མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསར་ལ་བཀྲ་ཤིས་བདེ་ལེཊ་ཞུ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp




དེ་རིང་ནི་བོད་རྒྱལ་ལོ་༢༡༣༨དང་། ལྕགས་མོ་ཡོས་ལོའི་ལོ་གསར་ཚེ་གཅིག་ཡིན་ཞིང་། ཞོགས་པ་སྔ་པའི་ཉི་ཟེར་དང་ལྷན་དུ་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་དང་། བཙན་བྱོལ་བོད་གཞུང་གི་དམངས་གཙོའི་བོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་ལས་ཁུངས་ཁག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ། ལས་བྱེད་ཆེ་ཕྲ་དང་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག ལོ་གསར་གྱི་ཉིན་དང་པོར་ཚེ་བསྟོད་དང་སྨོན་ལམ་གསོལ་འདེབས་གནང་སོང་ལ། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་དགག་མེད་ལྷུན་གྱིས་འགྲུབ་ཆེད་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།

དེའི་རྗེས་བོད་གཞུང་ཟློས་གར་ཚོགས་པས་འཁྲབ་སྟོན་ཐུང་ངུ་ཞིག་གཟིགས་འབུལ་བྱས་རྗེས་མང་ཚོགས་རྣམས་ཀྱིས་གཙུག་ལག་ཁང་གི་ལྷ་ཁང་ཁག་ཏུ་མཆོལ་མཇལ་མགོ་འཛུགས་ཞུས་སོང་ཞིང་། སྐབས་དེར་གསར་འགོད་པས་བོད་གཞུང་བཀའ་ཤག་གི་ངོས་ནས་ལོ་གསར་བའི་ནང་གཞིས་བྱེས་གཉིས་དང་བཙན་བྱོལ་བོད་མི་ཚོར་དམིགས་བསལ་གྱི་གསུང་འཕྲིན་འདྲ་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས།ཐེངས་འདིའི་ལོ་གསར་ལ་བོད་གཞུང་བཀའ་ཤག་གི་ངོས་ནས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། བོད་གཞིས་བྱེས་རྒྱ་ཆེའི་མི་མང་ལ་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། ལྕགས་མོ་ཡོས་ལོ་གནམ་ལོ་གསར་བཞད་འདི་ལ་རྟགས་དང་རྟེན་འབྲེལ་རང་འགྲིག་གིས་བོད་དོན་བདེན་མཐའ་མྱུར་ཏུ་གསལ་བ་དང་། བོད་གཞིས་བྱེས་ལྷན་འཛོམ་ཡོང་བའི་རེ་བ་བཅིངས་ཡོད་པར་མ་ཟད།༸གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པ་དང་།བྱ་བཞག་མ་ལུས་ཐུགས་འདུན་བཞིན་བསྒྲུབ་པའི་བཀྲ་ཤིས་ཁ་གཡང་འབོད་རྒྱུ་ཡིན། ཞེས་གསུངས་བྱུང་།

གསར་འགོད་པ།དོན་གོ




འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

མཆན། 5

  1. ནེ་ཤོད་གྲུ་ཁ། says:
    ལོ་ 15 སྔོན།

    བོད་རྒྱལ་ལོ་༢༡༣༨ རབ་གནས་ལྕགས་ཡོས་ལོའི་གནམ་ལོ་གསར་དུ་བཞད་པའི་རྟེན་འབྱུང་དགའ་སྟོན་གྱི་ཉིན་མོར་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་རང་ཡུལ་གངས་ཅན་ལྗོངས་སུ་གཞིས་བྱེས་ལྷན་འཛོམས་ཡོང་བའི་སྨོན་འདུན་ཞུ།

    Reply
  2. བེ་རུ་བཀྲ་ཤིས says:
    ལོ་ 15 སྔོན།

    གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་
    བཅས་རྟེན་འབྲེལ་དང་མཚམས་འདྲི་ཞུ།

    Reply
  3. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    གང་མགྱོགས་བོད་བདེན་མཐའ་མྱུར་དུ་གསལ་ཞིང༸གོང་ས་མཆོག་གི་སྐུ་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་ཐུབ་པའི་སྨོན་འདུན་དང་བཅས། བོད་ཀྱི་ལོ་སར་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ༄༅། །བོད་རྒྱལ་ལོ་ ༢༡༣༨ ལོའི་གནམ་ལོ་གསར་དུ་བཞད་པའི་རྟེན་འབྱུང་དགའ་སྟོན་ལ། བོད་ཕྱི་ནང་གཉིས་སུ་ཡོད་པའི་རང་རེའི་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ལོ་གསར་པ་འདིར་༸མགོན་པོ་མཆོག་སྐུ་ཚེ་རབ་ཏུ་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་བོད་ཀྱི་བདེན་མཐའ་མྱུར་དུ་བསལ་ནས་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་པའི་སྨོན་འདུན་ཞུ།།

    Reply
  5. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    གནམ་ལོ་གསར་ཏུ་བཞད་པའི་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་
    བཅས་རྟེན་འབྲེལ་དང་མཚམས་འདྲི་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese