མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པེ་ཅིན་གྱི་བོད་ལུཊ་ལོ་གསར།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༥ ཉིན་རྒྱ་ནག་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་གཙོས་པའི་པེ་ཅིན་གྲོང་ཁྱེར་གྱི་བོད་རིགས་སློབ་ཕྲུག་དང་དགེ་རྒན་ལས་བྱེད་རྣམས་ལྷན་དུ་འཛོསམ་ཏེ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ལོའི་ལོ་གསར་དགའ་སྟོན་ལ་རོལ་ཡོད་འདུག སྐབས་དེར་བོད་ཆོལ་ཁ་གསུམ་གྱི་སློབ་ཕྲུག་ཚོས་སོ་སོའི་ཡུལ་སྲོལ་ལྟར་རྒྱན་ཆས་སྣ་ཚོགས་སྤྲས་ཏེ་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཡོད་པ་མ་ཟད། བོད་ཟླ་ ༡༢ པའི་ཚེས་ཉེར་དགུའི་དགོང་མོར་དགེ་སློབ་ ༥༠༠ ཙམ་ལྷན་དུ་འཛོམས་ཏེ་དགུ་ཐུག་བཞེས་ཡོད་འདུག

གནམ་གང་གི་དགོང་མོར་ལོ་གསར་རིག་རྩལ་སྤྲོ་ཚོགས་ཆེན་མོ་ཞིག་བསྡུས་ཏེ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མགོ་ཁྲིད་རྣམ་པ་དང་། བོད་སྐད་ཡིག་སློབ་གླིང་གི་མགོ་གཙོ་དགེ་ཚེ་རིང་ཐར་དང་བཀྲ་བྷ་སོགས་བོད་རིགས་དགེ་ལས་རྣམས་ཕེབས་ཡོད་འདུག དུས་ཚོད་གཉིས་ཙམ་གྱི་ལོ་སར་རིག་རྩལ་སྤྲོ་ཚོགས་སྟེང་། བོད་ཀྱི་གླུ་བ་གྲགས་ཅན་སྐལ་བཟང་ཚེ་རིང་དང་། གླུ་མ་རིག་འཛིན་སྒྲོལ་མ། འཕྱོངས་ཞོལ་སྒྲོལ་མ་སོགས་གདན་འདྲེན་ཞུས་ཡོད་ཅིང་། སློབ་གྲོགས་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གླུ་གར་དང་དེང་རབས་ཞབས་བྲོ་སོགས་འཁྲབ་སྟོན་བྱས་ཡོད་འདུག

ཚེས་གཅིག་གི་ཞོགས་པ་སྔ་བོར་སློབ་གྲོགས་རྣམས་ཕན་ཚུན་ལ་མགྲོན་དུ་ཕེབས་ཤིང་།  དགེ་རྒན་རྣམས་ལ་བཀྲ་ཤིས་པའི་ལོ་གསར་བསྐྱལ། དེ་བཞིན་སློབ་ཕྲུག་རྣམས་ཀྱིས་སོ་སོའི་མལ་ཁང་དུ་སྡེར་ཁ་གྱ་ནོམ་པ་བསྒྲིགས་ཏེ་ལོ་གསར་གྱི་སྤྲོ་སྐྱིད་ལ་རོལ་ཞིང་། ཚེས་གཉིས་ཉིན་སློབ་གླིང་གི་གོ་སྒྲིག་འོག་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཆེན་པོ་ཞིག་གནང་ཡོད་འདུག

 

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ལོ་རྗེས་མར་ ང་ཡང་ པེ་ཅིན་དུ་ ལོ་གསར་ གཏོང་ཐུབ་པའི་ རེ་བ་ ཡོད་ལགས།

    Reply
  2. འདྲེ་མེ་འབུད། says:
    ལོ་ 12 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  3. གངས་རིའི་བུ says:
    ལོ་ 12 སྔོན།

    ཐོག་མ་དེ་ལ་ངས་རྒན་སློབ་ཡོངས་ལ་གནམ་ལོ་གསར་བཞེད་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། གང་ཡིན་ཟེར་ན། ཁྱེད་ཚོ་ནི་དངོས་གནས་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པས་ཁྱེད་ཚོས་རྒྱ་ནག་གཞུང་གི་གནད་ཤུགས་ལ་འཛེམ་མེད་སྒོ་ནས་བོད་མི་རིགས་ཀྱི་ལོ་གསར་གྱི་རྣམ་པ་ཕྱི་རུ་བསྟན་པ་ནི་མི་རིགས་ཀྱི་གཟིགས་བརྗིད་དང་རྒྱལ་སྤྱིའི་ཁྲིམས་ལུགས་མཐུན་པའི་ལས་གཞི་རླབས་པོ་ཆེ་ཞིག་ཀྱང་རེད། དེ་འདྲ་སོང་ཙང་རྗེས་སུ་ཡང་མུ་འཐུད་དེ་རང་མི་རིགས་ཀྱི་གོམས་གཤིས་དེ་མ་བརླག་པའི་ཐོག་ནས་སློབ་སྦྱོང་ལ་ཧུར་ཐག་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist