མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཛ་དྲག་སྨན་བཅོས་ཐོག་གཞུང་མང་མཉམ་རུབ་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས། བཙན་བྱོལ་བོད་མི་ཡོངས་ལ་གཞི་རིམ་གཉིས་པ་དང་གསུམ་པའི་སྨན་བཅོས་ལྟ་སྐྱོང་ཚད་ལྡན་ཡོང་ཆེད། འཕྲོད་བསྟེན་ཉེན་སྲུང་ལྟ་བུའི་ཛ་དྲག་སྨན་བཅོས་ཉེན་སྐྱོབ་ལས་གཞི་ཞིག་གཞུང་མང་གཉིས་མཉམ་རུབ་ཐོག་ལག་བསྟར་བྱ་རྒྱུ་ཡིན་ཟེར།

བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་། བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། འཕྲོད་བསྟེན་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། སྐབས་དེར་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་གནས་ཚུལ་སྒྲོག་སྦྱོང་གནང་དོན། ད་ལྟ་བོད་མིའི་སྡོད་སྒར་ཁག་ཏུ་དགོས་ངེས་ཀྱི་གཞི་རིམ་འཕྲོད་བསྟེན་ལྟ་སྐྱོང་རྨང་གཞི་འཛུགས་སྐྲུན་བྱས་ཏེ། འཕྲོད་བསྟེན་གནས་བབ་འོས་འཚམ་ཞིག་ཏུ་བསླེབས་ཡོད་ཀྱང་། སྨན་ཁང་དུ་ཡུན་རིང་སྡོད་དགོས་པའི་གཞི་རིམ་གཉིས་པ་དང་གསུམ་པའི་སྨན་བཅོས་དགོས་རིགས། ས་གནས་ཕྱི་ལུགས་སྨན་ཁང་ཁག་ཏུ་བསྟེན་རྒྱུར་འཕྲོད་བསྟེན་ལས་ཁུངས་ཀྱིས་འགྲོ་གྲོན་བརྒྱ་ཆ་གང་འཚམ་རེ་གནང་བཞིན་ཡོད་ཀྱང་། འགྲོ་གྲོན་ཆེ་ཞིང་མང་ཚོགས་ལ་ཕན་ཐོགས་དེ་ཙམ་ཐུབ་ཀྱི་མེད་སྟབས། བཙན་བྱོལ་བོད་མི་ཡོངས་ལ་གཞི་རིམ་གཉིས་པ་དང་གསུམ་པའི་སྨན་བཅོས་ལྟ་སྐྱོང་ཚད་ལྡན་ཡོང་ཆེད། བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་དམིགས་ཡུལ་གཞིར་བཟུང་། འཕྲོད་བསྟེན་ཉེན་སྲུང་ལྟ་བུའི་ཛ་དྲག་སྨན་བཅོས་ཉེན་སྐྱོབ་ལས་གཞི་ཞིག་གཞུང་མང་གཉིས་མཉམ་རུབ་ཐོག་ལག་བསྟར་བྱ་རྒྱུ་ཡིན། ཞེས་གསུངས་སོང་།    

དཔལ་འབྱོར་ཚེ་རིང་མཆོག་གིས་མུ་མཐུད་དུ་སྒྲོག་སྦྱོང་གནང་དོན། ཕྱི་ཟླ་ ༤ ཚེས་ ༤ ཉིན་ནས་མགོ་འཛུགས་ཀྱིས་མ་འོངས་པའི་ཟླ་དྲུག་ནང་ངེས་པར་ཐོ་འགོད་བྱ་དགོས་ཤིང་། ལས་གཞི་དེ་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་དངོས་སུ་མགོ་འཛུགས་བྱ་རྒྱུ་ཡིན་པར་མ་ཟད། དེ་ནི་དེང་དུས་དང་མཐུན་ཞིང་གསར་གཏོད་རང་བཞིན་ལྡན་པ་ཞིག་ཡིན་སྟབས། སྔོན་ཚུད་ནས་རྟོག་ཞིབ་ཡག་པོ་གནང་དགོས། སྤྱིར་ལས་གཞིའི་ནང་ཞུགས་མིན་མི་སྒེར་སོ་སོ་འདོད་པ་ཡིན་ཡང་། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་སུ་ཞུགས་འདོད་མེད་མཁན་ཚོར་ཟླ་ ༡༠ ཚེས་ ༡ ཉིན་ནས་ཛ་དྲག་སྨན་བཅོས་མཐུན་འགྱུར་འཐོབ་ཐབས་མེད། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་མི་ལྔ་ཅན་གྱི་ཁྱིམ་ཚང་ཞིག་ལ་གཞི་རིམ་གཉིས་པ་དང་། གསུམ་པའི་སྨན་བཅོས་འགྲོ་གྲོན་ཆེད་ལོ་རེར་ཧིན་སྒོར་འབུམ་གཅིག་འཐོབ་རྒྱུ་དང་། ནང་མི་ལྔ་ཅན་གྱི་དུད་ཁྱིམ་རང་ངོས་ནས་བསྡུ་ཆ་ཧིན་སྒོར་ ༣༥༦༥།༠༠ ལས་འབུལ་དགོས་ཀྱི་མེད། ཞེས་གསལ་བསྒྲགས་ནང་བཀོད་འདུག

མཇུག་ཏུ་གསར་འགོད་པས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེར་དུས་ཡུན་ཅི་ཙམ་འགོར་གྱི་ཡོད་མེད་དྲིས་པར། དཔལ་འབྱོར་ཚེ་རིང་མཆོག་གིས་བརྗོད་དོན། སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནས་དངོས་སུ་མགོ་འཛུགས་བྱ་རྒྱུ་ཡིན་སྟབས། མ་འོངས་པའི་ཟླ་དྲུག་ནང་འདོད་མོས་ཡོད་མཁན་ཚོས་དུས་ལྟར་ཐོ་འགོད་བྱ་དགོས།  དུས་འགྱངས་སུ་སོང་ན་ཐོ་གཞུང་ནང་ཚུད་ཐབས་ཡོད་པ་མ་རེད། ང་ཚོས་ལོ་བསྟུད་དེ་ལས་གཞི་དེའི་གནས་སྟངས་ལ་གཟིགས་ཏེ་ལག་ལེན་ཡག་པོ་བསྟར་རྒྱུ་ཡིན། ཞེས་བརྗོད་བྱུང་། ཡང་ཁོང་ལ། རེག་དུག་དང་གཉན་ནད་སོགས་བཅོས་དཀའ་བའི་ནད་གཞི་ཡོད་རིགས་ལ་མཐུན་འགྱུར་དེ་ཐོབ་ཀྱི་ཡོད་མེད་དྲིས་པར། ན་ཚ་དེའི་རིགས་ད་སྔ་འཆར་གཞི་གང་ཡང་མེད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་མགོ་བཙུགས་མ་ཐག་ཡིན་སྟབས། ད་དུང་མི་འདང་ས་མང་པོ་ཞིག་ཡོད་ངེས་རེད། ཅེས་ལན་བསྐྱོན་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་ན་ཚ་དེའི་རིགས་ད་སྔ་འཆར་གཞི་གང་ཡང་མེད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་མགོ་བཙུགས་མ་ཐག་ཡིན་སྟབས། ད་དུང་མི་འདང་ས་མང་པོ་ཞིག་ཡོད་ངེས་རེད། ་་
    མི་འདང་ས་དེ་རོགས་དངུལ་ཡིན་ནམ། ལྷག་བསམ་རེད། མ་འབྱོན་པ་རེད། འཇོན་ནུས་ཀྱང་འགྱིད་ལུགས་ཀྱིས་མ་བྱས་པ་རེད། འདི་རིང་འདི་ཙམ་གྱིས་གྲིག་པ་བྱས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྨན་རྩིས་ཁང་གི་ལས་བྱེད་གཙོ་བོ་དེ་ཨེཌྶ་བགོས་ནད་མ་ན་བར་དུ། ཛ་དྲག་སྨན་བཅོས་ཐོག་གཞུང་མང་མཉམ་རུབ་བྱ་རྒྱུ་མིན་པ། བོད་མིའི་ལས་བྱེད་ཀྱི་གཤིས་ཀ་ངན་པ་དེ་ངས་ཤེས་བགྱིད་ཡོད།
    ད་བཟུང་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ལས་བྱེད་སུ་ཡིན་ནའང་གཟབ་གཟབ་བྱས་ན་མ་གཏོགས། ཉོབ་ཆ་གཟེད་ཡོང་གདའ། །

    Reply
  3. ཤག་སྒང་པ། says:
    ལོ་ 15 སྔོན།

    འཕྲོད་བསྟེན་བཀའ་བློན་མཆོག་ཞབས་བཏེག་གཞག་རན་མཚམས་ཏག་ཏག་འདིར་གཞི་རྒྱ་ཆེ་བའི་འཆར་གཞི་ཕེབས་སྟངས་འདི་ཡང་མ་འོངས་ཀྱི་ཞབས་བཀྱག་དང་འབྲེལ་བའི་ཆབ་སྲིད་ཁྲབ་སྟངས་ཤིག་ཡིན་པར་འདོད། ཡག་པོ་འདུག དགོས་མཁོ་ཡང་རེད།

    Reply
  4. གཟི་མིག་༣པ says:
    ལོ་ 15 སྔོན།

    ཨེ་མ་ཧོ་༏༏࿋࿋࿋ ༜བོད་གཞུང་འཕྲོད་བསྟེན་གྱི་ཡང་དེ་ཙམ་ནུས་པ་སྟོན་ཐུབ་ཀྱི་མ་རེད་ལ་སྨན་རྩིས་ཁང་གི་་ཡང་ག་ལ་ཐུབ་ཚང་མ་ཉི་མ་གང་འཁྱོལ་དང་༸གོང་ས་མཆོག་ལ་མདུན་དུ་སྤྲེ་སླད་བྱ་འཁན་ཀྱང་ཀྱང་རེད་དོ་དོ་
    དྲ་གྲོགས་ཚོ་།།།་རེག་དུགས་སྲིན་འབུ་འཁྲུགས་པའི་ནད་གཞི་ནི་དངོས་ནས་ཉེན་ཁ་ཆེ་པོ་རེད་དེ་འདྲ་སོང་ཙང་ང་ཚོ་བོད་ཀྱི་ཕོ་གསར་དང་མོ་གསར་ཚང་མས་ཟབ་ཟབས་ངེས་པར་དུ་བྱ་དགོས་ནད་གཞི་འདིས་ང་ཚོ་བོད་ཕྱི་ནང་གི་བོད་མི་ཡོངས་ལ་དཀའ་ངལ་ཅེན་པོ་སྤྲད་སྲིད་པ་རེད་།།་གང་ལ་ཞེས་བོད་ནང་ལ་རྒྱ་གཞུང་ངོས་ནས་གཞང་ཚོང་མ་འམ་སྨད་ཚོང་མ་མང་པོ་ཁྱབ་སྤེལ་བྱེད་བཞིན་ཡོད་པས་བོད་ནང་ལ་ཉེན་ཁ་འདི་རེད་་་ད་རྒྱ་གར་ནི་མ་འོངས་པར་འཛམ་གླིང་ནང་ནད་གཞི་འདི་ཡིས་ཟིན་པའི་མི་འབོར་མང་ཤོས་ཆག་སྲིད་པས་་དེས་བོད་མི་ཚོར་ཡང་དཀའ་ངལ་ཞོར་ལ་འཕྲད་ངེས་་རེད་པས་ཟབ་ཟབ་ངརས་པར་བྱ་རོགས་གྲོགས་པོ་ཚོ་

    Reply
  5. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    སྨན་རྩིས་ཁང་གིས་དབྱིན་ཡིག་གཙོ་བོ་ཤེས་མཁན་ཚོར་གོ་སྐབས་ཡག་པོ་གནང་ནས་བོད་ཡིག་ཤེས་མཁན་ཚོར་མཐོང་ཆེན་གནང་གིན་མེད་པ་འདྲ།

    Reply
  6. རྒྱ་སྟག་དཀར་པོ says:
    ལོ་ 15 སྔོན།

    ང་ཚོས་རེག་དུག་ན་ཚ་ཞེས་པ་དེ་གང་ཞིག་ལ་ངོས་འཛིན་དགོས། ནད་རྟགས་ཅི་ཞིག་དང་དེ་བཅོས་ཐབས་གཙོ་བོ་གང་ཞིག་ཡིན།
    ཟུར་དུ་ཨེ་ཙི་ན་ཚ་ཟེར་བ་དེ་བཅོས་ཐབས་ཡོད་མེད་དང་ནད་ཡོད་དག་དྲག་བསྐྱེད་བྱེད་པའི་ཐབས་ལམ་ཡོད་མེད་སོགས་དྲ་གྲོགས་རྣམ་པས་གསལ་བཤད་ཙམ་གསུང་རོགས་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese