མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིག་ཆུའི་ལས་དབང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp




ངྷ་ས་ཀིརྟིའི་གྲྭ་ཚང་གི་གྲྭ་ཀ་ཉག་ཚེ་རིང་ལགས་སུ་ཉེ་ཆར་བོད་ནས་འབྱོར་བའི་རྔ་པ་ཁུལ་ཁྱུང་ཆུ་རྫོང་རོང་ཐ་དགོན་པའི་གྲྭ་རྩོམ་པ་པོ་དགེ་འདུན་ཚེ་རིང་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། དེ་སྔོན་ཁོང་གི་རྩོམ་ཡིག་ཕྱོགས་སྒྲིག་( མིག་ཆུ ) ཞེས་པ་དང་། རྔ་པ་ཁུལ་ཁྱུང་ཆུ་རྫོང་རོང་ཐ་གསེར་ཏེའུ་སྡེ་པ་རོང་ཐ་དགོན་པའི་གྲྭ་ཚེ་རིང་དོན་འགྲུབ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་དུས་དེབ་ (གསོན་མིག) ཅེས་གཉིས་དཔར་སྐྲུན་ཐད་རོགས་རམ་བྱས་པའི་ཉེས་འཛུགས་འོག ༢༠༡༠ཟླ་༢ཚེས་༢༦ ཉིན་རྒྱ་གཞུང་གིས་གྲྭ་ཚེ་རིང་དོན་འགྲུབ་ལགས་འཛིན་བཟུང་བྱས་ཏེ། ད་ལྟ་རྔ་པ་ཁུལ་ལྟེ་གནས་འབར་ཁམས་སུ་བཀག་ཉར་བྱས་ཡོད་འདུག

(གསོན་མིག )ཅེས་པའི་དུས་དེབ་ནི་རྩོམ་པ་པོ་དགེ་འདུན་ཚེ་རིང་སོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་བརྗོད་གཞིར་བཟུང་བའི་རྩོམ་ཡིག་སྣ་ཚོགས་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་ཅིག་ཡིན་ཞིང་། རྩོམ་པ་པོ་དགེ་འདུན་ཚེ་རིང་ཁོང་ཡང་དཔེ་དེབ་དེ་གཉིས་དཔར་སྐྲུན་བྱས་པའི་དབང་གིས་རྒྱ་གཞུང་གིས་སུན་གཙེར་དང་འཇིགས་སྣང་ཡང་ཡང་བསྐུལ་བར་བརྟེན། འདས་པའི་ཟླ་ངོ་མང་པོའི་རིང་བྲོས་བྱོལ་བྱས་མཐར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བ་ཞིག་ཡིན་འདུག

གསོན་མིག་དུས་དེབ་ནང་གི་(བྱེ་རླུང་ཁྲོད་ཀྱི་ངུ་འབོད)ཅེས་པའི་རྩོམ་ཡིག་གི་རྩོམ་པ་པོ་ཚེ་རིང་བསྟན་འཛིན་ལགས་ ༢༠༡༡ ཟླ་ ༡ ཚེས་ ༣ ཉིན་མཚོ་སྔོན་ཟི་ལིང་དབྱངས་ཅན་མ་དྲ་ཁང་དུ་འཛིན་བཟུང་བྱས་རྗེས། དེང་སྐབས་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་བཀག་ཉར་བྱས་ཡོད་འདུག ཁོང་གི་ཕ་ཡུལ་རྔ་པ་ཁུལ་མཛོད་དགེ་རྫོང་ཤེར་ཕྲེང་སྡེ་བ་ནས་ཡིན་ཞིང་།ཆུང་དུས་ནས་གྲྭ་པ་བྱས་ཏེ་དཔལ་ཡུལ་དགོན་ཆེན་དུ་ཆོས་ཞུགས་བྱས་པ་དང་།དེ་སྔ་རྩོམ་ཡིག་སྣ་ཚོགས་ཤིག་དུས་དེབ་དང་དྲ་བ་སོགས་སུ་སྤེལ་ཡོད་འདུག

( མིག་ཆུ ) དང་( གསོན་མིག ) ཅེས་པའའི་དཔེ་དེབ་གཉིས་ཀྱི་དཔར་སྐྲུན་ཁང་( པཎྜིཏ་དཔར་སྒྲིགས་ལྟེ་གནས ) སུ་ལས་ཀ་བྱེད་མཁན་བུ་མོ་པདྨ་མཚོ་ཡང་ ༢༠༡༠ ཟླ་ ༢ ཚེས་ ༢༦ ཉིན་ཕ་ཡུལ་ནས་འཛིན་བཟུང་བྱས་ཡོད་ཅིང་། ཁོང་མོར་གོང་གི་དཔེ་དེབ་གཉིས་ཀྱི་ཡིག་གཏག་པ་ཡིན་པའི་ཉེས་འཛུགས་བྱས་ཡོད་འདུག དེང་སྐབས་ཁོང་མོ་རྔ་པ་ཁུལ་འབར་ཁམས་སུ་མུ་མཐུད་བཀག་ཉར་བྱས་ཡོད་འདུག

པདྨ་མཚོ་ལགས་ཀྱི་ཕ་ཡུལ་རྔ་པ་ཁུལ་ཁྱུང་ཆུ་རྫོང་སྦྲ་ཆེན་ཞང་རུ་ཆེན་གཉིས་པ་ནས་ཡིན་ཞིང་།ལྷ་སའི་དུང་དཀར་སློབ་གྲྭ་ནས་སློབ་གྲྭ་ཐོན་རྗེས་དཔར་སྐྲུན་ཁང་དེར་ལས་ཀ་བྱས་པ་ཞིག་ཡིན་འདུགདེ་བཞིན།  པཎྜིཏ་དཔར་སྒྲིགས་ལྟེ་གནས་ཀྱི་རྩོམ་སྒྲིག་པ་བུ་མོ་དབྱངས་ཅན་སྐྱིད་དམ། པུར་མིང་ལ་ལུག་རྫིའི་རྣམ་ཤེས་ཞུ་བ་ ༢༠༡༠ ཟླ་ ༣ ཚེས་ ༣༠ ཉིན་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་། ཁོང་མོའི་ཕ་ཡུལ་བླ་བྲང་ནས་ཡིན་ཞིང་།དེང་སྐབས་ནག་ཆུ་རུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་འདུག  

གོང་གསལ་དཔེ་དེབ་གཉིས་ལ་ཁ་གཡར་སྟེ་པཎྜིཏ་དཔར་སྒྲིགས་ལྟེ་གནས་ཞེས་པའི་དཔར་ཁང་སྒོ་བརྒྱབ་ཡོད་འདུག་ལ།དཔར་ཁང་དེའི་སྦྱིན་བདག་བོད་པ་ཞིག་ཡོད་པ་དེ་ཡང་ཐོག་མར་བཀག་ཉར་བྱས་ཡོད་ཀྱང་རྗེས་སུ་ཀློད་གྲོལ་བཏང་ཡོད་འདུག




འབྲེལ་ཡོད་གསར་འགྱུར།

མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

སྐར་མ ༥༤ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༣ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧

མཆན། 4

  1. རྟ་བོར་བ། says:
    ལོ་ 15 སྔོན།

    གདུང་སེམས་མཉམ་བསྐྱེད་ཡོད་པ་མ་ཟད་མཐའ་ཅིག་ཏུ་རྒྱབ་སྐྱོར་བྱེད་གིན་ཡོད།

    Reply
  2. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    གདུང་སེམས་གཉམ་བསྐྱེད་དང་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་

    Reply
  3. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    ད་སེམས་སྐྱོ་གི་ཡ།བོད་མི་རྣམས་ཀྱི་ལས་དབང་འདི་ཅི་ཡིན་ནམ།ངོ་མ་སེམས་ཀྱི་མི་བཟོད་གི།

    Reply
  4. གནས་ཚང་། says:
    ལོ་ 15 སྔོན།

    གདུང་སེམས་མཉམ་བསྐྱེད་ཡོད་ལ། ཚང་མ་ལོས་དྲིལ་བསྒྲགས་གང་ཐུབ་གནང་བར་གའོལ་འདེབས་བྱེད་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese