མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་འགུལ་དང་མཚོ་འཁྱོམ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་གི་རྒྱལ་ས་དང་ཉེ་བའི་བྱང་ཁུལ་དུ་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་ལ་བསྟུད་མུར་རིམ་པ་ ༧།༢ཅན་གྱི་ས་འགུལ་བརྒྱབ་ཡོད་ཀྱང་། རྒྱུ་དངོས་ལ་གནོད་སྐྱོན་ཆེན་པོ་ཐེབས་མེད་ལ། མི་སྲོག་ཤོར་བའི་གནས་ཚུལ་ཡང་བྱུང་མེད། ཁ་སང་ཕྱི་ཚེས་ ༡༡ ཉིན་བསྐྱར་དུ་ཉི་ཧོང་བྱང་ཤར་མཚོ་ངོགས་སུ་ས་འགུལ་རིམ་པ་ ༨།༩ ཅན་ཞིག་བྱུང་བ་དང་། ས་འགུལ་དེའི་དབང་གིས་རྒྱ་མཚོ་ཆེན་མོ་གཡོ་འཁྱོམ་བྱས་ཏེ། མཚོ་འགྲམ་ཁུལ་གྱི་གྲོང་ཁྱེར་ནང་མཚོ་རླབས་འཕྱུར་ཏེ། འཛུགས་སྐྲུན་དང་ཁང་ཁྱིམ། ལམ་དང་ཟམ། རླངས་འཁོར་དང་གྲུ་གཟིངས་ཁྲི་སྟིང་མང་པོ་འཁྱུར་མིད་བཏང་ཡོད།

ཐེངས་འདིའི་ཉི་ཧོང་གི་ས་འགུལ་ཁྲོད་མི་ཤི་བའི་གྲངས་ཀ་གསལ་བོ་མེད་ཀྱང་། དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་པ་བར་མི་ ༤༨༠ ལྷག་གི་བེམ་རོ་བརྙེད་སོན་བྱུང་ཡོད་པ་དང་། མི་ ༢༣༤༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ། དེ་བཞིན་མི་སེར་འབུམ་གཉིས་ ༢༠༠༠༠༠ ལྷག་ལ་གནོད་འཚེ་ཐེབས་ཏེ་ཅི་བྱ་གཏོད་བྲལ་དུ་གྱུར་ཡོད་འདུག ད་དུང་དུས་ཚོད་སྐར་ཆ་རེ་རེར་མི་ཤི་བའི་གྲངས་འབོར་འཕར་བཞིན་ཡོད་འདུག་ལ། མཚོ་ཁུལ་གྱི་གྲོང་ཁྱེར་གཞན་མང་པོ་ཞིག་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ཡང་འཐོན་བཞིན་འདུག

གསར་ལམ་གཞན་འགའ་རེར་གནས་ཚུལ་ཐོན་པ་ལྟར་ན། ས་འགུལ་ཁྲོད་མི་ཆིག་སྟོང་ལྷག་འདས་གྲོངས་སུ་སོང་ཡོད་ཚུལ་དང་། དགོང་མོ་དེར་རྒུད་སྐྱོབ་མི་སྣས་རའོ་ལཱིན་ས་ཁུལ་གྱི་མཚོ་ཁ་ནས་བེམ་པོ་ ༣༠༠ ཙམ་བརྙེད་པ་དང་། ཡན་ཧྲིག་དང་ཧྥུའུ་ཏའོ། ཚི་ཁྲིན། ཆན་ཡེ་སོགས་རྫོང་ཁག་འགར་ཡང་ཉུང་མཐར་མི་བརྒྱ་ཕྲག་འགའ་རེ་རྐྱེན་ལམ་དུ་ཤོར་ཡོད་ངེས་རེད་ཟེར། གཞན་ཉི་ཧོང་རྒྱལ་ས་ཊོ་ཀེ་ཡོ་ Tokyo གྲོང་ཁྱེར་ནང་གི་བཟོ་གྲྭ་དང་རྡོ་སྣུམ་ལས་སྣོན་ཁང་གཅིག་བཅས་སུ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་འདུག

རྒྱ་མཚོ་གཡོ་འཁྱོམ་གྱི་རླབས་ཤུགས་དེ་ཉི་ཧོང་བྱང་ཕྱོགས་ཀྱི་གྲོང་ཁྱེར་བཅུ་ལྷག་ནང་བསླེབས་ཡོད་པ་མ་ཟད། ཧྥི་ལི་ཕིན་ Philippines དང་ཧིན་རྡུ་ནི་ཤི་ཡ། ཐེ་ཝན། ཀོ་རི་ཡ་སོགས་སུ་ཡང་ཤུགས་རྐྱེན་ཐེབས་ཡོད་ཀྱང་། མི་རྒྱུར་གོད་ཆག་གི་གནས་ཚུལ་བྱུང་མེད། ས་ཡོམ་ཆེད་མཁས་པ་འགའ་རེས་བརྗོད་ན། ཐེངས་འདིའི་ས་འགུལ་དེ་ནི་ཉི་ཧོང་ལོ་རྒྱུས་སྟེང་གི་ས་འགུལ་ཤུགས་ཆེ་ཤོས་དེ་ཡིན་ཟེར་ཞིང་། འགའ་རེ་ཡིས་ལོ་ངོ་ ༡༤༠ ནང་ཚུན་གྱི་འགུལ་ཚད་མཐོ་ཤོས་དེ་ཡིན་རབས་བཤད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་སྲིད་འཛིན་ཚོས་ཉི་ཧོང་ནང་གི་གོད་ཆག་ལ་མྱ་ངན་གྱི་འཚམས་འདྲི་ཞུས་ཤིང་། ཁ་སང་ཉིན་གུང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོ་ནས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཐེངས་འདིར་ཨ་རིའི་གཞུང་གིས་གནམ་གྲུ་འབབ་ཆོག་པའི་གྲུ་གཟིངས་ཆེན་པོ་ཞིག་ཆེད་གཏོང་གིས་ཉི་ཧོང་གི་གོད་ཆག་ལ་རོགས་རམ་བྱ་རྒྱུ་ཡིན་ཟེར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    སུ་ནྰ་མི་འདི་ཇ་པེན་གྱི་སྐད་དུ། ཆུ་རི་རེད་ཞེས་ཟེར་སོང་སྙམ།

    Reply
  2. ཀརྨ་རྣམ་རྒྱལ། says:
    ལོ་ 16 སྔོན།

    ཉི་ཧོང་དུ་གོད་ཆགས་བྱུང་བ་ལ་མྱ་ངན་ཞུ་། ཨོྃ་མ་ཎི་པདྨ་ཧཱུྂ། ཉེ་བའི་ལོ་ཤས་ནང་ས་ཆ་གང་ས་འབྱུང་གཞི་འཇིགས་པ་ཇེ་ཆེར་རུ་འགྲོ་དང་འགྲོ་བཞིན་པ་ལ་བསམ་ནས་རང་རིགས་རྣམས་ཆོལ་ཁ་དང་ཆོས་ལུགས་གི་དབྱེ་གཞི་དོར་ཏེ་། འདི་ཕྱི་གཉིས་ཕན་ཀྱི་དམ་པའི་ལྷ་ཆོས་བྱེད་ན་མི་ལེགས་སམ།

    Reply
  3. འབྲོང་སར་ཚེ་ཉི། says:
    ལོ་ 16 སྔོན།

    ས་ཡོམ་དང་ཆུས་རླབས་འཕྱུར་བའི་རང་བྱུང་གོད་ཆག་ཁྲོད་དུ་འདས་གྲོང་སུ་གྱུར་པའི་གཤིན་པོ་ཚེ་ལས་འདས་ཚད་རྣམས་ཀྱིས་ཚེ་རབས་འཕྲེང་བར་བསགས་པའི་བྱས་བསགས་སྡིག་ལྟུང་མཐའ་དག་བྱང་ཞིང་དག་པར་མཛད་དུ་གསོལ། ཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿ འཕགས་པ་སྤྱན་རས་གཟིགས་ཀྱིས་ལམ་སྣ་འདྲེན་པར་ཤོག། ཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿ

    Reply
  4. ཁམས་པའི་ཕོ་རྒོད། says:
    ལོ་ 16 སྔོན།

    འདུས་བྱས་ཐམས་ཅད་མི་རྟག་པ་རེད་འདུག་ག་ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔
    མཐའ་ཅིག་ཏུ་མྱ་ངན་ཞུ་ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔་ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔

    Reply
  5. ཁྱུང་དཀར says:
    ལོ་ 16 སྔོན།

    དགེ་མཐོང་གིས་དེ་རིང་མི་རྟག་པ་དྲན་ཁུལ་བྱས་འདུག་ལ། ནང་ཆོས་ལ་དད་སྣང་ཆེ་རུ་འགྲོ་དགོས་པའི་བསམ་པ་འཁོར་བཞག ཡག་པོ་རེད།

    Reply
  6. སོག་ནག་ཚང་། says:
    ལོ་ 16 སྔོན།

    གཞིས་ཁྱིམ་སྟོར་བའི་ཉམ་ཆུང་མི་ཚོས་འཚོ་བའི་འཁོས་ཀ་ཅི་ལྟར་སྐྱེལ།།
    ཕ་མ་མེད་པའི་དྭ་ཕྲག་མང་པོས་རེ་བའི་མིག་ཞགས་སུ་ལ་གཏོད།།
    བུ་ཕྲུག་བྲལ་བའི་རྒན་རྒོན་དག་གིས་ཚེ་མཇུག་ནམ་ཟླ་ཇི་ལྟར་སྐྱོང་།།
    ས་ཡོམ་མཚོ་སྐྱོམས་འབྱུང་བཞིའི་ཇག་པས་མི་རྒྱུ་མང་པོ་དེད་ནས་ཐལ།།
    ཨོཾ་མ་ཎི་པདྨེ་ཧཱུཾཾཿ
    ཨོཾ་མ་ཎི་པདྨེ་ཧཱུཾཾཿ
    ཨོཾ་མ་ཎི་པདྨེ་ཧཱུཾཾཿ

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དངོས་གནས་འཇིག་རྟེན་འདིར་སྙིང་བོ་མི་འདུག སྐར་ཆ་ཁ་ཤས་ནང་དུ་མི་ལུས་རིན་པོ་ཆེ་འབོད་པའི་ཟག་ཕུང་དེ་རིགས་རྩ་མེད་དུ་འགྲོ་གིན་འདུག ད་ཐེངས་ཀྱི་ས་ཡོམ་མཐོང་ནས་སེམས་ལ་འཇིགས་སྐྲག་དང་མཐར་ཐུག་ན་ནང་ཆོས་ལས་ལྷག་ཅིག་མི་འདུག་བསམ་བྱུང་། ཁོ་ཚོ་ལ་མྱ་ངན་དང་རྗེས་དྲན་ཞུ་ཞུ།
    ཨོྃམཎིཔདྨེཧཱུྃཿ

    Reply
  8. ལངས་གཉིད། says:
    ལོ་ 16 སྔོན།

    ཨོྃམཎིཔདྨེཧཱུྃཿཨོྃམཎིཔདྨེཧཱུྃཿཨོྃམཎིཔདྨེཧཱུྃཿཨོྃམཎིཔདྨེཧཱུྃཿཨོྃམཎིཔདྨེཧཱུྃཿཨོྃམཎིཔདྨེཧཱུྃཿཨོྃམཎིཔདྨེཧཱུྃཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese