མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་གསོད་རྗེས་དྲན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་མདུན་དུ། ལྡི་ལི་ཁུལ་གྱི་བོད་རིགས་མཐོ་རིམ་སློབ་མ་ལྔ་བཅུ་ལྷག་དང་། ས་གནས་བོད་རིགས་གཞོན་སྐྱེས་ཁ་ཤས་བཅས་ཁྱོན་སྐྱ་སེར་ ༦༠ ལྷག་གིས་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་འདུག དེ་ནི་རྒྱ་དམར་དྲག་པོའི་དམག་དཔུང་གིས་བོད་ས་ཡོངས་རྫོགས་དྲག་པོས་དབང་བསྒྱུར་དང་། ཉེས་མེད་བོད་མི་ཁྲི་སྟོང་མང་བོ་དམར་གསོད་བཏང་སྟེ། ལོ་ངོ་ཧྲིལ་བོ་ལྔ་བཅུ་ང་གཉིས་འཁོར་བའི་མྱ་ངན་རྗེས་དྲན་བྱས་པ་ཞིག་ཡིན་འདུག  

སློབ་བུ་སྦྲ་རིགས་ཐོགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལྡི་ལི་མཐོ་སློབ་ས་གནས་གཞོན་ནུས་སྣེ་ཁྲིད་དེ་སྤེལ་བའི་བོད་ཀྱི་གཞོན་སྐྱེས་ཚོའི་ལས་འགུལ་དེ་ནི། དེ་རིང་ཉིན་གུང་ནས་བཟུང་རྒྱ་གར་གྱི་ཚགས་པར་དང་བརྙན་འཕྲིན་ཆེ་ཁག་ཚང་མས་དོ་སྣང་ཆེན་པོས་ཐད་གཏོང་བྱེད་བཞིན་ཡོད་འདུག་ལ། ངོ་རྒོལ་བྱེད་མཁན་དག་ལ་ཉིན་ཤས་སྔོན་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དེང་རབས་ཞི་བའི་ངོ་རྒོལ་ཐབས་ཇུས་ཀྱི་སྦྱོང་བརྡར་སྤྲད་ཡོད་པར་བརྟེན་ས་གནས་རྒྱ་གར་ཉེན་རྟོག་དམག་མི་ཚོར་ཅི་བྱེད་འདི་བྱེད་མེད་པ་ཞིག་བཟོས་ཡོད་འདུག འོན་ཀྱང་། མཐའ་མར་དམག་མི་འབོར་ཆེན་བསླེབས་ཏེ་ངོ་རྒོལ་བྱེད་མཁན་དག་རེ་རེ་བཞིན་འཛིན་བཟུང་བྱས་ཡོད་འདུག་ལ། ཁྲིམས་ཞིབ་པ་ཚོས་ཉིན་རྒྱབ་ཆུ་ཚོད་གསུམ་པ་བར་ཁྲིམས་ཞིབ་པས་མཐར་བདུན་ཕྲག་གཅིག་རིང་བཙོན་འཇུག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

 

བཙན་འཛུལ་དང་དམར་གསོད་བྱས་ཏེ་ལོ་ངོ་ ༥༢ འཁོར་བའི་མྱ་ངན་རྗེས་དྲན།

 

བཙན་འཛུལ་དང་དམར་གསོད་བྱས་ཏེ་ལོ་ངོ་ ༥༢ འཁོར་བའི་མྱ་ངན་རྗེས་དྲན།

 

བཙན་འཛུལ་དང་དམར་གསོད་བྱས་ཏེ་ལོ་ངོ་ ༥༢ འཁོར་བའི་མྱ་ངན་རྗེས་དྲན།

 

བཙན་འཛུལ་དང་དམར་གསོད་བྱས་ཏེ་ལོ་ངོ་ ༥༢ འཁོར་བའི་མྱ་ངན་རྗེས་དྲན།

 

བཙན་འཛུལ་དང་དམར་གསོད་བྱས་ཏེ་ལོ་ངོ་ ༥༢ འཁོར་བའི་མྱ་ངན་རྗེས་དྲན།

 

བཙན་འཛུལ་དང་དམར་གསོད་བྱས་ཏེ་ལོ་ངོ་ ༥༢ འཁོར་བའི་མྱ་ངན་རྗེས་དྲན།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 12

  1. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    འདི་ལྟ་བུའི་ལས་འགུལ་ནི་དུས་ལ་བབ་པའི་ལས་འགུལ་ཞིག་རེད། ཚོགས་པ་དེ་དག་ཀྱང་གྲག་འགུལ་མེད་པར་མི་སྡོད་པར། ལས་ཁུངས་བསྲུངས་ནས་མི་སྡོད་པར། ཕྱི་རོལ་ཏུ་ཐོན་ནས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཀྱི་ཐབས་ལམ་གསར་བ་རེ་བཙལ་ན་མི་ལེགས་སམ། རྒྱ་ནག་དམངས་གཙོ་བ་ཚོས། མགྲིན་པ་འགག་རག་བར་དུ་སྐད་བརྒྱབ་ནས། ལོའུ་ཞོ་པོ་ནོ་པེལ་བྱ་དགའ་སྤྲོད་དུ་བཅུག་སོང་། འུ་ཚང་གི་གཉན་དང་ཐེའུ་རང་། གངས་རིའི་ཉི་དགའ། སྒྱིས་ཚང་སྟག་སྨུག དུས་འཁོར་ཐབས་མཁས་སོགས་བདག་པོ་མེད་པར་འགྱུར་དོན་ཅི། ཚོགས་པ་དེ་དག་དགོས་དུས་འཇམ་ཐིང་ཐིང་གྱུར་བ་ནི་ནད་ཅིག་མིན་ནམ། ནང་ཁུལ་གྱི་དཔལ་འབྱོར་འཕྲོག་རྩོད་དང་གོ་གནས་འཕྲོག་རྩོད་དག་གསར་འགྱུར་བརྒྱུད་ལམ་དུ་སླེབས་པའི་ཚབ་ཏུ། ཁྱོད་ཚོ་ཡར་ལངས་ཞུ་ཞེས། འདྲེ་མེ་འབུད་དམ་ཨ་འཇམ་དུ་འབོད་པས་རེ་བ་སྙིང་ནས་ཞུ་བའོ།།

    Reply
  2. ཤག་སྒང་པ། says:
    ལོ་ 15 སྔོན།

    རང་གི་ལང་ཕྱོགས་ཤིག་འཁྱེར་ནས་འདི་ལྟར་ལས་འགུལ་གཞན་ལ་སེམས་འགུལ་འཐེབ་པ་ཞིག་སྤེལ་འདུག་པར་དགའ་བསུ་སྙིངནས་ཞུ། གསན་སྐབས་འདི་འདྲར་ཚོར་བ་དྲག་པོ་ཞིག་གི་འོག་ནས་དགེ་ལས་སྐྱོན་ཆེ་བ་འགྱུར་ཉེན་ཁ་ཡང་ཡོད་པས་ཡིད་གཟབ་བྱོས་ཤིག་བོད་ཀྱི་བུ་དང་བུ་མོ། ཡག་བྱུང་། ཐུགས་རྗེ་ཆེ།

    Reply
  3. བྱམས་རྒྱལ། says:
    ལོ་ 15 སྔོན།

    ན་གཞོན་ཚོའི་སེམས་ཤུགས་དང་དེང་རབ་དང་འཚམས་པའི་ངོ་རྒོལ་བྱེད་སྟངས་འདི་ཧ་ལས་པ་ཡག་པོ་རེད་། ཐུགས་རྗེ་ཆེ་ དུས་་ཚུད་ ༡༥ ཐོག་པ་རི་སིའི་བོད་རིགས་ཚོས་ ཀྲུར་ཨེ་ཕེལ་ ནས རྒྱ་ནག་གཞུང་ཚབ་ཁང་བར་ ཞིའི་ཁྲོམ་སྐོར་གནང་རྒྱུ་རེད་འདུག་ལགས། བོད་རྒྱལ་ལོ།

    Reply
  4. རྒྱལ་བསྟན། says:
    ལོ་ 15 སྔོན།

    ན་གཞོན་ལ་རྒྱ་ཅན་རྣམས་ལ་ཐུགས་རྗེ་ཆེ།
    ཁྱེད་རྣམས་ཀྱི་སྙིང་སྟོབས་དེ་ཇི་སྲིད་སྲིད་མཐའ་མ་རྫོགས་བར་གནས་ངེས།
    དེ་རིང་སྔ་དྲོ་བལ་ཡུལ་མཆོད་རྟེན་ཉེ་འགྲམ་གཙོས་བོད་མི་གནས་ཡུལ་ཁག་ལ་བལ་ཡུལ་ཉེ་རྟོགས་པ་མང་པོ་བཀྲམ་ནས་ལྷ་སར་སླེབ་པ་ལྟ་བུའི་དམ་དྲག་བྱེད་བཞིན་འདུག མཆོད་རྟེན་ཕྱོགས་ལ་འགྲོ་སའི་གཞུང་ལམ་གང་སར་བཀག་ནས་བལ་ཡུལ་ཡུལ་མིའི་ལག་འཁྱེར་མེད་པར་གཏང་གི་མི་འདུག

    Reply
  5. མར་མེ says:
    ལོ་ 15 སྔོན།

    གཤེགས་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གྱི་གུས་འདུད་ཞུ་གི་ཡོད་ལ་དེ་རིང་གི་དཔའ་ངར་དང་རྒྱལ་ཞེན་གྱིས་ཕྱུག་པའི་གཙུག་ལག་སློབ་གཉེར་བ་འདི་རྣམས་ལ་སྙིང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།ཁོང་ཚོའི་འདྲ་པར་རེ་རེ་མཐོང་དུས་ང་རང་རང་དབང་མེད་པར་མིག་ཆུ་ཤོར་གྲབ་བྱས་སོང༌།ང་ཚོའི་བོད་ཀྱི་རང་དབང་འཐབ་འཚོལ་དེ་ནི་རྒྱ་དམར་གྱི་རེ་བ་ལྟར་དུས་ཚོད་འགྱངས་ཐབས་བྱས་ན་ཡལ་འགྲོ་བ་ཞིག་མིན་པ་ནི་དེ་རིང་གཞོན་སྐྱེས་རྣམས་ནས་ལན་འདེབས་གསལ་བོ་ཞིག་བྱས་པ་རེད་ལ།
    མ་འོངས་པའི་གཞོན་སྐྱེས་རྣམས་ཀྱང་དེ་རིང་གི་གཞོན་སྐྱེས་དཔའ་བོ་དཔའ་མོ་འདི་ཚོ་འདྲ་བར་མཆོང་ནས་ཡོང་རྒྱུ་ཡིན་པ་རྒྱ་དམར་གྱིས་ཀྱང་ཚོད་དཔག་བྱེད་ཐུབ་ངེས་རེད།དེ་རིང་འདིར་ཡང་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་སུམ་ཅུ་དུས་དྲན་སྲུང་བྱས་སོང་།ང་ཚོ་འདིར་བོད་རིགས་ཉུང་ཉུང་ཞིག་ལས་མེད་ནའང་ས་གནས་བོད་དོན་རྒྱབ་སྐྱོར་བ་ཚོ་དང་མཉམ་དུ་ཕྱིན་པ་ཡིན།ཕར་ཆེར་མི་ལྔ་ཅུ་དྲུག་ཅུ་ཞིག་འདུག།ང་ཚོ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ནས་གསར་འགོད་གསལ་བསྒྲགས་སྤེལ་བ་རེད།རྒྱ་མིས་བཙལ་འཛུལ་བྱས་རྗེས་ཀྱི་བོད་ཀྱི་ལོ་ངོ་ལྔ་ཅུའི་རིང་གི་ལོ་རྒྱུས་མདོར་
    དང༌།ད་ལྟའི་བོད་ནང་གི་གནས་སྟངས།དེ་རིང་དུས་དྲན་ངོ་སྤྲོད་དང་༸གོང་ས་མཆོག་ནས་དེ་རིང་སུམ་ཅུའི་དུས་དྲན་ཐོག་བསྩལ་བའི་བཀའ་སློབ་སྒྲོག་སོགས་བྱས་པ་རེད།ང་རང་ཡང་དེ་རིང་གི་འཛིན་གྲྭར་དགོངས་པ་ཞུས་ཏེ་དེར་བཅར་བ་ཡིན་ལ་གསར་འགོད་པ་ཡང་ཕར་ཆེར་མི་བཅུ་ལྷག་ཕེབས་འདུག

    Reply
  6. འཇའ་ཐང་གི་འབྲོག་ཕྲུག says:
    ལོ་ 15 སྔོན།

    རྒྱ་ཞེན་ལྷག་བསམ་གྱིས་ཕྱུག་པའི་ན་གཞོན་ཚོ་ལ་ངོས་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་ཁྲིམས་ལུགས་ཀྱི་ཤེས་ཚད་དང་ལྡན་པའི་སྒོ་ནས་མདུན་དུ་དོན་ན་ངོ་མ་གཟི་བརྗིད་འདུག སྤུན་ཟླ་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་མཐུན་པའི་དཔང་རྡང་སྦྲེལ། བོད་རྒྱལ་ལོ།

    Reply
  7. ཁམས་པ། says:
    ལོ་ 15 སྔོན།

    བུ་རྒོད་ཚོ། ལམ་འགྲོ་ཡོང་བར་ཤོག

    Reply
  8. གཡག་རྒོད says:
    ལོ་ 15 སྔོན།

    ན་གཞོན་སློབ་ཆེན་པ་ཚོའི་སྙིང་སྟོབས་དང་ལ་རྒྱ་འདི་ན་མངོན་འདུག།

    Reply
  9. ལུང་རྟོགས། says:
    ལོ་ 15 སྔོན།

    ངོ་མ་བཟང་གི། ན་གཞོན་ཟེར་དུས་ལང་ཚོའི་ངར་ཤུག་འདི་འདྲ་ཞིག་དགོས། ན་གཞོན་ཉོབ་ཐོ་དེ་ན་གཞོན་གྱི་གྲལ་ལ་ཡང་མི་ཚུད། གོང་གི་དཔར་དེ་ཚོ་མཐོང་དུས་སེམས་སྐྱིད་པོ་འདྲ་ཞིག་བྱུང་། ཡིད་ཚིམ་པོ་འདྲ་ཞིག་བྱུང་། མུ་མཐུད་ནས་རང་དབང་མ་ཐོབ་བར་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  10. ཕྱུགས་རྫི says:
    ལོ་ 15 སྔོན།

    ལས་འགུལ་བ་ཡོངས་ལ་བཅོས་མིན་གྱི་ཐུགས་རྗེ་ཆེ་མུ་འཐུད་ནས་རེ་བ་དང་ཡིད་ཆེས་ཡོད།

    Reply
  11. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    དཔའ་བོ་དཔའ་མོ་ཁྱེད་ཚོས་ངོ་རྒོལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply
  12. གངས་བུ། says:
    ལོ་ 15 སྔོན།

    ངེས་དོན་གྱི་དཔའ་བོ་དཔའ་མོ་མ་འོངས་བའི་སོན་རྩ་མི་རིགས་འདིའི་བདག་པོ་ཁྱེད་ཅག་ལ་རྗེས་སུ་ཡི་རིང་མཚོན་བྱེད་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལས་འགུལ་ཅི་སྤེལ་ཐམས་ཅད་གེགས་མེད་ལམ་འགྲོ་ཡོངས་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese