་རྩོད་བདེན་བདར་ནི་རིན་ཐང་ལྡན་པ་ཞིག་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་ཀྱང༌། ཞུ་རྩོད་བདེན་བདར་དང་མཁས་པའི་བྲིས་རྩོམ་གཉིས་ལ་ཁྱད་པར་ཡོད་པ་སྟེ། གཅིག་ནི་སེམས་ཚོར་དྲག་པོ་དང་རང་སྣང་དག་པ་ཞིག་ཡིན། གཞན་དེ་ནི་སེམས་ཚོར་དྲག་པོ་མ་ཡིན་པ་དང་བསྒྲུབ་བྱ་བ་ཞིག་ཡིན། ཁོང་གིས་གལ་འགངས་ཆེ་བའི་རྩོད་གཞི་ཞིག་བཟོས་ཡོད།

 

འོན་ཀྱང་འདི་ནི་དྲི་བ་འདྲི་དགོས་པ་ཞིག་ཏུ་ཡང་གྱུར་ཡོད། ཁོང་གིས་བྲིས་དོན་བོད་དང་རྒྱ་ནག་མཉམ་གནས་ཀྱི་མཐུན་གཤིབ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་གཉིས་ཀྱི་གཉེན་སྒྲིག་གི་དུས་ནས་མགོ་བཙུགས་ཡོད་ཅེས་བརྗོད་པའི་མཐུན་གཤིབ་དེ་གློ་བུར་དུ་དྲན་གསོ་བཏང་བའི་སེམས་ཚོར་དྲག་པོ་ཞིག་ཏུ་གྱུར་འདུག ཁོང་གིས་ད་དུང༌། བོད་མི་ཚོས་གཙུག་ལག་ཁང་དུ་ཡོད་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་རྣམ་གཉིས་ཀྱི་འདྲ་སྐུ་ལ་ཕྱག་འཚལ་བ་དེས་བོད་མིའི་སེམས་ལ་རྒྱ་མི་ལ་སྡང་སེམས་མེད་པ་མཚོན་གྱི་ཡོད་ཅེས་བརྗོད་ཡོད།

 

ང་ཚོའི་མཐོང་སྣང་ལ་རྒྱ་བཟའ་ཀོང་ཇོའི་འདྲ་སྐུ་ལ་འགྲེལ་བཤད་རྒྱག་པ་འདི་ནི་རྩོད་རྙོག་ཅན་གྱི་མཚོན་རྟགས་ཞིག་རེད་འདུག ཐང་གོང་མ་ཐེའི་ཙོང་གིས་ཆོས་རྒྱལ་སྲོང་བཙན་གྱི་དམག་སྟོབས་ཆེ་བའི་དབང་གིས་འདོད་པ་མེད་བཞིན་དུ་རྒྱ་བཟའ་བོད་དུ་བག་མར་བཏང་བ་ལས་བོད་རྒྱ་མཛའ་མཐུན་གྱི་འདུན་པ་ཞིག་གི་སྒོ་ནས་གནས་ལ་སྟེར་བ་ཞིག་མ་ཡིན། འོན་ཀྱང་ཆོས་རྒྱལ་སྲོང་བཙན་གྱི་རྗེས་འཇུག་ཚོས་རྒྱ་དམག་དང་ཡང་ཡང་འཐབ་འཁྲུག་བྱས་ཡོད་པས་བོད་དང་ཐང་རྒྱལ་རབས་བར་གྱི་མཛའ་འབྲེལ་དེ་དུས་ཚོད་ཐུང་ཐུང་ཞིག་ལས་གནས་ཐུབ་མེད།

 

ང་ཚོས་ཕྱག་འཚལ་བའི་རྩོད་གཞིའི་རྩོམ་ཡིག་ལ་བསམ་བློ་གཏོང་གི་མེད། གཅིག་བྱས་ན་ཁོང་གིས་རྩོད་གཞིའི་དམིགས་ས་ནི་རྒྱ་བཟའ་ཀོང་ཇོ་ནི་རང་དོན་དོར་བའི་བྱམས་ལྡན་གྱི་ཧན་སྲས་མོ་གཟི་བརྗིད་ཅན་ཞིག་དང༌། ཁོ་མོས་ཀླ་ཀློ་ཅན་གྱི་བོད་དེ་ཞི་དུལ་ཅན་གྱི་མི་རིགས་ཞིག་ལ་བསྒྱུར་ཏེ་རྒྱ་ནག་ཁྱིམ་ཚང་ཆེན་མོའི་ནང་དུ་ཁྲིད་པ་དེ་རྒྱ་ནག་གི་ཀློག་པ་པོ་ཚོ་ལ་དམིགས་ཏེ་བྲིས་པ་ཞིག་ཡིན་སྲིད། འོན་ཀྱང་ང་ཚོས་རྒྱ་ནག་གི་ཀླ་ཀློ་དང་ཞི་དུལ་གཉིས་སོ་སོར་གྱེས་ཏེ་ཉོ་བ་ཞིག་མ་རེད་དམ་ཞེས་དོགས་ཟོན་གྱིས་དྲི་བ་འདི་འདོན་གྱི་ཡོད། གཅིག་བྱས་ན་དང་ཐོག་འདི་ནི་བློ་ལྡན་གྱི་བྲིས་རྩོམ་ཞིག་ཡིན་སྲིད་ཀྱང༌། མགོ་རྙོག་ཅན་གྱི་རྒྱ་མི་ཚོས་འདིའི་རྗེས་སུ་ཅི་ཞིག་ཡོང་གི་ཡོད་པ་མཐོང་གི་རེད། དེར་བརྟེན་བོད་མིའི་ཡིད་ཆེས་ཀྱི་དམ་བཅའ་དང་ཐོབ་ཐང་གི་ངོ་བོ་གཞིར་བཟུང་སྟེ། བོད་རྒྱ་ཞི་འགྲིག་གི་འཐབ་རྩོད་བྱ་དགོས། རྒྱུ་མཚན་ནི་རྒྱ་ནག་ནི་སྟོབས་ཤུགས་དང་ཡིད་ཆེས་ལ་བཀུར་མཁན་ཞིག་ལས་ནུས་མེད་དང་ངོ་དགའ་སྤྲེལ་ལད་ཚ་པོ་ལ་བཀུར་མཁན་ཞིག་མ་ཡིན། 

 

༣ (བོད། བཙན་བྱོལ་གྱི་འགྲིམ་འགྲུལ) སྤྱིར་བྲིས་རྩོམ་འདི་ནི་ཕྱི་ལོ་ ༢༠༠༣ ལོར་བློ་སེང་སློབ་མ་ཡིན་སྐབས་སུ་བྲིས་པ་ཞིག་རེད་འདུག འོན་ཀྱང་ང་ཚོས་འདི་ལ་བསྐྱར་ཞིབ་ཅིག་བྱས་པ་ཡིན། རྒྱུ་མཚན་ནི་ཁོང་གི་ལོ་རྒྱུས་གནད་བསྡུས་ནང་འདིའི་སྐོར་བརྗོད་འདུག རྩོམ་ཐུང་འདི་ནི་མཁས་པ་ཚོའི་རྩོམ་ཡིག་དང་མི་འདྲ་བར་འདིའི་ནང་དུ་ཤེས་ཡོན་ལྡན་པའི་བསམ་བློ་གསར་བ་དང་ཁྲིམས་ཀྱི་ཤེས་བྱ། མང་གཙོའི་ལྟ་གྲུབ་དེ་ཙམ་ཞིག་མེད་པ་དང་གནད་དོན་བྱེ་བྲག་པ་ཞིག་གི་སྟེང་ལ་རྟོགས་ཞིབ་གནང་དེ་ལོ་རྒྱུས་ཀྱི་སྙིང་བསྡུས་ཤིག་ལ་གཞི་བཟུང་ནས་བྲིས་འདུག

 

  ཁོང་གིསྋགོང་ས་མཆོག་གིས་མང་གཙོའི་ལམ་ལུགས་ལ་འབད་བརྩོན་ཆེན་པོ་གནང་བའི་སྐོར་ལ་དོ་འཁུར་དང་ཞོར་དུ་ཐེ་ཝན་གྱི་རྩོད་རྙོག་ཁག་ཀྱང་གླེང་འདུག ད་དུང་བཀའ་ཤག་དང་སྤྱི་འཐུས་གཉིས་ཤོག་ཁག་ཕྱོགས་འཐེན་གྱིས་རྐང་རྩེ་སྤོ་ལོ་རི་ཁག་ལྟ་བུ་ཞིག་བསྐྲུན་ཞེས་སྐྱོན་བརྗོད་དང༌།  གོང་ས་མཆོག་ལ་མི་སྙན་པའི་འཆལ་གཏམ་བསྒྲགས་པའི་རྗེས། ྋགོང་ས་མཆོག་གིས་ཇི་ལྟར་མང་གཙོའི་ལམ་ལུགས་དོན་དུ་ཐུགས་འཁུར་ཆེན་པོ་བཞེས་ཏེ་གྲོས་ཚོགས་རྩ་གྲོལ་བཏང་སྟེ་ཕྱི་ལོ་ ༡༩༩༠ ལོར་གྲོས་ཚོགས་འཐུས་མི་འོས་ཤོག་བླུགས་པའི་ལམ་སྲོལ་གསར་བཏོད་གནང་ཚུལ་བཅས་ཀྱང་འབྲེལ་བརྗོད་གནང་འདུག

 

 ཁོང་གིས་རྩོམ་ཡིག་འདིའི་མཇུག་འདི་ལྟར་བསྡུས་འདུག  “ཆོས་ལུགས་རིས་མེད་ཀྱི་མང་གཙོའི་ལམ་ལུགས་ཐོག་ནས་དབུ་ཁྲིད་བདམས་པ་དེ་ནི་ཏ་ལའི་བླ་མ་སྐུ་རྗེ་མའི་ཆོས་ཀྱི་ལས་དོན་གནང་སྐབས། བོད་མི་ཚོ་ལ་ཆབ་སྲིད་ཀྱི་ཐོག་སློབ་སྟོན་དང་ཕན་ཐོག་ཡོད་སྲིད་ཅེས་དང༌། ྋགོང་ས་མཆོག་གི་གནས་བབ་ལ་འདི་ལྟར་བལྟ་བ་ནི་ཁོང་གི་ལས་གནས་དེ་རྩ་ཁྲིམས་ཐོག་ནས་མི་གཅིག་དབང་བསྒྱུར་རིང་ལུགས་ཀྱི་ཁྱད་ཆོས་མཚུངས་པ་ཞིག་ཏུ་སྣང་པ་དང༌། བཀའ་བློན་ཁྲི་བས་སྲིད་གཞུང་གི་དབུ་ཁྲིད་གནང་བ་འདི་ནི་བོད་ཀྱི་སྤྱི་ཚོགས་ནང་ཡར་རྒྱས་ཀྱི་རྣམ་པ་ཞིག་ཏུ་བསམ་གྱི་ཡོད” ཅེས་ཁོང་གིས་བརྗོད་འདོད་ཡོད་པ་ནི་རྩོམ་ཡིག་འདིའི་མཇུག་བསྡོམས་ལས་རྟོགས་ཐུབ་པ་ཞིག་རེད།

 

      ཁོང་གིས་ད་དུང་བོད་ཀྱི་སྐུ་དྲག་དང་དགོན་སྡེའི་སྤྱི་ཚོགས་ལམ་ལུགས་ལ་ཁྱད་མཚར་ཅན་གྱི་འགྲེལ་བརྗོད་ཁ་ཤས་ཤིག་གནང་འདུག དཔེར་ན། “བོད་སྲིད་གཞུང་གི་ཆེས་གྲངས་འབོར་ཆེ་བའི་གཞུང་ཞབས་པ་དག་མི་སེར་དཀྱུས་མ་ཡིན་པ་དང་། བརྒྱའི་ནང་ནས་གཅིག་ཙམ་མ་གཏོགས་སྔར་གྱི་སྐུ་དྲག་རིགས་སུ་གཏོགས་པ་རྐྱང་ཡིན” ཅེས་བརྗོད་འདུག ཅིའི་ཕྱིར་འདི་ལྟར་མི་དམངས་དང་སྐུ་དྲག་རིགས་འགལ་ཟླར་མཐོང་དགོས་དོན་ནི་ང་ཚོས་རྟོགས་ཐུབ་མ་སོང༌། ང་ཚོས་ཤེས་གསལ་ལ་ཁོང་གི་དྲི་བ་ཞིག་འདིར་བཀོད་ན། བོད་ཀྱི་དགོན་སྡེ་ཁག་གི་རྙིང་ཞེན་ཅན་ཚོས་ཆོས་ལུགས་མེད་པའི་མང་གཙོ་ལ་ངོས་ལེན་བྱེད་སྲིད་དམ་ཟེར་བ་འདི་རེད། འདི་ནི་དྲི་བ་ཡག་པོ་ཞིག་ཡིན་པ་དང་ང་ཚོས་ཤེས་འདོད་ཆེན་པོ་ཞིག་ལ་ཁོང་ཁ་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་ཏུ་ཕྱིན་སྐབས་གོང་གི་དྲི་བ་ལ་ལན་ཞིག་རག་ཡོད་མེད་དེ་རེད། 

 

   ད་དུང་གལ་འགངས་ཆེ་བའི་བསམ་ཚུལ་ཞིག་བརྗོད་ན། ཁོང་གིས་ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་གྱི་བོད་དེ་ཞིང་བྲན་སྤྱི་ཚོགས་ཤིག་ཡིན་པ་དང་བོད་ཀྱི་གྲྭ་བ་ཚོ་དང་མི་ཆེན་ཚོས་དེང་རབས་ཅན་ལ་ངོ་རྒོལ་གྱི་རྣམ་པ་སྟོན་པ་ལ་སོགས་ཀྱི་འགྲེལ་བརྗོད་བྱས་པ་དེ་ལ་ང་ཚོས་མོས་མཐུན་བྱེད་ཀྱི་མེད།  ཞིང་བྲན་རིང་ལུགས་ཞེས་པའི་མིང་ཚིག་འདི་ནི་དུས་རབས་དཀྱིལ་མ་སྟེ་ཕྱི་ལོ་ ༦༠༠ ནས་ ༡༤༥༠ ཡུ་རབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ལམ་ལུགས་ནང་ཡོད་པའི་དམིགས་བསལ་གྱི་ཐ་སྙད་ཅིག་རེད། ༡༩༥༩ ལོའི་ཡར་སྔོན་བོད་ཀྱི་སྤྱི་ཚོགས་ནི་ཡུ་རོབ་ཀྱི་ཞིང་བྲན་ལམ་ལུགས་དང་མི་འདྲ་བའི་ཆ་མང་པོ་ཡོད། ང་ཚོས་ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་གྱི་བོད་ནི་ཞིང་བྲན་ལམ་ལུགས་རེད་ཟེར་བའི་འགྲེལ་བརྗོད་དེ་ལ་མཐའ་གཅིག་ཏུ་མོས་མཐུན་བྱེད་ཀྱི་མེད། ཁོང་གིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ་རང་ཉིད་བོད་ཀྱི་མཁས་པ་ངོ་མ་ཞིག་ཡིན་པ་སྟོན་པ་ལ་རྒྱ་ནག་གི་ཁྱབ་བསྒྲགས་ཀྱི་མིང་ཚིག་དེ་དག་ནེ་ཙོ་ལྟ་བའི་ཀླད་ཟློས་བྱེད་མི་དགོས། མཐའ་མ་དེ་ལ། ང་ཚོས་དཔག་ཚོད་བྱས་ཏེ་བརྗོད་ཐུབ་པ་ཞིག་ལ་ཁོང་གིས་བླ་མ་ཞེས་བའི་འགྲེལ་བརྗོད་ ༡༥ དེ་དག་ནི་ཏཱ་ལའི་བླ་མ་ཞེས་པ་ཞུ་དག་སྐབས་ནོར་འཁྲུལ་ཤོར་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།

 

༤ (ཁྲིམས་མཐུན་གྱི་རང་སྲིད་རང་སྐྱོང་གི་བོད། བོད་ཀྱི་ཁྲིམས་རྩོད་པ་ཞིག་གི་ལྟ་ཚུལ། ༢༠༠༨ལོར་དཔར) སྟབས་མ་ལེགས་པ་ཞིག་ལ་ཤོག་སྣེ་གསུམ་ཅན་གྱི་བྲིས་རྩོམ་འདི་ལས་ཏོག་ཙམ་ཞིག་མ་གཏོགས་བརྗོད་ཐུབ་ཀྱི་མི་འདུག འོན་ཀྱང་གསལ་བོ་ཞིག་རྟོགས་ཐུབ་པ་ནི་བོད་ཀྱི་རང་སྲིད་རང་སྐྱོང་གི་བདག་དབང་ཀྲུང་ཧཱ་མི་མང་སྤྱི་མཐུན་རྒྱལ་ཁབ་དང་རྩོད་ཀྱིན་འདུག ཡིན་ན་ཡང་ཡིད་ཕངས་པ་ཞིག་ལ་དཔྱད་གཞིའི་རྒྱུ་ཆ་མང་དག་ཅིག་ལག་སོན་མ་བྱུང༌།

 

བཞི་བ། མཇུག་བསྡོམས།

 

སེང་གེ་ལོ་ངོ་དྲུག་ཙམ་གྱི་གོང་སློབ་མཐར་ཕྱིན་རྗེས་ཀྱི་རྩོམ་ཡིག་གསུམ་པོར་དཔྱད་ན་ཁོང་ཚད་ལྡན་གྱི་མཁས་དབང་ཞིག་ལ་ད་དུང་གྱུར་མི་འདུག་ལ། གང་ལྟར་ད་དུང་ཡང་ངེས་པར་དུ་རྩོམ་ཚད་ལྡན་རིང་པོ་ཁུངས་ལུང་ལྡན་པ་མཁས་པའི་ཁྱད་ཆོས་མཚུངས་ཞིང་ཆ་ཚང་བའི་རྩོམ་འབྲི་གནང་སྟེ་ཚད་ལྡན་གྱི་དུས་དེབ་ཁག་ཏུ་བཀོད་དགོས་ཀྱི་འདུག འདི་ནི་ཁོང་ལ་སྐྱོན་བརྗོད་བྱས་པ་ཞིག་མ་ཡིན་པར་ཁོང་གིས་ད་བར་བྲིས་པའི་རྩོམ་ཡིག་ལ་དཔྱད་པ་ཕྲན་ཙམ་བྱས་པ་ཞིག་ཡིན།

 

 ཁོང་གིས་དཔར་སྐྲུན་བྱས་ཟིན་པའི་རྩོམ་ཡིག་དག་གི་ནང་དོན་ལ་གཞིགས་ན་མང་གཙོ་ལ་དོ་འཁུར་དང་བོད་རྒྱའི་རྩོད་རྙོག་དེ་སེལ་ཐབས་ལ་འབད་ཀྱིན་འདུག་པས་ངེས་པར་དུ་དགའ་བསུ་ཞུ་འོས་བ་ཞིག་རེད། ང་ཚོའི་མཐོང་སྣང་ལ་ཁོང་གི་གནས་སྟངས་ཁ་ཤས་ཤིག་ནི་ད་དུང་དཀྱུས་མ་ཞིག་ཡིན་པར་སྣང༌། ང་ཚོས་འདིར་ཁོང་གིས་རང་སྲིད་རང་སྐྱོང་ཐོག་ལ་དམིགས་སུ་འགྲེལ་བ་དག་ཚང་མ་གླེང་དགོས་བ་མ་མཆིས། ཁོང་གིས་རང་མོས་ངང་ནས་བོད་ཀྱིས་གདོང་ལེན་བྱེད་བཞིན་པའི་གནད་གལ་ཆེ་བའི་གནད་དོན་ཁག་ལ་གདོང་ལེན་བྱེད་བཞིན་པ་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། ང་ཚོའི་རེ་བ་ལ་མ་འོངས་པར་བོད་མི་དེ་ལས་མང་བ་ཞིག་གིས་འདི་ལྟ་བུའི་བགྲོ་གླེང་གནང་བའི་རེ་བ་དང༌། བགྲོ་གླེང་འདི་ལྟ་བུས་རྒྱལ་སྤྱིའི་གནས་བབ་ལ་གོ་རྟོགས་དང་རྒྱ་ནག་གི་རྩ་ཁྲིམས་ཐོག་ཤེས་རྒྱ་ཆེ་རུ་གཏོང་ཐུབ།

 

   འདི་དག་ནི་ང་ཚོ་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པའི་བསམ་ཚུལ་ཡིན། ང་ཚོ་ཚང་མ་ཁྲིམས་རྩོད་པ་རྐྱང་རྐྱང་ཡིན་པ་དང་ཚད་ལྡན་མཁས་པ་ཚོ་ལ་རིན་ཐང་འཇལ་བའི་ཉམས་མྱོང་མི་དམན་པ་ཞིག་ལྡན་ཡོད། ང་ཚོས་དགོངས་ཚུལ་གཞན་པ་ཡོད་ན་དགའ་བསུ་ཞུ་བཞིན་ཡོད་ལ། གལ་སྲིད་ད་དུང་མཁས་དབང་སེང་གེ་ལགས་ཀྱི་ཐུགས་དགོངས་ལ་ང་ཚོས་བཤད་པའི་སྐད་ཆ་ནོར་འཁྲུལ་ཅན་དང་། མ་དག་པ་བརྗོད་ཡོད་པར་དགོངས་ན་ང་ཚོས་གུས་པའི་ངང་ནས་ཁོང་ལ་འགྲེལ་བརྗོད་དུ་ཕེབས་པའི་སྣེ་ལེན་ཞུ་བཞིན་ཡོད།།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༡ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 17

  1. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གངས་རིའི་བུ་ལགས་ངའི་རེ་བ་བྱེད་སར་བཀྲས་མཐོང་ཡིན།།།།
    ངས་བཀྲས་མཐོང་ལགས་སུ་རྒྱབ་སྐྱོར་བྱས་དགོས་པའི་རྒྱབ་ལྗོངས་རྣམས་བཤམ་གསལ།
    ༡་་་བཀྲས་མཐོང་ལགས་བོད་ཡིག་དང་བོད་ཀྱི་རིག་གནས་ཐོག་ཏུ་ཤེས་ཚོད་འདང་ངེས་ཀྱི་མཁས་དབང་ཞིག་ཡིན་པས་ཡིན།
    ༢་་་བཀྲས་མཐོང་ལགས་དབྱིན་ཡིག་དང་ནུབ་ཕྱོགས་རིག་གནས་ཐོག་ཏུ་ཤེས་ཚོད་འདང་ངེས་ཀྱི་མཐོ་སློབ་ཀྱི་བློ་སྟོན་པ་ཞིག་ཡིན་པས་ཡིན།
    ༣་་་བཀྲས་མཐོང་ལགས་འདབ་གཤོག་གཉིས་ལྡན་གྱི་མཁས་དབང་ཉམས་མྱོང་ཅན་ཞིག་རེད་འདུག་པས་ཡིན།
    ༤་་་བཀྲས་མཐོང་ལགས་ནི་བོད་རྒྱ་ཆེན་མི་དམངས་ཀྱི་བསམ་ཚུལ་དང་དམིགས་ཡུལ་ལ་གུས་བཀུར་ཡོད་མཁན་ཞིག་རེད་པས་ཡིན།
    ༥་་་བཀྲས་མཐོང་ལགས་ནི་བོད་རྒྱ་ཆེ་མི་དམངས་ཀྱི་འཚོ་བའི་ལྟོ་གོས་སུ་བསམ་གཞིགས་ཡོད་མཁན་ཞིག་རེད་འདུག་པས་ཡིན།
    ༦་་་བཀྲས་མཐོང་ལགས་ནི་འུར་གཏམ་ཁོ་ན་མི་བཤད་པར་དོན་གྱི་གནད་ལུགས་ཐོག་ཏུ་ཕུངས་རྒྱང་རིང་པོར་བསམ་བློའི་རྒྱབ་ལྗོངས་ཡོད་མཁན་ཞིག་རེད་འདུག་པས་ཡིན།
    ༧་་་བཀྲས་མཐོང་ལགས་བཀའ་ཁྲིར་ཕེབས་པ་ཡིན་ན་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཉམ་ཐག་ལས་མེད་རྣམས་ཨ་རི་ལ་ལེན་ཐུབ་པའི་རེ་བ་ཆེ་བས་ཡིན།
    ༨་་་བཀྲས་མཐོང་ལགས་བཀའ་ཁྲིར་ཕེབས་པ་ཡིན་ན་བོད་ཀྱི་རྒྱལ་དར་དང་བོད་གཞུང་སྲུང་སྐྱོབ་ཡག་པོ་བྱེད་ངེས་འདུག་པས་ཡིན།
    ༩་་་བཀྲས་མཐོང་ལགས་བཀའ་ཁྲིར་ཕེབས་ཐུབ་པ་ཡིན་ན་བོད་ཀྱི་གཞོན་ནུ་ཚོགས་པ་དང་ཆུ་སྒང་གཉིས་ཀྱི་མགོ་ཐོག་ཏུ་ཉི་ཟེར་ཤར་བའི་རེ་བ་ཆེ་བས་ཡིན།
    ༡༠་་བཀྲས་མཐོང་ལགས་ནི་བོད་མི་སྟོང་ཕྲག་མང་པོའི་མདུན་ལམ་གྱི་ཆེད་དུ་བཀའ་དྲིན་ཆེ་བས་ཡིན།

    ༡༡་་་མདོ་ཁམས་སྒང་དྲུག་ཡུལ་གྱི་སྐྱེ་བོ་མཆོག་ཏུ་གྱུར་པ་མི་རྗེ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་བཀའ་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་རྣམ་གྱིས་ཀྱང་བཀྲས་མཐོང་ལགས་སུ་རྒྱབ་སྐྱོར་བྱས་ཡོད་པས་ཡིན།

    Reply
  2. གངས་རིའི་བུ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ཁྱེད་ཀྱིས་བློ་སེང་ལ་སྐྱོན་བརྗོད་བྱེད་དོན་ཅི། ཡང་ན་ཁྱེད་ཀྱི་བཀའ་ཁྲི་དེ་སུ་ཡིན་ནམ། ཁྱེད་རང་མ་ཡིན་ནམ།?????????????????སྣང་བ་སྐྱིད་འདོག་ལགས།

    Reply
  3. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    དཀར་པོ་དུང་གི་རང་མདོག་དེ། ཁྲིག་ནད་ཅན་གྱིས་སེར་པོ་མཐོང་། ཟེར་བའི་གཏམ་དཔེ་འདི་ཕྱོགས་རིས་ཀྱི་མིག་ཡ་ལས་མེད་མཁན་འདི་ཚོའི་གྲས་ལ་དམིགས་ནས་གསུངས་པ་ལོད་ཡིན། མ་གཞི་མཁས་དབང་ཡིན་མིན་ཚད་འཇལ་མཁན་མི་བུ་དེ་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་ཤེས་བྱའི་གནས་ལ་གདེང་ཚོད་རྙེད་ཞིང་དངོས་ཡོད་ལ་གཞི་བཅོལ་ནས་དྲང་བདེན་གྱི་རྒྱབ་ལ་ལངས་ཕོད་མཁན་ཞིག་དགོས་མོད། ཁྱེད་ཅག་གི་བྱིས་པའི་རྩེད་མོ་ལྟ་བུ་འདི་ཚོས་བོད་མི་དམངས་མགོ་བསྐོར་གཏོང་མི་ཐུབ་པ་ཁ་ཚོན་གཅོད་ནས་བཤད་ཐུབ་བོ།།

    Reply
  4. པད་བསྟན། says:
    ལོ་ 15 སྔོན།

    ྆྆྆རྩོམ་ཡིག་འདིའི་ནང་དུ་དགོས་མི་དགོས་གཉིས་ཀ་ཁུངས་དག་མོ་བྱས་ནས་བཤད་མི་འདུག གོང་གི་གྲོགས་པོ་ཞིག་གིས་བཤད་པ་ལྟར་དྲང་ཚུགས་དགོས་པ་རེད།

    Reply
  5. པད་བསྟན། says:
    ལོ་ 15 སྔོན།

    ྆྆྆རྩོམ་ཡིག་འདིའི་ནང་དུ་དགོས་མི་དགོས་གཉིས་ཀ་ཁུངས་དག་མོ་བྱས་ནས་བཤད་མི་འདུག གོང་གི་གྲོགས་པོ་ཞིག་གིས་བཤད་པ་ལྟར་དྲང་ཚུགས་དགོས་པ་རེད།

    Reply
  6. Tibetan girl says:
    ལོ་ 15 སྔོན།

    བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་དབྱེ་ཞིབ་བྱེད་སྟངས་ཀྱི་རིགས་ལམ་དང། དབྱེ་ཞིབ་བྱ་ཡུལ་གྱི་གནད་དོན། ཡང་ན་དབྱེ་ཞིབ་བྱས་པའི་མཐའ་བསྡོམས་བཅས་ཚང་མར་ཡིད་འགུག་བློ་བྲིད་ཀྱི་ཁྱད་ཆོས་ཐོན་འདུག
    བདེན་པ་རེད། བློ་བཟང་སེང་གེ་ལ་མཁས་དབང་གི་མཚན་གནས་ཤིག་ཕུལ་འདུག ཁོང་གིས་སློབ་སྦྱོང་གི་བརྒྱུད་རིམ་དང་། ཤེས་ཚད་ལག་འཁྱེར་སོགས་ཀྱི་ཐོག་ནས་དེ་ལྟར་བརྗོད་བཞིན་པ་འདྲ། འོན་ཀྱང་འདི་དག་རྩ་བའི་ཆ་ནས་ཕྱི་ཚུལ་གྱི་དོན་དག་ཅིག་ཡིན།
    ང་ཡང་བློ་བཟང་སེང་གེའི་གཏམ་བཤད་དང་རྩོམ་ཡིག་སོགས་ལ་དོ་སྣང་གང་ཟབ་ཀྱིས་ལྟ་ཞིབ་བྱེད་མཁན་ཞིག་ཡིན། བློ་ཕམ་དང་བཅས་བརྗོད་འདོད་པ་ཞིག་ཡོད་པ་ནི་ཁོང་གི་བསམ་བློའི་ཆ་ལ་མཁས་དབང་གི་ཁྱད་ཆོས་གཏན་ནས་མེད་པ་དེ་རེད། ངས་འདིའི་ཐད་ནས་དཔེ་མཚོན་འགའ་ཞིག་བརྗོད་ཀྱི་ཡིན།
    གཅིག བློ་སེང་གིས་དུས་རྒྱུན་གསར་འགྱུར་གང་འཚམས་ཀློག་གི་ཡོད་འདུག དེའི་ཕྱིར་ཁོང་གིས་འཛམ་གླིང་གི་ཕྱི་ཚུལ་གྱི་འགྱུར་ལྡོག་སྐོར་ཞིག་མཐོང་གི་ཡོད། འོན་ཀྱང་ཁོང་གིས་འཛམ་གླིང་འདི་ཅི་ལྟར་འགྱུར་ལྡོག་འགྲོ་ངེས་ཡིན་པའི་སྐོར་ལ་བསམ་གཞིགས་དང་ལྟ་སྟངས་གང་ཡང་མེད། མ་མཐའ་ཡང་ཁོང་གི་སྐབས་ཐོག་གི་གནས་ཚུལ་གྱིས་སྐབས་ཐོག་གི་གནས་ཚུལ་ལ་འགྲེལ་བརྗོད་བྱེད་མཁན་ཙམ་ཞིག་རེད།
    གཉིས། བློ་སེང་གིས་རྩོམ་ཡིག་དང་སྐད་ཆ་གང་ཡིན་རུང་ཀློག་པ་དང་ཉན་པ་པོ་དག་གི་ཁོར་ཡུག་ལ་བལྟས་ནས་དེ་དག་བློ་ཁ་འབྲིད་ཐབས་བྱེད་ཀྱིན་པའི་ཁྱད་ཆོས་ཆེན་པོ་ཡོད། དེའི་ཕྱིར་ཁོང་གིས་སྐད་ཆ་དག་ལ་རྩ་འཛིན་མེད་པ་དང་། ཟུར་སྣེ་མང་བ། སུས་ཀྱང་འཇུས་ཆོག་ཆོག་གི་སྐྱོན་ཆ་མང་པས་ཁོང་གི་སྐད་ཆ་གང་ཞིག་ཁོང་གི་ལྟ་ཚུལ་ངོ་མ་ཡིན་མིན་ལ་ཡང་དོགས་པ་བྱེད་དགོས་པའི་ཚད་དུ་ཡོད།
    གསུམ་པ། བློ་སེང་གིས་ད་ཐེངས་ཆབ་སྲིད་ཀྱི་སྟེགས་བུར་ཐོན་ནས་བཤད་པའི་སྐད་ཆ་གསུམ་སྟེ། ཆིག་བསྒྲིལ་དང། གསར་བཏོད། རང་མགོ་རང་ཐོན་གསུམ་གྱི་རྩ་འཛིན་འདི་ཡང་ཚིག་རིས་ཀྱི་ངོས་ནས་བལྟས་ན་སྙིང་རྗེ་བོ་ཡོད་ཀྱང་། གནད་འགག་འདི་གསུམ་ལ་གཏིང་ཟབ་པའི་ལྟ་ཚུལ་དང་། ཡང་དག་པའི་བྱེད་ཕྱོགས། ཆ་ཚང་བའི་འགྲེལ་བརྗོད་ཅིག་བློ་སེང་རང་ཉིད་ལ་བྱེད་རྒྱུ་མེད་པས། བློ་སེང་ནི་དོན་ལས་ཚིག་སྨྲ་བ་ཙམ་དུ་མཐོང་ཤུགས་ཆེ་རུ་སོང་ཡོད།
    བཞི་པ། ངས་བློ་སེང་ན་གཞོན་ཡིན་པ་དང་། བློ་སེང་དེང་དུས་ཀྱི་ཤེས་ཡོན་ཅན་གྱི་རིགས་སུ་གཏོགས་པ་སོགས་ཀྱིས་བློ་སེང་ལ་རྒྱབ་སྐྱོར་བྱེད་འདུན་ཆེ་མོད། བློ་སེང་གིས་ཕྱི་ཚུལ་རིང་ལུགས་དང་། ཚོར་སྣང་རིང་ལུགས་། སྐབས་འཚོལ་རིང་ལུགས། ད་དུང་མ་ཡིན་ཡིན་མདོག་གི་སྤྱོད་ཚུལ་དང། སྤྱོད་ཚུལ་དེ་དག་གི་རྒྱབ་ངོས་སུ་ལྷག་པའི་ཁོང་གི་བསམ་བློའི་སྟེང་གི་ཞན་ཆ་མང་པོ་ཞིག་གིས་ཁོང་ལ་མཁས་དབང་ཞེས་བརྗོད་པའི་ཆ་རྐྱེན་ཐད་ལ་དོགས་གཞི་ཆེན་པོ་བྱུང།
    ལྔ་བ། འདི་ལྟར་བརྗོད་ན་བློ་སེང་སྐྱོན་བརྗོད་ཀྱི་ཆེད་དུ་མིན། བློ་སེང་ལ་མཁས་དབང་ཞེས་བརྗོད་པ་ཡོངས་ཁྱབ་ཏུ་གྱུར་བའི་སྐབས་སུ། བློ་སེང་མ་ངོ་མ་དང། ཁོང་གི་མཁས་པའི་ཁྱད་ཆོས་ཤེས་འདོད་ཀྱི་འཚོལ་ཞིབ་བྱེད་སྐབས། ངས་བློ་སེང་ལས་མཁས་པའི་ཁྱད་ཆོས་མཐོང་མ་ཐུབ་པའི་སྔོན་ལ་ཁྱད་ཆོས་གཞན་མང་དག་ཅིག་མཐོང་བྱུང་འདིར་བཀོད་པ་ཙམ་ཡིན།

    Reply
  7. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཚེ་རིང་དོན་གྲུབ་མཆོག་གིས་དཀའ་ཚེགས་ཆེན་པོས་བོད་གནས་ཉམས་ཞིབ་པའི་རྩོམ་ཡིག་འདི་ལྟ་བུ་བོད་སྒྱུར་བྱས་པ་ལ་དགའ་བསུ་ཞུ་ ཁོ་བོའི་ེརེ་བ་ལ་ཁྱེད་ཀྱི་སྒྱུར་རྩོམ་དེ་དག་དེབ་ཐོག་པར་སྐྲུན་ཞུས་ཐུབ་ན་ཡག་པོ་ཡོང་རྒྱུ་རེད་སྙམ་ ཁྱེད་ཀྱི་སྒྱུར་རྩོམ་ཡང་ཞེ་དྲག་ཡག་པོ་འདུག་

    Reply
  8. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ལོ་གསར་པ་ལ་མཁས་དབང་བློ་སེང་རྒྱས་གྱུར་ཅིག་
    སྤུན་ཟླ་ཡོངས་ལ་བོད་རྒྱལ་ལོ་༢༡༣༨་ལྕགས་མོ་ཡོས་ཀྱི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་།

    ལོ་གསར་པ་ལ་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོངས་བའི་བཀྲ་ཤིས་སྨོན་འདུན་ཞུ་།
    བཀྲ་ཤིས་བདེ་ལེགས་་་་་་་བཀྲ་ཤིས་བདེ་ལེགས་་་་་་་་བཀྲ་ཤིས་བདེ་ལེགས་་་།
    བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོགས་།།
    ཡུལ་གྱར་བ་ལི་ཐང་བསྟན་འཛིན་འཕགས་པ་ནས་སྤྱི ༢༠༡༡ ཟླ ༣ ཚེས ༢ ཉིན་ཕུལ་།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་མཆོད་འཇམ་ཚུལ་ལགས་་་་་་Yong K. Kim་ཞེས་པ་འདི་རྒྱལ་ཁབ་གང་གི་སྐད་རེད་དམ། རྒྱ་མི་སྐད་ནི་དོགས་མེད། Yong K. Kimཞེས་པའི་ཚིག་འདིར་འགྲེལ་བཤད་ཤིག་གནང་རོགས་ཞུ།

    Reply
  10. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    མཁས་པའི་ཡོན་ཏན་འཇལ་བ་ལ་ཐོག་མར་ཁོ་བོའི་དཔར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་དག་ལ་ངེས་པར་དུ་གཟབ་ནན་གྱིས་ལྟ་དགོས། ཟེར་བ་དེ་གོ་མ་སོང་། ཁོ་བོ་ཞེས་པ་དེ་བོད་ཀྱི་ཆབ་སྲིད་སྐྱ་རྫུན་གྱི་རྩོམ་སྒྲིག་པར་གོ་དགོས་པ་མི་འགྲོ།།

    Reply
  11. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ལོ་ཙ་བའམ་དཔྱད་རྗོད་པ་གང་རུང་གིས་འདི་ལུས་འདུག
    His Doctorate dissertation, titled Democracy and History of the Tibetan Government-in-Exile from 1959-2004 was awarded the Yong K. Kim’ 95 Prize for excellence.
    “ཁོང་གི་འབུམ་རམ་དམ་བཅའི་རྩོམ་ཡིག མིང་ལ་ དམངས་གཙོ་དང་༡༩༥༨་ནས་༢༠༠༤་བར་གྱི་བཙན་བྱོལ་བོད་གཞུང་། ཞེས་པ་ལ་ཡོང་ ཁེ་ ཁིམ ༩༥་ཁྱད་འཕགས་ཀྱི་བྱ་དགའ་ཐོབ།”་ཅེས་པ་ནི་ཁོ་བོས་བསྒྱུར་བ་ལགས།
    ལར་ནས་དཔྱད་བརྫོད་འདི་ནི་ཁོང་ལ་མཁས་དབང་ཞེས་པ་དེ་འཇུག་མིན་ལ་དཔྱད་རྗོད་སྤེལ་བ་ཞིག་ཡིན་ཁོ་བོས་སྔར་མ་ཡིག་ལས་མཐོང་སོང་།
    དྲ་གྲོགས་ཚོ། ང་ཚོ་ནི་ཤེས་ཡོན་པ་ཡིན་པས་དྲང་དགོས།་

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་འོས་ལངས་ལགས། བཀའ་ཁྲིའི་འོས་མི་བློ་སེང་གི་བོད་ཡིག་ཡག་པོ་ཤེས་ཀྱི་མེད་པར་དངོས་ཡོད་ཚུལ་རེད། བོད་ནང་གི་གཞིར་ལུས་བོད་མི་གཞོན་སྐྱེས་ཚོས་རང་སྲོག་བཏང་བྱས་ནས་བོད་མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་གི་ཆེད་དུ་འཐབ་བརྩད་བྱས་ཀྱི་ཡོད་པ་ཡང་དངོས་ཡོད་གནས་ཚུལ་རེད།

    སྔོན་མ་དུས་བབ་དྲ་ཐོག་ཏུ་བོད་ཡིག་གི་ཐོག་ནས་རྩོམ་ཡིག་བྲིས་པ་དེར་བློ་སེང་ཁོང་རང་གིས་བྲིས་པ་མིན་ཞེས་གསལ་བཤད་གནང་སོང་། སྤྱིའི་ཆ་ནས་བཙན་བྱོལ་ནང་དུ་བོད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་ཧང་ཅང་སྐྱོ་བོ་རེད། དེའི་གོང་དུ་བཀའ་ཁྲི་བོད་ཡིག་ཡག་པོ་མི་ཤེས་མཁན་ཞིག་སླེབས་པ་ཡིན་ན་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཆུང་རེ་འགྲོེ་བ་ནི་ཞུ་མ་དགོས་པ་ཞིག་རེད།

    ༡་་་་་བོད་ཡིག་ཡག་པོ་མི་ཤེས་པའི་བཀའ་ཁྲི་ཞིག་དགོས་མཁོ་མེད།
    ༢་་་་འུར་བཤད་མ་གཏོགས་མེད་མཁན་ཞིག་ལ་ཡིད་ཆེས་མེད།
    ༣་་་་རྒྱ་དགའ་མ་ཞིག་ལ་བོད་མི་རིགས་ཀྱི་བཀའ་ཁྲིའི་འོས་བབ་མེད།
    ༤་་་་རྒྱ་ཆེན་མི་དམངས་ཀྱི་བསམ་ཚུལ་ལ་གུས་བཀུར་མེད་མཁན་ཞིག་ལ་ཚད་ལྡན་འགོ་ཁྲིད་ཀྱི་རེ་བ་མེད།

    བོད་རྒྱལ་ལོ། བོད་ཡིག་རྒྱལ་ལོ། བོད་མི་རྒྱལ་ལོ།

    ལྷོ་ཕྲུག་སྣ་བོ་ཆེན་ལགས། མཐོང་ཡ་འདྲ་གཅིག་ཡོད་པར་དགའ་པོ་བྱུང་། དུས་ཡུན་དེ་དག་གི་ནང་དུ་ཁྱེད་རང་མཐོང་ཡ་མེད་ལུགས་སུ་བལྟས་ན་མཛད་ཁྲི་རྒྱས་བཞིན་ཡོད་པར་འདྲ།་་ཧཧཧཧ ཕག་སྣ་ལགས། མ་རེད་པས།

    Reply
  13. འོས་ལངས། says:
    ལོ་ 15 སྔོན།

    དངོས་གནས་ཁྱད་མཚར་ལ། བློ་སེང་གི་རྫུན་རྐུབ་ནི་ཉིན་རེར་ཉིན་རེར་བརྡོལ་ཡོང་གི་འདུག དེ་ནི་ས་པན་གྱིས་༼དམན་ལ་སྤྱོད་པ་བཟང་བྱུང་ཡང་༎ དེ་ནི་བཅོས་མའི་རྣམ་ཐར་ཡིན༎ ཤེལ་ལ་ནོར་བུས་ཁ་བསྒྱུར་ཡང་༎ ཆུ་དང་འཕྲད་ན་རང་མདོག་བསྟན༎༽ཞེས་གསུངས་པ་དང་གཉིས་སུ་མ་མཆིས། བློ་སེང་ལ་དབྱིན་ཡིག་གི་ཤེས་ཚད་དེ་ཙམ་ལས་མེད་པ་ནི་ཡ་མཚན་རེད། སྔོན་ཆད་༼ བོད་ཀྱི་དུས་བབ་༽དང་། ༼ བོད་ཀྱི་བང་ཆེན་༽ཚགས་ཤོག་བཅས་སུ་བློ་བཟང་སེང་གེའི་མིང་ཐོག་ནས་བྲིས་པའི་བོད་རྩོམ་དེ་ཚོ་ལ་ཡང་བསྐྱར་ཞིབ་ཅིག་ངེས་པར་དུ་བྱ་དགོས་པ་འདུག དེ་ཚོ་ཁོང་གིས་དངོས་བྲིས་ཡིན་ཞེས་བརྗོད་པ་ཁོང་གི་དྲིས་ལན་ཞིག་གི་སྐབས་སུ་མཐོང་བས། དངོས་གནས་བློ་སེང་གིས་བོད་ཡིག་རང་རྐྱ་འཕེར་བ་དེ་འདྲ་ཞིག་མཁྱེན་གྱི་ཡོད་དམ་ཞེས་འདྲི་འདོད་བྱུང་སོང་། གལ་སྲིད་མེད་ན་ནི་བྱེད་སྟངས་དེ་ཡང་བོད་མི་མང་ལ་མགོ་སྐོར་གྱི་རྣམ་པ་ལྟ་བུ་ཞིག་ཆགས་འདུག་གཱ

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    མཁས་པ་ཡིན་མིན་གྱི་ས་མཚམས་དེ་གང་འདྲ་ཞིག་གི་ཐོག་ནས་འཛིན་གྱི་ཡོད་ན།
    ཐོག་མར་དེ་གཙང་མ་བཟོ་དགོས་ཀྱི་འདུག དོན་དམ་ཤེས་ཚད་ཀྱི་ཆ་ནས། ཡང་ན་སློབ་ཐོན་ལག་འཁྱེར་གྱི་ཆ་ནས། ག་རེའི་ཐོག་ནས་རེད།
    སློབ་དཔོན་གྱི་ལག་འཁྱེར་བསྣམས་ནས་དོན་གྱི་ཆུ་ཚད་མེད་མཁན་མང་ཐག་ཆོད་འདུག
    ང་ཚོའི་སྤྱི་ཚོགས་ནང་དོན་དག་གསལ་ཁ་མེད་ཅིང་། དབྱེ་མཚམས་གཙང་མ་ཕྱེ་མེད་པའི་དོན་དག་རིགས་ཤིག་ནི་མཁས་པ་ཟེར་བ་དང་རྩོམ་པ་པོ་ཟེར་བ་འདི་རིགས་རེད།
    ཐོག་མར་འདི་དག་གསལ་པོ་བཟོ་རོགས།

    Reply
  15. བོད་པ་ says:
    ལོ་ 15 སྔོན།

    ཁ་སྔོན་གྲ་ས་ནས་འུར་འདྲོག་བྱས་ནས་བློ་སེངས་སྔོན་འགྲོ་བླུགས་པ་ནི་་་བློ་སེང་གིས་་་བོད་ཀྱི་དགོན་སྡེ་ཁག་གི་རྙིང་ཞེན་ཅན་ཚོས་ཆོས་ལུགས་མེད་པའི་མང་གཙོ་ལ་ངོས་ལེན་བྱེད་སྲིད་དམ་ཟེར་བ་འདི་ཆེད་དུ་ཡིན་རྒྱུ་རེད། ཧ ཧཧཧ། འོ་ན། བློ་སེང་ཁོ་ཆོས་མེད་མང་གཙོ་བ་ཞིག་རེད་དམ། གྲ་སའི་བླ་རྒན་ཚོ་ཆོས་མེད་པ་ཆགས་པ་རེད།

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རིགས་གནས་པ་རྣམས་ནས་ཁ་ཁུ་སིམ་པོར་མི་ཞུགས་པ་བཀའ་ཁྲིའི་འོས་དམིགས་གསུམ་ཀ་ལ་བསྐྱར་ཞིབ་དང་བཅད་སྡུར་ལྷུག་པོ་གནང་ནས་མི་མང་ལོག་ལམ་དུ་བསྐྱོད་མཁན་དག་སྐྱོབས་ཐབས་མཛད་དགོས་པ་ནི་རིག་གནས་པ་དག་གི་ལྡོག་ཏུ་མེད་པའི་འགན་འཁྲི་ལགས་པས་གོང་གི་བློ་སེང་གི་རྩམ་ཆོས་དག་ལ་བཅད་སྡུར་གནང་བ་ནི་འོས་བཞིན་མཚམས་ཞིག་དང་། བསམ་མེད་གཞོན་སྐྱེས་མང་པོ་རྨོངས་གཉིད་ལས་སློང་བའི་ཅོང་བརྡ་སོན་པོར་གནས་པས་རྗེས་སུ་ཡིད་རང་དང་།
    སླད་ནས་འོས་དམིགས་གཞན་གྱི་དགེ་སྐྱོན་རྣམས་དམར་རྗེན་དུ་དྲྭ་རྒྱ་ཁག་དང་གསར་ཤོག་ཁག་ཏུ་སྟོན་གནང་ནས་མི་མང་གི་མིག་ཕྱེ་སྟེ་ ༢༠༡༡ ལོའི་བཀའ་ཁྲི་དེ་གཞི་བྱེས་བོད་མི་ཡོངས་ཀྱི་བདེ་སྡུག་དང་བོད་མི་རིགས་དང་། བོད་ཀྱི་རིགས་གཞུང་། བོད་མི་རིགས་བཅས་སོན་པོར་གནས་ཐབས་དང་འབྲེལ་ཆེན་པོ་ཡོད་པ་ཧ་ཅང་བརྗོད་མེད་ཡིན་པས་མ་ནོར་བ་མ་འཁྲུགས་པ་ཞིག་ཡོངས་རྒྱུར་ཚང་མས་ཞོགས་འདེགས་གནང་དགོས་པ་མཐོང་།

    ཞར་བྱུང་གི་ཚུལ་དུ་ཞུ་རྒྱུ་གཞན་ཞིག་ལ་མཁས་དབང་བློ་སེང་ལགས་ཀྱི་ཕྱག་རྩོམ་དག་བོད་སྒྱུར་གནང་ནས་དྲྭ་རྒྱ་ཁག་དང་གསར་ཤོག་དག་ཏུ་འདོན་སྤེལ་ཐུབ་པ་ཡིན་ན་བོད་ཡིག་ཁོ་ན་ལས་མི་ཤེས་པའི་རྨོངས་པ་བདག་འདྲ་བ་མང་པོར་ཕན་དོགས་ཡོངས་སྲིད།

    Reply
  17. ཤག་སྒང་པ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་མཆོག་མཁས་པ་ཡིན་མིན་མི་ཤེས། ཁྲིམས་ལུགས་ལ་རྒྱུས་མངའ་དམིགས་བསས་ཡོད་མཁན་ཞིག་ནི་ཡིན་ཐག་ཆོད་པ་རེད། བོད་པའི་སྤྱི་ཚོགས་ནང་གི་མི་སྣ་གྲགས་གྲས་ཤིག་ཀྱང་ཡིན། མང་པོ་ཞུ་མི་ཐུབ། འུད་དང་ཁ་བོ་ཆེ་ཞིང་། རང་ཉིད་མ་གཏོགས། མི་མང་གང་ཡང་མི་ཤེས་མཁན་ལྟ་བུར་བརྩིས་པའི་གཤིས་གོམས་དེ་ལ་ང་རང་ཕྲན་བུ་ཐད་མ་སོང་། གུས་བརྩི་ཡང་ཡོད། ད་མང་པོ་མི་བཤད། ལོ་གསར་གྱི་གྲ་སྒྲིག་བྱ་རན་ནས་འདུག ཚང་མ་ལོག་ནས་མི་འདུག བོད་མི་རྩམ་གཟན་ཚང་མར། ལོ་གསར་སྐྱིད་པོ་དང་སྤྲོ་པོ་ཡོང་བའི་སྨོན་འདུན་ཞཱུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese