མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་ཉན་པ། – བློ་གྲོས་རབ་བརྟན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp







ལོ་གསར་བ་བསླེབས་སོང་། བོད་མི་ཚོས་ལོ་གསར་སོང་། བོད་དུ་ལོ་གསར་གཏོང་ཕྱོགས་ཐད་ནས་རྣམ་འགྱུར་བསྟན་སོང་། དེར་ཕྱོགས་གསུམ་ནས་སྐད་ཆ་འདུག ཟླ་སྔོན་མར་རྒྱ་ནག་གི་ལོ་གསར་དང་མཉམ་དུ་ལོ་གསར་གྱི་མིན་ཟེར་ནས་རྣམ་འགྱུར་བསྟན་སོང་། ཡང་ལོ་སྔོན་མར་སྐྱེ་དགུ་མདོའི་ས་ཡོམ་ཁྲོད་བོད་མི་མང་པོ་འཆི་སྐྱོན་བྱུང་བས་ལོ་གསར་གྱི་མིན་ཟེར། ད་དུང་མདོ་ཁམས་ཕྱོགས་ནས་བོད་དབུས་ཕྱོགས་དང་བསྟུན་ནས་ལོ་གསར་གྱི་ཡིན་ཟེར་ནས་རྣམ་འགྱུར་བསྟན་སོང་། འདི་དག་ཚང་མ་བོད་མི་རིགས་ཀྱི་བསམ་བློའི་འགྱུར་འགྲོས་ཤིག་ལ། རྒྱ་གཞུང་གིས་ཀྱང་དེ་དག་ལ་ཚོར་བ་རྣོན་པོས་བལྟས་ཡོད།

 ད་ནི་བོད་པའི་ལོ་གསར་འདི་ཡང་རྒྱ་ནག་གཞུང་གི་མིག་ལམ་དུ་འགྲོ་ཡི་མི་འདུག ངའི་ཕ་ཡུལ་ཨ་མདོ་རྔ་བ་རྫོང་ཡིན། ང་ཕ་ཡུལ་དང་ཁ་བྲལ་ནས་ལོ་༡༣འགྲོ་སོང་། ལོ་གསར་སྐབས་ངེས་པར་དུ་རང་ཁྱིམ་དུ་ཁ་པར་གཏོང་གི་ཡོད། ད་ལོ་ཡང་ལོ་གསར་གྱི་ཚེས་གཅིག་ཉིན་ནང་ལ་ཁ་པར་བཏང་། ཨ་བོ་དང་མཉམ་དུ་སྐད་ཆ་བཤད། ཨ་བོས་བཤད་ན། རྔ་བ་རྫོང་དུ་ལོ་གསར་གཏོང་མཁན་ཕྱོགས་གཉིས་ཆགས་སོང་། རྔ་སྟོད་ཀྱི་ཕྱོགས་མང་ཆེ་བས་རྒྱའི་ལོ་གསར་དང་བསྟུན་ནས་ལོ་གསར་སོང་། དེའི་རྒྱུ་མཚན་ནི་རྒྱ་གཞུང་གིས་དགོན་སྡེ་ཆེ་ཁག་གི་བླ་སྤྲུལ་ཚོ་བཙན་གྱིས་མི་མང་གི་མདུན་དུ་བརྫིངས་ཏེ་རྒྱའི་ལོ་གསར་བ་དང་བསྟུན་ནས་ལོ་གསར་དགོས་པའི་སྐད་ཆ་བཤད་བཅུག་སོང་། བླ་སྤྲུལ་ཁ་ཤས་སྙི་མོ་འདུག རྒྱའི་ལོ་གསར་དང་མཉམ་དུ་ལོ་གསར་མཁན་ཚོར། རྒྱ་གཞུང་གིས་དངུལ་དང་ཕྱེ་འབྲས་སྤྲད་དེ། ཞབས་བྲོ་འཁྲབ་པ་དང་རྟ་རྒྱུགས་བྱེད་བཅུག་སོང་། འདི་དག་པར་བརྒྱབ་སྟེ་གསར་ལམ་ཁག་ཏུ་བསྟན་སོང་། རྔ་བ་བར་མ་དང་རྔ་བ་སྨད་ཀྱི་ཕྱོགས་ཀྱི་གྲོང་སྡེ་མང་ཆེ་བས་ལོ་གསར་དབུས་ཕྱོགས་དང་བསྟུན་ནས་ལོ་གསར་གཏོང་བར། འབད་པ་དང་རྣམ་འགྱུར་བསྟན་སོང་། དེ་ལ་བརྟེན་ནས་རྒྱ་གཞུང་གིས་གྲོང་སྡེ་དང་། དགོན་པ་དག་ལ་སྡང་གཟིགས་དང་བཙུར་གནོན་ཡང་ཡང་བྱས་སོང་།
 

བོད་མི་ཚོའི་ནང་ཁུལ་དུ་སྔོན་ནས་སྐད་ཆ་ཞིག་འགྲོ་ཡི་འདུག དེ་ནི་བོད་དབུས་ཕྱོགས་ཀྱི་ལོ་གསར་སྐབས་ཤོག་སྦག་བསྒྲོན་ཏེ་རྣམ་འགྱུར་སྟོན་གྱིན་ཡིན་ཟེར། དེ་དེ་བཞིན་དུ་དེ་རིང་ཞོགས་པར་རྔ་རྫོང་གི་སྟོད་སྨད་བར་གསུམ་དུ་ཤོག་སྦག་བསྒྲོན་ཏེ་ལོ་གསར་གྱི་རྣམ་འགྱུར་བསྟན་སོང་། བསང་བཏང་སོང་། དཔུང་རྒྱན་བཏགས་སོང་། རླུང་རྟ་གཏོར་སོང་། བོད་མི་ཚོས་སེམས་ཁུང་རུས་པའི་གཏིང་ནས་༧གོང་ས་མཆོག་སྐུ་ཚེ་བརྟན་དང་གཞིས་བྱེས་མཉམ་འཛོམས་ཡོང་བར་ལྷ་སྲུང་དང་གཞི་བདག་ཚོ་ལ་འཕྲིན་ལས་བཅོལ་སོང་། དེ་བཞིན་དམ་བཅའ་བཞག་སོང་། བོད་མི་མང་པོས་ལོ་གསར་བའི་ནང་བོད་སྐད་གཙང་མ་བཤད་རྒྱུ་ཡིན་པའི་དམ་བཅའ་བཞག་སོང་། དེ་སྔོན་ནས་རྔ་བ་རྫོང་དུ་བོད་སྐད་གཙང་མ་བཤད་པར་བོད་མི་ཚོས་རང་འགུལ་གྱིས་ལས་འགུལ་སྤེལ་བཞིན་ཡོད་ལ།དེ་ཤུགས་སྣོན་རྒྱག་རྒྱུ་དང་། སུ་ཞིག་གིས་བོད་མི་ནང་ཁུལ་དུ་རྒྱ་སྐད་བཤད་པ་དང་བོད་སྐད་དུ་རྒྱ་སྐད་བསྲེས་པ་ཡིན་ན། དེ་ལ་ཆད་པ་གཅོད་རྒྱུ། ཆད་པའི་དངུལ་རྣམས་བསགས་ཏེ་བོད་སྐད་གཙང་ཉར་དང་བོད་ཡིག་གོང་སྤེལ་གྱི་ཆེད་དུ་གཏོང་རྒྱུ་རེད་ཅེས་བཤད་དེ། ཨ་བོས་ད་དེ་འདྲ་རེད་བཤད་བསྡད་ན་ད་དུང་མང་ཟེར།

 ངས་གཞན་ག་རེ་འདུག་ཅེས་དྲིས་ལན་དུ། ཨ་བོས། རྒྱ་གཞུང་ལ་དོན་ཏག་ཅི་ཡང་མི་དགོས། དོན་མེད་ལ་སུན་པོ་ཡང་ཡང་བཟོ་བཞིན་འདུག གསུམ་བཅུའི་དུས་དྲན་བསླེབ་ལ་ཡོད་པ་རེད། དེ་རྒྱ་གཞུང་གིས་ཤེས་ཡོད་པ་རེད། བོད་མིའི་ཚོའི་སྡོད་ཁང་རེ་རེའི་ཐོག་ཏུ་རྒྱ་མིའི་རྒྱལ་དར་འཕྱར་དགོས་ཟེར། རྒྱལ་དར་མ་འཕྱར་ན་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལ་རྒྱབ་ཕྱོགས་མཁན་གྲས་སུ་བརྩིས་ནས་ཕྱོགས་གང་ཐད་ནས་ཁེ་རྐྱང་དུ་འཕུད་རྒྱུ་ཡིན་ཟེར། ད་དུང་དེས་ག་ལ་ཚད། གསུམ་བཅུའི་དུས་དྲན་ཉིན་རྔ་བ་རྫོང་གི་གྲོང་ཁྱེར་དུ་གླུ་དང་ཞབས་བྲོ་ཡི་མཛད་སྒོ་ཞིག་འཚོག་རྒྱུ་ཡིན་ཟེར་། གླུ་ལེན་མཁན་དང་ཞབས་བྲོ་འཁྲབ་མཁན་ཚོར་དངུལ་མང་པོ་སྤྲོད་རྒྱུ་ཡིན་ཟེར། ཁོ་ཚོ་ལ་རྒྱལ་ཁབ་ཀྱིས་ཕྱོགས་ཀུན་ནས་མཐོང་ཆེན་དང་རྒྱབ་སྐྱོར་གནང་གི་ཡིན་ཟེར། འོན་ཀྱང་བོད་མི་ཚོས་སུ་ཞིག་གིས་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་འཕྱར་བ་དང་གླུ་བྲོའི་མཛད་སྒོར་ཞུགས་པ་ཡིན་ན་གྲོང་སྡེའི་སྐྱིད་སྡུག་ནས་འཕུད་རྒྱུ་ཡིན་ཟེར་གྱིན་འདུག
 རྒྱ་ནག་གཞུང་འདི་བོད་མིའི་ཐོག་ཇེ་མཁྲེགས་ནས་ཇེ་མཁྲེགས་རེད་ལ། གདུག་རྩུབ་ཀྱང་ཇེ་ཆེ་ནས་ཇེ་ཆེ་རེད། འཛིན་བཟུང་བཀག་ཉར་གྱི་གྲངས་ཀའང་ཇེ་མང་ནས་ཇེ་མང་རེད། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། དུས་ཆེན་དང་འདུ་འཛོམས་སོགས་ཡོད་ཚད་ལ། ཚོར་བ་རྣོན་པོ་ཞིག་གིས་བལྟས་ཏེ་དོན་མེད་ལ་དམ་དྲག་དང་དབང་ཡོད་བྱེད་རྐྱང་རེད། བོད་མི་ཚོ་ཡང་༢༠༠༨ལོའི་ཞི་རྒོལ་རྗེས་ནས་ཇེ་མཁྲེགས་ནས་ཇེ་མཁྲེགས་རེད། རྒྱའི་ཉེན་རྟོག་པ་ཚོ་ལ་དོན་མེད་དུ་མགོ་སྒུར་གྱིན་མི་འདུག་ལ་འཛིང་རྐྱང་རེད། དེ་བཞིན་དུ་རང་མི་རིགས་ཀྱི་ཞེན་ཁོག་དང་། རང་གི་སྐད་ཡིག་གིས་མཚོན་པའི་རིག་གཞུང་ལ་དུངས་བ་ཇེ་ཟབ་རེད། མཚམས་འདིར་བསླེབས་དུས་ངའི་ཨ་བོས་ད་དེ་འདྲ་རེད། ལག་པའང་ན་སོང་། ཆུ་ཚོད་གཅིག་ལྷག་ལ་ངེད་གཉིས་ཀྱི་སྐད་ཆ་བཤད་འདུག ད་ངས་ཁྱོད་ལ་སྐད་ཆ་ཞིག་འདྲི། རྒྱ་གར་དུ་ག་འདྲ་འདུག ངས་བཙན་བྱོལ་བོད་མི་ཚོ་བོད་དོན་འཐབ་རྩོད་ཡིན་ན་རེད། རང་གི་རིག་གཞུང་དང་སྐད་ཡིག་ལ་འཆང་བའི་དུང་བ་ཡིན་ནའང་རེད། ཇེ་ཆུང་ནས་ཇེ་ཆུང་རེད་ལ། ཁོང་ཚོས་གཙོ་བོ་རང་ལ་ཁེ་ཕན་ཡོད་མེད་ལ་ལྟ་བཞིན་ཡོད་པ་རེད་ཅེས་ལན་བཏབ། ཡ་ཡ་ད་ང་ལ་ཁ་པར་ཞིག་ཡོང་གི་འདུག བདེ་མོ་རྗེས་ནས་སྐད་ཆ་ལྷོད་ལྷོད་བཤད་ཆོག ངེས་སྤུན་གཉིས་ཀྱི་སྐད་ཆ་ཚར་སོང་།
 

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    ཁྱེད་ཚོས་མང་པོ་ཞིག་བཤད་འདུག་པ་དེ་དག་ལ་ངར་ལེགས་ཉེས་ཅི་ཡང་བཤད་རྒྱུ་མེད། གང་ལྟར་ངའི་ཕ་ཡུལ་རྔ་གཡང་ཕྱུག་མོ་ནས་ད་ལོའི་ལོ་གསར་འདི་དབུས་གཙང་ཕྱོགས་དང་བསྟུན་ཏེ། ལོ་སྔ་མ་རྒྱ་ནག་གི་ཁྲིམས་འོག་ནས་སར་ཁུལ་ཙམ་བྱས་པ་ལས། དོན་གྱི་ལོ་གསར་དེ་ལོ་ཕྱི་མའི་སྐབས་སུ་སར་ཡོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་པ་ནི། དེའི་མཚན་མོར་ཤོག་སྦག་བཀད་དེ་གནམ་ས་ཁེངས་པ་ལྟ་བུ་ཞིག་བྱས་པ་ཡོངས་གྲགས་ཡིན་པས། དོན་དངོས་ཤིག་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཀུན་གྱིས་ཡིད་འཇོག་འཚལ།

    Reply
  2. གཡག་རྒོད says:
    ལོ་ 15 སྔོན།

    ཨ་རོགས་ཡོན་བྷེ། གནས་ཚུལ་ཁུངས་བཙུན་རེད་ཟེར་གྱི་ཡོད་དམ། རྒྱ་གཞུང་གིས་དངུལ་དང་ཕྱེ་འབྲས་སྤྲད་དེ། ཞབས་བྲོ་འཁྲབ་པ་དང་རྟ་རྒྱུགས་བྱེད་བཅུག་སོང་། ཟེར་བ་འདི་བློ་གྲོས་བརྟན་གྱི་ཚིག་རེད། ཚིག་འདི་བློ་གྲོས་རབ་བརྟན་གྱིས་རྔ་སྟོད་མི་དམངས་ལ་མཐོང་ཆུང་དང་ལྕགས་རྫུན་བཤད་པ་རེད། རྔ་སྟོད་ལ་ལོ་སར་སྐབས་སུ་ཞབས་བྲོ་འཁྲབ་པའི་གནས་ཚུལ་རྩ་བ་ནས་མི་འདུག། རྒྱ་གཞུང་གིས་དངུལ་དང་ཕྱེ་འབྲས་ལ་བལྟས་ནས་རྟ་རྒྱུག་བྱས་པ་རེད་ཟེར་རྒྱ་ཡིན་ན་བདེན་པ་མ་རེད། ལོ་ནམ་སྐབས་སུ་རྟ་རྒ྄ུག་རྒྱ་ནི་རྔ་སྟོད་ཀྱི་ཡུལ་སྲོལ་གོམས་གཤིས་རེད། དེ་རྒྱ་གཞུང་དང་འབྲེལ་ཡོད་པ་ཞིག་མ་རེད། འོན་གྱང་རྒྱ་གཞུང་གིས་དྲིལ་བསྒྲགས་ཀྱི་བེད་སྤྱོད་བྱས་ཡོད་པ་ཡང་བདེན་པ་རེད། སྤྱིར་རྔ་སྟོད་ནང་ལོག་ཏུ་ཡང་ལོ་སར་རིམ་པ་གཉིས་བྱུང་འདུག།

    Reply
  3. ཡོན་བྷེ། says:
    ལོ་ 15 སྔོན།

    རྔ་བ་བློ་གྲོས་རབ་བརྟན་ལགས་ཀྱིས་གནས་ཚུལ་ཁུངས་བཙུན་ཞིག་སྤེལ་འདུག རྔ་སྟོད་ཕྱོགས་ཀྱིས་ལོ་གསར་སྔོན་ལ་བྱས་ཡོད་པ་བདེན་པ་རེད་ལ་རྟ་རྒྱུགས་བྱས་ཡོད་པ་ཡང་བདེན་པ་རེད། ངས་ཀྱང་གནས་ཚུལ་འདི་ཕ་ཡུལ་ཕྱོགས་ནས་གསལ་བོ་གོ་བྱུང་། འོན་ཀྱང་གཡག་རྒོད་ལགས་ཀྱིས་བཤད་ན་ལོ་སྔོན་ལ་སར་བ་བདེན་ཡང་དེ་རྩིས་ཀྱི་འགྲོ་སྟངས་མ་འདྲ་བ་ཞིག་ལས་གང་ཡང་མ་རེད་ལབ་འདུག རེད་ངས་ཀྱང་བློ་གྲོས་རབ་བརྟན་ལགས་ཀྱི་རྩོམ་ཡིག་འདི་བཀླགས་པ་ཡིན། ལོ་སྔོན་ལ་སར་ཡོད་པ་དང་བོད་ས་ཡོངས་ཀྱི་ལོ་གསར་གཅིག་གྱུར་ལ་རོལ་མེད་ཚུལ་ལས་གཞན་རྩིས་ཀྱི་འགྲོ་སྟངས་གཅིག་མ་གཅིག་གི་སྐད་ཆ་གང་ཡང་མི་འདུག འདི་གཅིག་རེད། དེ་ནས་རྔ་སྟོད་ཕྱོགས་ནས་རྟ་རྒྱུགས་བྱས་ཡོད་རབས་ཀྱི་གནས་ཚུལ་དེ་ཡང་ལོ་རྟག་པར་བྱེད་ཀྱི་ཡོད་མེད་དང་དེ་ལྟར་བྱེད་སྲོལ་ཡོད་མེད་སོགས་བློ་གྲོས་རབ་བརྟན་ལགས་ཀྱི་རྩོམ་ཡིག་ནང་ལ་གང་ཡང་གླེང་མི་འདུག རྟ་རྒྱུགས་བྱས་འདུག་ཅེས་པ་གཅིག་པོ་རེད། འདི་ཡང་གནས་ཚུལ་གཅིག་རེད། རྩོམ་ཡིག་ཅིག་ལ་དཔྱད་པ་བྱེད་སྐབས་མིག་ཤད་ཐེངས་ཤིག་བྱས་ཏེ་ཚོར་བ་ཙམ་སྤེལ་རྒྱུར་མ་འབད་རོགས། རྩོམ་ཡིག་དེའི་ཡང་སྙིང་གནས་ཚུལ་གང་དང་ཅི་ཞིག་གསལ་བཤད་བྱེད་ཀྱི་འདུག དེའི་ནང་གི་ཆེད་ཚིགས་ཅི་ཞིག་རེད། བེད་སྤྱོད་ག་འདྲ་བཏངས་འདུག དགོས་པ་ཅིའི་ཕྱིར་བཏང་འདུག ཞིབ་མོ་བྱས་ཏེ་གཟིགས་རོགས་ཞེས་རེ་སྐུལ་བྱེད་ཀྱི་ཡོད།

    Reply
  4. གཡག་རྒོད says:
    ལོ་ 15 སྔོན།

    བློ་གྲོས་རབ་བརྟན་ལགས་ཀྱིས་རང་གི་ཕུ་བོ་དང་སྐད་ཆ་བཤད་པ་དག་འདིར་དྲ་ཐོག་ཏུ་བཞག་པ་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། འོན་གྱང་གནས་ཚུལ་ལ་ལ་ཞིག་དངོས་དོན་དང་མི་མཐུན་པ་ཞིག་རེད་བསམ་སོང་བ་དཔེར་ན།

    (རྔ་སྟོད་ཀྱི་ཕྱོགས་མང་ཆེ་བས་རྒྱའི་ལོ་གསར་དང་བསྟུན་ནས་ལོ་གསར་སོང་། དེའི་རྒྱུ་མཚན་ནི་རྒྱ་གཞུང་གིས་དགོན་སྡེ་ཆེ་ཁག་གི་བླ་སྤྲུལ་ཚོ་བཙན་གྱིས་མི་མང་གི་མདུན་དུ་བརྫིངས་ཏེ་རྒྱའི་ལོ་གསར་བ་དང་བསྟུན་ནས་ལོ་གསར་དགོས་པའི་སྐད་ཆ་བཤད་བཅུག་སོང་། བླ་སྤྲུལ་ཁ་ཤས་སྙི་མོ་འདུག རྒྱའི་ལོ་གསར་དང་མཉམ་དུ་ལོ་གསར་མཁན་ཚོར། རྒྱ་གཞུང་གིས་དངུལ་དང་ཕྱེ་འབྲས་སྤྲད་དེ། ཞབས་བྲོ་འཁྲབ་པ་དང་རྟ་རྒྱུགས་བྱེད་བཅུག་སོང་།)

    རྔ་སྟོད་ཕྱོགས་ཀྱི་སྡེ་བ་ལ་ལ་ཞིག་གི་ལོ་སར་སྔོན་མ་བོ་གཏང་བ་བདེན་པ་རེད། ཡིན་ན་ཡང་རྒྱ་མི་ལ་ཤེད་ནས་ལོ་སར་སྔོན་ལ་བཏང་བའི་ལོ་རྒྱུས་ཤིག་རྔ་ཡུལ་ལ་བཤད་རྒྱུ་མི་འདུག། རྩེས་ཀྱི་འགྲོ་སྟངས་མ་འདྲ་བ་ཤིག་ཡོད་པའི་རྒྱུ་མཚན་རེད་གསུང་གི་འདུག། རྒྱ་གཞུང་གི་དངུལ་དང་ཕྱེ་འབྲས་སྤྲད་དེ་རྟ་རྒྱུག་བྱེད་དུ་བཅུག་པའི་ལོ་རྒྱུས་ཤིག་དེ་ལས་མི་འདུག། ཅིག་བྱས་ན་ངས་མ་གོ་བ་ཡིན་འགྲོ། གང་ལྟར་ལོ་སར་སྐབས་རྟ་རྒྱུག་རྒྱ་དེ་རྔ་སྟོད་ཀྱི་སྲོལ་རེད། ལོ་སར་ནམ་བྱུང་ལ་རྟ་རྒྱག་རྒྱ་ཡོད་ཡོད་པ་རེད།

    རྔ་སྟོད་ཀྱི་རྟ་རྒྱུག་ཐོག་ཏུ་གཏང་བཤད་མཁན་རྒྱ་སྟོད་བྷོ་དྲི་ཟེར་པ་དེས། གཏམ་བཤད་པའི་རྗེས་སུ་ལྷ་རྒྱལ་འཐེན་ཏེ། རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་མྱུར་དུ་ཕེབས་ཐུབ་པའི་ལྷ་རྒྱལ་ལོ་ཞེས་དང་། པན་ཆེན་ཆུང་སྲིད་རིན་པོ་བཙོན་ལས་མྱུར་དུ་ཐར་ཐུབ་པའི་ལྷ་རྒྱལ་ལོ་ཞེས་པའི་མི་དམངས་ཀྱི་འབོད་སྒྲ་དེ་དག་ཉིད་ཀྱི་ཕུ་བོས་ཉིད་བཤད་མི་འདུག། ཡིད་མ་ཆེས་ནས་ཨ་རིའི་རླུང་འཕྲིན་ཁང་གི་དྲ་བསྙན་ནང་ལ་ལྟོས་དང་དེའི་ནང་ནས་བསྟན་སོང་ཟེར།

    ང་ཡང་རྔ་བ་ཞིག་ཡིན་ལ་ཕལ་ཆེར་ཉིན་རྟག་པར་རྔ་ཡུལ་ལ་ཁ་པར་གྱི་ལམ་ནས་འབྲེལ་བ་ཡོད། ཉིད་ལ་འབོད་སྐུལ་བྱེད་ཡག་ཅིག་ལ། རྗེས་མར་རྔ་བའི་གནས་ཚུལ་རེ་འབྲི་འདོད་ན་སྔོན་ལ་དཔྱད་པ་ཡང་དག་པ་ཞིག་བྱས་རྗེས་འབྲི་རོགས། རྔ་བའི་ལ་རྒྱ་དང་ཆིག་སྒྲིལ་ལ་གནོད་པ་བྱེད་པའི་ཐོབ་ཐང་མི་སུ་ལའང་ཡོད་པ་མ་རེད། རྔ་བ་མི་མང་ནི་གནའ་ནས་ད་བར་དུ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ། བཙན་རྒྱལ་རྒྱ་དམར་གྱི་གདོང་ལ་སྟག་བཞིན་དུ་དཔའ་ངར་ཆེན་པོའི་ངང་ལངས་སྟེ་སྡད་ཡོད།

    Reply
  5. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    ད་འོ་ན་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་དང་བོད་པའི་དར་ཆ་གཉིས་ཀ་འཕྱར་བ་ཡིན་ན། རྒྱ་ཕྱོགས་བོད་ཕྱོགས་གཉིས་ཀ་ནས་འདུག་ཐུབ་ཀི་རེད། དེ་མིན་འགྲོ་ལམ་གཞན་ཅི་ཡང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese