མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་སྐྱོང་ལས་བགྲེས་ཡོལ་གནང་ཚེ་གུས་བཀུར་ཞུ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒེར་ལངས་ཐེངས་ང་གཉིས་པའི་དུས་དྲན་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ གི་སྟེང་།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག  བོད་མི་བརྒྱ་ཕྲག་འགའ་འདུ་འཛོམས་ཐོག་དྷ་ས་མེག་གྷན་རླངས་འཁོར་འབབ་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་གནང་སོང་།

སྐབས་དེར་བོད་དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ནས་ཐེངས་འདིའི་བོད་མིའི་སུམ་བཅུའི་སྒེར་ལངས་ ༥༢ པའི་དུས་དྲན་སྐབས་སྤེལ་བཞིན་པའི་ལས་འགུལ་ཁག་ངོ་སྤྲོད་དང་འབྲེལ་བརྗོད་དོན། ལོ་རྒྱུས་ཐོག་བོད་དང་དབྱིན་ཇིའི་བར་འདྲ་མཉམ་གྱི་ཆིངས་ཡིག་བཞག་ཡོད་པ་དང་། འདས་པའི་བྱུང་རབས་ནང་བོད་རང་བཙན་གྱི་གནས་བབས་ཏེ་དབྱིན་ཇིའི་གཞུང་གིས་གསལ་བོ་མཁྱེན་རྟོགས་ཡོད་པར་མ་ཟད།  འདས་པའི་བྱུང་རབས་ནང་དབྱིན་གཞུང་ནས་ངོས་འཛིན་ཡོད་པ་ཞིག་ཆགས་བསྡད་ཡོད་སྟབས། ཕྱི་ཚེས་ ༡༡ ཉིན་གཞོན་ལྷན་དབུས་རྒྱུན་ཁག་ཅིག་དབྱིན་ཇིའི་གཞུང་ཚབ་ཁང་ལ་བཅར་ཏེ། དབྱིན་གཞུང་ལ་བོད་རང་བཙན་ངོས་འཛིན་དྲན་སྐུལ་བྱ་རྒྱུ་དང་། རྒྱ་གར་སྲིད་བློན་ལས་ཁུངས་ལ་བཅར་ཏེ། མི་ལོ་ ༥༠ རིང་ལ་བོད་གཞུང་དམངས་གཉིས་ལ་རྒྱ་གར་ས་ཐོག་ནས་འཐབ་བརྩོད་དང་འཚོ་གནས་ཀྱི་ཁོར་ཡུག་བསྐྲུན་པར་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་ཡིན་ཟེར།

དེའི་རྗེས་ཁོས་གཞོན་ལྷན་གྱི་གསུམ་བཅུའི་སྒེར་ལངས་ཐེངས་ ༥༢ པའི་བསྒྲགས་གཏམ་སྒྲོག་འདོན་གནང་དོན། གསུམ་བཅུ་དུས་དྲན་གྱི་ཉིན་མོ་འདི་ནི། གངས་ཅན་ཆོལ་གསུམ་དཔའ་བོ་ཁྲི་འབུམ་དུ་མས་བོད་ཀྱི་རྒྱལ་ས་ལྷ་སར་ཆིག་སྒྲིལ་དང་རྒྱལ་གཅེས། རིགས་ཞེན་བཅས་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་བདག་དབང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་སྲུང་སྐྱོབ་ཆེད། རང་སྲོག་བློས་གཏོང་གིས་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕྱིར་རྒྱུགས་ཞེས་པའི་གཅིག་གྱུར་གྱི་འབོད་སྒྲ་བསྒྲགས་ཏེ། ཞི་དྲག་ཟུང་གིས་དགྲ་བོ་འགོག་རྒོལ་ཆེད་ཡར་ལངས་གནང་པའི་ཉིན་མོ་རླབས་ཆེན་ཞིག་ཡིན། འབོད་ཚིག་དེ་གསུམ་ནི་ཤི་བོའི་ཁ་ཆེམས་དང་གསོན་པའི་རེ་བ། བོད་ཕྱི་ནང་གཉིས་དམ་གཙང་ཆིག་སྒྲིལ་ངང་བོད་རང་བཙན་སླར་གསོའི་འཐབ་རྩོད་མ་ཤི་རྒྱུན་འཆང་གསོན་གནས་བྱེད་པའི་སྦྲེལ་ཐག་ཀྱང་ཡིན། ཅེས་དང་།

གཞན་ཡང་། གསུང་འཕྲིན་དེའི་ནང་དུ། བོད་གཞུང་གིས་བོད་དོན་འབད་རྩོན་གནང་ཕྱོགས་ཐད་ནས་གུ་ཡངས་དང་བློས་གཏོང་ཇི་ལྟར་གནང་ཡང་། དགྲ་བོ་རྒྱ་དམར་གྱིས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་མེད་པ་དེ་ནི།  བོད་རྒྱ་འབྲེལ་མོལ་ཐེངས་དགུ་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་རྗེས་སུ་ཡང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་མེད་པར། ཁྲིམས་འགལ་ངང་བོད་མི་རྣམས་ལ་ཁྲིམས་ཆད་སྣ་ཚོགས་དང་། ཤེས་ལྡན་པའི་དཔུང་ཁག་འབུར་འཇོམ། ཁོར་ཡུག་གཏོར་བརླག  བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་འགོག་སྡོམ་སོགས་ལས་གསལ་རྗེན་དུ་ཐོན་ཡོད།  འབྱུང་འགྱུར་སྐབས་གསར་པའི་བཀའ་སྤྱིའི་ངོས་ནས་ཀྱང་། ངེས་པར་བྱུང་རབས་རང་བཞིན་གྱི་རྩ་དོན་བོད་རང་བཙན་སླར་གསོའི་ཐད་གཅིག་གྱུར་ཡོང་བའི་འགྱུར་བ་དང་། སྣེ་འཁྲིད་དགོས་པ་ཧ་ཅང་གལ་ཆེན་ཡིན་པ་གསལ་འདེབས་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

བཀའ་སྤྱིའི་འོས་བསྡུའི་ཐད། ཉིན་ཤས་རྗེས་ཡོང་རྒྱུའི་བཀའ་སྤྱིའི་འོས་བསྡུ་ནི། བོད་རྒྱལ་ཁབ་དང་བོད་མི་མང་གི་མ་འོངས་པའི་བདེ་སྡུག་དང་མདུན་ལམ་ཐད་ཧ་ཅང་གལ་གནད་ཆེ་བའི་དོན་ཆེན་ཞིག་ཡིན་སྟབས། འགྱུར་བ་དེ་ཉིད་ང་ཚོའི་མ་འོངས་ཆིག་སྒྲིལ་རྒྱུན་འཆང་གོང་འཕེལ་དང་། བོད་ཕྱི་ནང་གི་དཀའ་སྡུག་སེལ་ཞིང་བོད་རང་བཙན་སླར་གསོ་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་ཏུ་སྨིན་ཆེད། ཚང་མས་རྒྱལ་ཞེན་དང་གུ་ཡངས། ཆིག་སྒྲིལ་གྱི་སྒོ་ནས་དབུ་ཁྲིད་ཚན་ལྡན་འདེམས་ཐོན་དང་། འོས་ཤོག་གི་བརྒྱ་ཆ་ཚད་མཐོན་པོར་བསླེབ་རྒྱུར་འགན་འཁུར་ཡོད་པའི་སྒོ་ནས་འོས་བསྡུའི་ཆ་ཤས་ངེས་པར་ལེན་དགོས། ཞེས་དང་།

བསྒྲགས་གཏམ་དེའི་ནང་༧གོང་ས་མཆོག་གི་བགྲེས་ཡལ་གནད་དོན་སྐོར་བཀོད་དོན། ཉེ་ལམ་༸གོང་ས་མཆོག་བགྲེས་ཡོལ་ཕེབས་རྒྱུའི་གནད་དོན་ཐད། གཞོན་ལྷན་གྱིས་མགོན་པོ་མཆོག་གི་སྤྱན་སྔར་མཚན་འཁོད་སྙན་ཞུ་ཕུལ་ཟིན་པ་ལྟར། དམངས་གཙོ་མདུན་སྐྱོད་སོགས་ཀྱི་སླད། འཛིན་སྐྱོང་གི་ལས་དོན་ནས་བགྲེས་ཡོལ་གནང་གཏན་འཁེལ་ཚེ་དེར་གུས་བཀུར་ངོས་འཛིན་ཞུ་རྒྱུ་ཡང་། རྒྱལ་ཁབ་དང་འཐབ་རྩོད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་མི་གནང་བའི་གསོལ་འདེབས་ཞུས་ཟིན་པ་དེ། དུས་དྲན་གྱི་སྐབས་དང་བསྟུན་ནས་ཡང་བསྐྱར་ནན་གྱིས་གསོལ་འདེབས་དང་གསལ་བརྗོད་ཞུ་རྒྱུ་ཡིན། ཅེས་བཀོད་འདུག 

གསུང་འཕྲིན་གྱི་མཐའ་སྡོམ་དུ།  རྒྱ་ནག་གི་འགྱུར་བ་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཙམ་གྱིས་ང་ཚོའི་བདེན་པའི་མཐའ་གསལ་མི་ཐུབ་པར། བོད་ཀྱི་རྩ་དོན་དང་འཐབ་རྩོད་ཀྱི་བདག་པོ་ངེད་བོད་མི་རྣམས་ཡིན་པ་བཞིན། གཙོ་བོ་ང་ཚོས་བོད་རྒྱལ་ཁབ་ཀྱི་བྱུང་རབས་དང་མདུན་ལམ་ལ་འགན་འཁུར་སྣེ་འཁྲིད་ཀྱིས་འཐབ་རྩོད་ཚད་མཐོ་རུ་གཏོང་ནས་བོད་རང་བཙན་སླར་གསོ་དགོས་པ་བཞིན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་བོད་རང་བཙན་སླར་གསོའི་རླབས་ཆེན་གྱི་ཡར་ལངས་དང་། དེ་རྗེས་སྐྱེ་རྒུ་མདོའི་ས་ཡོམ་སྐབས་སྐྱིད་སྡུག་མཉམ་མྱོང་གི་ལག་ལེན་དངོས།  ཕྱི་ལོ་ ༢༠༡༠ ལོར་བོད་ཀྱི་སྐད་ཡིག་གི་བདག་དབང་ཆེད་སློབ་མའི་ཡར་ལངས། སྔ་ལོ་དང་འདི་ལོ་ནས་བོད་ཆོལ་གསུམ་ཡོངས་གཅིག་གྱུར་གྱི་ལོ་གསར་གཏོང་རྒྱུའི་ངོས་འཛིན་དང་། ཆོད་སེམས་བཅས་ནས་གངས་ཅན་པའི་མདུན་ལམ་གྱི་འོད་སྣང་ཇེ་ཉེ་ཇེ་གསལ་དུ་འགྲོ་བ་མཚོན་ཐུབ། ཅེས་བརྗོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

སྐར་མ ༥༥ སྔོན་ལ།
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༢ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།

མཆན། 2

  1. གནས་ཚང་། says:
    ལོ་ 15 སྔོན།

    ” རྒྱ་ནག་གི་འགྱུར་བ་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཙམ་གྱིས་ང་ཚོའི་བདེན་པའི་མཐའ་གསལ་མི་ཐུབ ” འདི་དོན་དངོས་རེད། ལོ་ངོ ༥༠རིང་ག་རེ་བྱུང་འདུག ཅི་ཡང་བྱུང་མི་འདུག་ག རང་ཉིད་ནས་རང་ཉིད་སྐྱོབ་པའི་དུས་ལ་བབས་ཟིན་པ་མིན་ནམ།

    Reply
  2. ཆོས་གྲུབ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། འདི་ན་ཚོགས་གཞོན་དོན་གྲུབ་ལྷན་དར་གྱིས་བཀའ་མོལ་ཚབས་ཆེན་ཞིག་གནང་འདུག ” རྒྱ་ནག་གི་འགྱུར་བ་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཙམ་གྱིས་ང་ཚོའི་བདེན་པའི་མཐའ་གསལ་མི་ཐུབ ” བཀའ་མོལ་འདི་མི་སྒེར་བ་ཞིག་གིས་གཏམ་བཤད་གནང་སྐབས་དང་། བགྲོ་གླེང་སོགས་སུ་གསུང་པ་ཡིན་ན། དེ་ནི་རྒྱུན་ལྡན་ཞིག་ལ་བརྩི་ཆོག་མོད། འོན་ཀྱང་། ཚོགས་པ་སྒྲིག་འཛུགས་ཤིག་དང་། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་གི་ཚོགས་པ་ཆེ་ཤོས་གཞོན་ནུ་ཚོགས་པ་ལྟ་བུ་ཞིག་གིས་འདི་ལྟར་བསྒྲགས་གཏམ་སྤེལ་ན་ཧ་ཅང་ཚབས་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese