ད་ཐེངས་བོད་ཀྱི་གྲོས་ཚོགས་ཀྱི་དམིགས་བསལ་གསུང་འཕྲིན་བགྲོ་གླེང་སྐབས་སུ་འཐུས་མི་རེ་རེ་ནས་སྐར་མ་བཅུ་རེའི་ནང་ཆ་ཤས་ལེན་ཐུབ་པ་བྱུང་ཡོད་ཀྱང་། ཁོང་ཚོས་༸གོང་ས་མཆོག་གི་གསུང་འཕྲིན་དེ་ཁྱབ་ཁོངས་ཧ་ཅང་དོག་མོ་ཞིག་ཏུ་བཟུང་བ་མ་ཟད། ཞིབ་འཇུག་གི་བྱེད་ཐབས་ཀྱང་གང་ཡང་མ་སྤྱད་པའི་ཐོག གསུང་འཕྲིན་དེ་བརྒྱུད་༸གོང་ས་མཆོག་ནས་ལོ་ངོ་ལྔ་བཅུའི་རིང་གི་བོད་ཀྱི་འཛིན་སྐྱོང་དང་ཆབ་སྲིད་ལམ་ལུགས་ཐོག་བསྐྱར་དུ། ཕྱོགས་སྡོམ་དང་དབྱེ་ཞིབ་ཀྱིས་གསར་བརྗེ་གལ་ཆེན་ཞིག་ཡོང་རྒྱུར་ཐུགས་རེ་ཆེན་པོ་བཏོན་པ་དེར། བོད་ཀྱི་གྲོས་ཚོགས་ནས་བརྩི་འཇོག་དང་ལག་ལེན་ལས་ལྡོག་སྟེ་སྣང་མེད་དང་། ཨུ་ཚུགས་ཐོག་ངོས་ལེན་གཏན་ནས་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་རྒྱུ་གལ་ཆེན་དུ་བཟུང་སོང་།
གསུང་འཕྲིན་དེ་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་ཐོག་གི་རྩ་ཆེའི་ལམ་སྟོན་ཞིག་ལས་ལྡོག་སྟེ་བོད་ཀྱི་ལོ་རྒྱུས་སྒང་གི་ཆེས་ཉེབ་ཚབས་ཆེ་བའི་གནད་དོན་ཞིག་དང་། དེ་ལྟ་བུའི་སྐྱོ་གར་ཅིག་བོད་ཀྱི་བྱུང་རབས་ནང་འབྱུང་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་མ་ཟད། བློ་ཕམ་ཆེན་པོ་ཡོད་ཅེས་རྣམ་འགྱུར་མཁྲེགས་པོའི་ཐོག་ཡང་དང་བསྐྱར་དུ་ནན་བརྗོད་ཐོག་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ལ་འགྲོ་རྒྱུའི་ཐོབ་ཐང་མེད་སྐོར་ཡང་གླེང་སོང་།
ཁོང་ཚོས་གསུང་འཕྲིན་དེའི་རིན་ཐང་ལ་རྟོག་ཞིབ་གང་ཡང་མེད་པར་དེའི་ཉེན་ཁའི་རང་བཞིན་ངོས་འཛིན་ཐད། བོད་དང་འཕགས་པ་སྤྱན་རས་གཟིགས་བར་གྱི་འབྲེལ་བ་ཁ་བྲལ་དུ་གཏོང་རྒྱུ་དང་། རྒྱལ་སྤྱི་དང་བོད་བར་གྱི་འབྲེལ་ལམ་དང་བོད་ཀྱི་ཆེས་མཐོའི་གཟུགས་བརྙན་རྨང་མེད་དུ་གཏོང་རྒྱུ། བོད་གཞེས་བྱེས་གཉིས་བར་གྱི་ཆིག་སྒྲིལ་དང་མཛའ་མཐུན་མེད་པར་བཟོ་རྒྱུ། བཙན་བྱོལ་སྒྲིག་འཛུགས་དང་དེའི་བཅའ་ཁྲིམས་ལ་ནུས་པ་དང་རྒྱབ་རྟེན་མེད་པར་ཆགས་རྒྱུ། བོད་རྒྱ་གཉིས་བར་གྱི་ཞི་མོལ་མཇུག་སྐྱོང་ལ་འགོག་རྐྱེན་དུ་འགྲོ་རྒྱུ་བཅས་ཀྱི་ངོས་འཛིན་བྱས་ཡོད།
གསུང་འཕྲིན་དེ་མ་འོངས་པར་འབྱུང་ངེས་པའི་ཛ་དྲག་གི་ཉེན་ཁ་མང་པོ་ཞིག་ལས་བརྒལ་ཐུབ་པའི་གོ་སྐབས་དང་། ཐབས་ལམ་ཡང་དག་པ་ཞིག་ཏུ་མ་བཟུང་བར། དེས་བས་ཀྱང་ཉེན་ཁ་གང་མང་ཞིག་སློང་ངེས་པའི་རྒྱུ་རྐྱེན་དུ་བཟུང་ཐོག དེའི་འབྱུང་རྐྱེན་རྩོམ་པ་པོ་དང་མཁས་དབང་འགའི་བསམ་ཚུལ་ལ་ཉན་འཇོག་མང་བ་དང་། གཞན་གྱི་མང་གཙོའི་ལམ་ལུགས་ལ་ལད་ཟློས་ཆེ་བ། ཐ་སྙད་གལ་ཆེན་བཟུང་བའི་རྣམ་པ་ཆེ་བ། དགའ་ལྡན་ཕོ་བྲང་བའི་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་། བོད་དམངས་ཀྱི་དད་པ་དམ་ཚིག་གི་མངོན་འདོད་སྟོབས་ཆེ་བ་ལ་རྒྱབ་གཏད་པའི་སྐྱོན་བརྗོད་ཡང་ཟར་དུ་ཤུགས་ཆེན་པོ་བྱས་སོང་།
ཕྱོགས་གཞན་ཞིག་ནས་གསུང་འཕྲིན་དེར་ལྟ་ཞིབ་བྱེད་རྒྱུའི་ཐད་སྤོབས་པ་དང་གདེང་ཚོད། ཤེས་ཡོན་སོགས་འདང་ངེས་མེད་པའི་ངོས་ལེན་གྱི་རྣམ་འགྱུར་དང་མཉམ། སྤྱི་འཐུས་འགའ་ཤས་ནས་གལ་སྲིད་གསུང་འཕྲིན་ལྟར་ཚོགས་ཆུང་ཟུར་འཛུགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་སོགས་ཀྱི་ཐག་གཅོད་བྱས་ཚེ་གྲོས་ཚོགས་ཀྱི་ཚོགས་རྭ་ལས་ཕྱིར་ཐོན་རྒྱུ་ཡིན་པའི་ཉེན་བརྡ་ཡང་བསྟུན་མར་བཏང་སོང་།
ཁོ་རང་ཚོའི་ངོས་ནས་དོན་དམ་དུ་གསུང་འཕྲིན་རིན་པོ་ཆེ་ཁས་ལེན་བྱས་ཚེ། ༸གོང་ས་མཆོག་འཕགས་པ་སྤྱན་རས་གཟིགས་ཡིན་པའི་ལྟ་ཚུལ་ལ་དོ་ཕོགས་འགྲོ་བ་དང་། ༸གོང་ས་མཆོག་གི་རྒྱལ་དབང་སྐུ་ཕྲེང་སྣ་རིམ་གྱི་ཐོབ་དབང་ཆུང་དུ་བཏང་བ། བོད་ཀྱི་ཆོས་སྲིད་ཟུང་གི་གཙོ་འཛིན་གྱི་གོ་གནས་ཕྱིར་བསྡུའམ་མེད་པར་བཟོས་པ། བོད་མི་མང་དང་འཕགས་པ་སྤྱན་རས་གཟིགས་བར་གྱི་ཚེ་འདིའི་འབྲེལ་བ་དང་། ཚེ་ཕྱི་མའི་འབྲེལ་བ། ཚེ་རབས་ནས་ཚེ་རབས་བར་གྱི་འབྲེལ་བ་མེད་པར་བཏང་བའི་གོ་དོན་དུ་བརྗོད་ནས། བགྲོ་གླེང་དེ་ཚེ་རབས་རྗེས་འཛིན་དང་ཞབས་བརྟན་གསོལ་འདེབས་ཀྱི་ཆོ་ག་དང་ཕྱག་རྒྱ་རྐྱང་རྐྱང་གི་ཐོག་བཏང་སོང་།
ཡ་མཚན་ཅན་གྱི་གནས་ཚུལ་གཞན་ཞིག་ནི། གྲོས་ཚོགས་ནས་༸གོང་ས་མཆོག་གི་གལ་ཆེའི་གསུང་འཕྲིན་དེའི་བྱུང་རིམ་ལའང་དུས་ཚོད་ཐུང་ཐུང་ཞིག་གི་རྩིས་རྒྱབ་ཐོག དེའི་རྒྱུ་རྐྱེན་ཡང་ཧ་ཅང་ཆུང་ཆུང་བཟོས་པ་མ་ཟད། གོ་དོན་ཡང་གོ་ལོག་དང་འགྲེལ་ལོག་ཐོག་འགྲོ་གང་ཐུབ་བྱས་པ་དེ་མི་ཚོའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ལ། རྒྱལ་བ་རིན་པོ་ཆེ་དང་གསུང་འཕྲིན་རིན་པོ་ཆེར་འདི་ལྟ་བུའི་མཛེས་ཆོས་ཀྱི་སྡོམ་ཚིག་སྟབས་བདེ་ཞིག་གི་འོག་བཞག་པར་བློ་ཕམ་དགོས་པ་ཞིག་ཀྱང་ཡིན།
གང་ལྟར་ད་ཐེངས་བོད་ཀྱི་གྲོས་ཚོགས་དང་༸གོང་ས་མཆོག་གི་གསུང་འཕྲིན་བར་ཤར་ནུབ་ལྟ་བུའི་ཁ་ཕྱོགས་མ་འདྲ་བ་དང་། བར་ཚད་ཐད་རྒྱང་ཐག་ཧ་ཅང་རིང་པོ་ཤོར་བ་དེས། གྲོས་ཚོགས་ནས་བོད་ཀྱི་ལོ་རྒྱུས་ལ་ལྟ་སྟངས་དང་། མང་གཙོ་ལ་གོ་བ་ལེན་སྟངས། བོད་དོན་ཐད་ལྟ་ཚུལ། ༸གོང་ས་མཆོག་གི་དགོངས་གཞི་ལ་ཤེས་རྟོགས། བོད་དང་རྒྱལ་བ་རིན་པོ་ཆེའི་བར་གྱི་འབྲེལ་བར་ངོས་འཛིན་བྱེད་སྟངས་སོགས་ཀྱི་ཐད་གནད་དོན་ཤུགས་ཆེན་པོ་ཡོད་པའི་ཁུངས་སྣེ་ཞིག་ཕྱི་རུ་ཤོར་ཡོད།
མཐའ་སྡོམ་བོད་ཀྱི་གྲོས་ཚོགས་དེ་མང་གཙོ་དང་འགན་ཁུར་ལ་ཡོལ་བའི་གྲོས་ཚོགས་ཤིག་དང་། ལོ་རྒྱུས་ལས་འབྱུང་འགྱུར་དང་གསར་གཏོད་ལ་ཁ་ཕྱོགས་མི་ཐུབ་པའི་གྲོས་ཚོགས་ཤིག ད་ལྟ་ལས་མ་འོངས་པར་རེ་བ་དང་གྲ་སྒྲིག་གང་ཡང་མེད་པའི་གྲོས་ཚོགས་ཤིག ནམ་དུའང་རྣམ་གྲངས་ཉུང་ཉུང་དང་ཁྱབ་ཁོངས་ཆུང་ཆུང་ཁོ་ན་འཚོལ་བ་ལས་མིག་རྒྱང་རིང་པོར་འཚོལ་སྙེགས་དང་རྩོད་ལེན་གྱི་གོམ་སྟབས་བསྒྱུར་མི་ཐུབ་པའི་གྲོས་ཚོགས་ཤིག་ཡིན་པ་ཁུངས་སྐྱེལ་བྱས་ཡོད།
(སྤྱི་འཐུས་བསྟན་འཛིན་ཆོས་ལྡན་དང་། འཇུ་ཆེན་དཀོན་མཆོག ཆབ་བྲག་ལྷ་མོ་སྐྱབས་གསུམ་ནས་སྤྱི་འཐུས་གཞན་དག་དང་མ་འདྲ་བའི་ལྟ་ཚུལ་བཏོན་སོང་། ཡིན་ནའང་བགྲོ་གླེང་དངོས་སུ་མ་འཚོགས་གོང་དབུས་གཙང་སྤྱི་འཐུས་ཁག་ནང་མོས་གྱིས་སླར་ཡང་གསོལ་འདེབས་དང་བརྟན་བཞུགས་ལ་བརྟེན་ནས་གསུང་འཕྲིན་རིན་པོ་ཆེ་ལག་བསྟར་མ་དགོས་པའི་འབད་བརྩོན་བྱེད་རྒྱུ་ཐག་གཅོད་བྱས་འདུག)
གྲོས་ཚོགས་འཐུས་མི་ཚོས་ཕྱི་རྗེས་གཙོ་བོ། ཆོལ་ཁ་དང་ལུང་ཚན་གྱི་ཕྱོགས་འཛིན་དང་དཔུང་སྒྲིག་སྒང་ནས་འཇོག་གི་ཡོད། མང་ཚོགས་ནས་ཀྱང་ཁོང་ཚོར་དེ་ལུགས་ཀྱིས་འཐུས་མིར་འདེམས་ཀྱིན་པ་རེད། ཡིན་ནའང་དུས་ཚོད་ཐུང་ངུ་ཞིག་གི་ནང་། ཁོང་ཚོར་འགྱུར་ལྡོག་གཏོང་རྒྱུ་ཁག་ས་རེད།
རང་ཚུགས་མེད་པའི་གྲོས་ཚོགས་ལ་གྷན་དྷིས་སྨད་འཚོང་མ་ཞེས་པའི་མཚན་གནང་ཡོད།དེ་དང་རིགས་འགྲེས་ན་ང་ཚོའི་གྲོས་ཚོགས་ལ་ལྐུགས་པ་ཞེས་པའི་འཚན་འདི་འོས་པ་འདུག གང་ཡིན་ཟེར་ན། འདི་ལྟ་བུའི་ཟབ་རྒྱས་ཀྱི་གསུང་འཕྲིན་གྱི་དགོང་དོན་རྟོགས་པ་ཕར་ཚད།དོན་ངོ་མའི་ཐོག་གུས་ཞབས་ཙམ་ཡང་ཤེས་མི་འདུག་པས་སོ།།
ཡིད་བཞིན་ནོར་བུས་མཁྱེན་།
ང་ཚོས་བསམ་གཞིགས་ཐེངས་གཅིག་བྱས་དུས། ༸ གོང་ས་མཆོག་གི་མཆོག་གི་སྐུ་ཚེ་ཧྲིལ་བོར་བོད་ཀྱི་བདེན་མཐའ་གསལ་བར་སྐུ་ཚེགས་གྲངས་མེད་པའི་མཛད་པའི་དེ་རིང་བར། ད་དུང་ཡང་ང་ཚོའི་གོང་དུ་བཀུར་བའི་སྤྱི་འཐུས་ནས་བཟུང་བོད་སྤྱི་བའི་འགན་འཁུར་ལ་དང་
དང་ལེན་བྱེད་ཕོད་ཀྱིན་མེད་པའི་རྣམ་འགྱུར་འདིས། ང་ཚོའི་མི་དམངས་ལ་སང་ཉིན་གྱི་སྤྱི་འཐུས་འདི་ཚོ་ལའང་བསམ་བློ་ཡང་དག་པ་ཞིག་བཟུང་
ནས་བློ་གཟུར་བོའི་སྒོ་ནས་འོས་འདེམས་ཞིག་བྱེད་མ་ཐུབ་ཚེ་༸ གོང་ས་མཆོག་གིས་གཞུང་དམངས་གཉིས་ལ་སྤྲད་པའི་ལས་འགན་འདི་འགྲུབ་ཐབས་མེད་ཞིག་རེད་བསམ།
༸གོང་ས་ཡིད་བཞིན་ནོར་བུ་ནི་བོད་རྒྱལ་ཁབ་འདི་ཙམ་མ་ཡིན་པར་འཛམ་གླིང་ས་སྒང་འདི་ཉིད་ཀྱི་ཞི་བདེའི་དབུ་ཁྲིད་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད་པ་འདི་ནི་ཆེས་རླབས་ཆེན་གྱི་དགོང་གཞི་དང་ཆེས་རླབས་ཆེན་གྱི་མཛད་རྣམས་འདི་དག་དང་ལྡན་པའི་སྐྱེས་བུ་ཞིག་ལ་ནོར་བ་དང་འཁྲུལ་པ་གཞི་ནས་གོས་པ་མེད་པ་ཡིན་ན་ཡང་། བོད་མི་རིགས་ཀྱི་གཉེན་འཕྲང་ཡ་ང་བ་དང་ཆེས་ཉེན་ཆེ་བའི་སྒང་འདིར་༸གོང་ས་མཆོག་རྒན་ཡོལ་ཞུ་མཛད་པ་འདི་ཐོས་པ་ཙམ་གྱི་མིག་ནས་མཆི་མ་དབང་མེད་དུ་འབབ་པ་ཞིག་ལས་མི་འདུག་རུང། ཡིད་བཞིན་ནོར་བུའི་གསུང་པ་བཞིན་ནམ་ཞིག་ན་ཉེན་ཁ་འདི་ཡོང་ཡོང་པ་ལས་མ་འདས་པས། དེ་ལས་ད་ལྟ་སྐུ་འཚོ་འཆི་མེད་རྡོ་རྗེའི་རང་གཟུགས་བཞུགས་བཞིན་པའི་སྐབས་འདིར་ཕས་བུ་ལ་ཁྱིམ་སོ་སློབ་པ་བཞིན་བོད་མི་རིགས་འདིའི་ཆེད་དུ།
གཞུང་ས་དགའ་ལྡན་ཕོ་བྲང་ཞེས་པའི་ཐ་སྙད་འདི་བསྒྱུར་བཅོས་རྒྱག་ཐུབ་པ་ཡིན་ན་བོད་མི་རིགས་འདི་མང་གཙོ་ཡང་དག་པའི་ལམ་ལ་བསྒྱུར་ཐུབ་པའི་དགེ་མཚན་ཆེན་པོ་ལྡན་ཡོད་གསུང་པ་ནི་ཤིན་ཏུ་མད་པར་སེམས།
མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་འབྱུང་དགོས་ནས་བཟུང་གང་ཟག་གཅིག་གི་ཚབ་མཚོན་གྱི་མིང་དང་བསམ་ཚུལ་བཀས་བཀོད་ཇུས་གཞི་ལམ་སྟོན་སོགས་ཀྱི་དྲི་མེད་པ་ཞིག་མ་བྱུང་ན།
ཚིག་ཙམ་གྱི་མང་ཚོའི་ལམ་སྲོལ་ཞིག་ལས་ཚད་ལྡན་གྱི་ཡང་དག་པའི་ལམ་ནི་ཁ་གུ་དོག་པོར་སླེབ་པ་ཡིན་ཙང་། ཁས་བཤད་པ་དེ་དོན་ལ་གནས་དགོས་ན་གོང་ས་མཆོག་གི་བཞེད་སྲོལ་ལས་ལྷག་པ་ཞིག་འཛམ་གླིང་ས་འདི་ཡི་སྟེང་ན་སུ་གཅིག་ཀྱང་མེད་པས།
ད་རེས་ཀྱི་གསུང་འཕྲིན་འདི་ཡང་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ཙང་ཚང་མས་གསུང་འཕྲིན་པོ་ཆེའི་དགོངས་དོན་འདི་ཇི་བཞིན་དང་ལེན་བྱེད་དགོས་པ་ནི་མ་འོངས་བོད་ཀྱི་བསྟན་སྲིད་བརྟན་ལྷིང་གནས་གསུམ་གྱི་འབྱུང་འབྲས་ལ་ཐུག་ཡོད་པས་དེ་བཞིན་ཕྱོགས་གང་སར་ནས་གྲ་བསྒྲིག་དང་འབད་རྩོན་ཧུར་བསྐྱེད་དེ་བྱ་དགོས་པར་སེམས།
མགོ་མེད་ན་ལུས་མི་འཚོ་བ་བཞིན་༸གོང་ས་མཆོག་མེད་ན་བོད་མི་མཚོ་བ་ཞིག་བྱུང་བ་ཡིན་ན། བོད་མི་རེ་ངོ་རེ་ལ་སྤྱི་སེམས་དང་དོ་སྣང་ལྷག་བསམ་འཇོན་ཐང་ཤེས་ཡོན་སོགས་ཅི་གང་ཞིག་མེད་པར་མཚོན་པ་མ་ཚད། ཕྱི་མིས་བརྙས་ཆོག་ཆོག་དང་། ནང་མིས་དཀྲུག་ཆོག་ཆོག་ཞིག་ཆག་པ་ལས་སྲ་བརྟན་དང་བརྟན་ལྷིང་བབ་ཆག་པའི་ནོན་པོ་ཆེ་མི་སུ་ཡང་མེད་པ་ངང་གི་འབྱུང་བའི་ཉེན་ཁ་འདི་འཕྲད་ཡོང་པ་ཡིན་དུས། དེ་སྐབས་བསྒྱུར་བཅོས་དང་བསྐྱར་བཟོ་བྱེད་པར་དཀའ་ངལ་འདི་རིམ་གྱིས་འབྱུང་གི་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན་པར་བརྟེན། ཆུ་མ་ཡོང་གོང་ནས་ཡུར་བ་དང་། གོད་མ་ཡོང་གོང་ནས་རིམ་གྲོ་སྔ་ས་ནས་ཆས་བྱེད་དགོས་པ་འདི་ནི་ངེས་པར་དུ་བྱེད་དགོས་པ་དང་འདི་མ་བྱས་ན་ཁྱོན་ནས་མི་འབྱུང་བའི་གོད་ཆག་ཚབ་ཆེན་ཞིག་ཡིན་ཙང་། དེ་བས་༸གོང་ས་མཆོག་གི་གསུང་འཕྲིན་འདི་ངེས་པར་དུ་དང་ལེན་ཞུ་དགོས་པར་སེམས།
ཕ་བཟང་པོས་བུ་ལ་གོ་བསྒོ་བ་བཞིན་གསུང་འཕྲིན་རིན་པོ་ཆེ་ནང་གསལ་ལྟར་ད་ལྟའི་བསྒྱུར་བཅོས་ཡོད་ཚད་དགའ་དགའ་དང་སྐྱིད་སྐྱིད་ཀྱི་ངང་མ་འགྲིག་བར་དུ་འདུམ། མ་ཤེས་བར་དུ་སློབ་ཆོག་པ་ཡིན་དུས། བློ་ཆུང་ཕན་ཐབས་དེ་ནམ་ཕུག་གནོད་བསྐྱལ་བྱེད་ནས་ཨུ་ཚུག་གཅིག་པོས་བསྐྱར་ཞུ་ཁུང་མེད་དེ་ཚོ་ད་ཚོད་མ་ཟིན་ན།
ལྷ་དགོང་རིན་པོ་ཆེ་མི་འཁྲུགས་པའི་ངེས་པ་མེད་པ་མ་ཚད་དེ་ཚོ་ལྐུགས་རྟགས་རྐྱང་ཅིག་ཡིན་པར་བརྟེན་ཐུགས་ཆད་ཚད་མེད་འབྱུང་བའི་ཉེན་དུ་འདུག་པས་ཡིད་བཞིན་ནོར་བུའི་དགོང་བཞེད་ཇི་བཞིན་བོད་གཞུང་བཀའ་ཤག་དང་། བོད་མི་མངས་སྤྱི་འཐུས་ལྷན་ཁང་། ཆེས་མཐོའི་ཁྲིམ་ཞིབ་ལྷན་ཁང་། བོད་གཞིས་བྱས་གཉིས་ཀྱི་བློ་ལྡན་ཤེས་རབ་ཅན་གྱི་མི་སྣ་བཅས་ནས་དེ་དོན་ཇི་བཞིན་དང་ལེན་བྱེད་དགོས་པའི་འབོད་བསྐུལ་ཡང་ཡང་ཞུ་གི་ཡོད།།
བློ་གྲོས་རྒྱལ་པོས་སྤེལ་བའི་སྤྱི་འཐུས་གྲོས་ཚོགས་ཀྱི་གནས་སྟངས་དེ་ཞིབ་བལྟ་བྱས་རྗེས། བགྲེས་སོང་རང་ལོ་བཅུ་ཕྲག་བདུན་བརྒལ་བའི་དབུ་ནག་བོད་པའི་སྙིང་གི་ཐིག་ལེ། དཔྲལ་བའི་མིག་ལ། བོད་མིའི་སྤྱི་དང་མཐུན་པའི་རང་དབང་ཞིག་ངེས་པར་དུ་སྤྲད་དགོས་པར་སྣང་། སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་ད་ལྟའི་བགྲེས་སོང་བར་ཉིན་མཚན་དུས་དྲུག་བོད་ཀྱི་བསྟན་པ་ཆབ་སྲིད་དང་འཛམ་གླིང་བདེ་དོན་ཁོ་ནའི་ཆེད་དུ་འབད་ཡོད་ཀྱང་། ད་དུང་རང་རང་མ་གཏོགས་བསམ་གནོ་འདོན་མི་ཤེས་པའི་བོད་ཀྱི་སྤྱི་འཐུས་དཀྲུགས་ཐུར་དེ་དག་གིས་གང་ཞིག་ལབ་ཀྱིས་ཡོད་ན། སྔ་ཕྱི་མ་གཏོགས་བོད་ཀྱི་དབུ་ཁྲིད་རྟག་ཏུ་བཞུགས་མི་ཐུབ་པ་ནི་ངེས་བརྟེན། ཚང་མས་ཕུག་རྒྱང་རིང་པོ་དང་། གཏན་ལྷིང་ཞི་འཇག་ཡོང་རེའི་ཆེད་ད་ལྟའི་སྐབས་༧གོང་ས་མཆོག་གིའི་ཐུགས་རེ་དང་ཐུགས་ཐག་བཅད་པ་དེ་སེམས་ཁོང་དུ་བསམ་མ་ཕོད་ནའང་དྭངས་ལེན་ཞུ་དགོས་ངེས་སུ་མཐོང་།
བཀའ་བློན་ཁྲི་པ་མཆོག་ནས་ཐོག་མའི་ཆར་གསུང་འཕྲིན་ཐོག་བསྐྱར་ཞིབ་ཀྱི་རྣམ་པས་སྤྱི་འཐུས་ཚོར་ཚབས་ཆེའི་འཇིགས་སྣང་ཆེན་པོ་བསླངས་པ་དང་། དུས་མཚུངས་བཀའ་ཤག་ནས་བསྐྱར་དུ་གསོལ་འདེབས་ཞུ་རྒྱུའི་བློ་སྤོབས་མེད་སྐོར་ཡང་གསུངས་སོང་། ཡིན་ནའང་མཐའ་མའི་མཇུག་སྡོམ་སྐབས་བཀའ་ཤག་ནས་ཐོག་མའི་སྐད་ཆ་དེ། དཀའ་ངལ་དེ་ཚོར་གདོང་ལེན་ཡོང་ཐབས་ལས། གསུང་འཕྲིན་དེ་ངོས་ལེན་མ་ཡོང་བའི་ཆེད་མིན་སྐོར་གསལ་བཤད་དང་འབྲེལ། གསར་འགོད་པ་ཞིག་གི་དྲི་བའི་སྐབས་གཞོན་སྐྱེས་ཚོ་གསུང་འཕྲིན་དེར་ཧ་ཅང་དགའ་བོ་བྱུང་ཡོད་ལུགས་བཤད་པ་དེར། མེག་ལོར་གྷན་ཇི་དང་མཱ་ཅོལ་ཊི་ལར་ཡོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་གཞོན་སྐྱེས་ཚོའི་ཚབ་བྱེད་མི་ཐུབ་པའི་ལན་འདེབས་བྱས་ཡོད་ལུགས་ཀྱང་གསུངས་བྱུང་།
ད་རེས་གོང་ས་མཆོག་གི་དགོངས་པ་རླབས་ཆེན་དང་མ་ཚད་ཁོང་གི་དུས་རྟག་ཏུ་བོད་མི་ས་ཡ་དྲུག་གི་ཆེད་དུ་ཉིན་མཚན་དུས་དྲུག་ལ་སྐུ་ངལ་སྐྱོན་དང་སྐྱོན་བཞིན་པ་རེད། ལྷག་པར་དུ་ཁོང་སྐུ་འཚོ་བཞུགས་དུས་སུ་འགྱུར་བ་ཞིག་གཏོང་བ་དེ་དགོས་པ་དང་རྒྱུ་མཚན་གཟིགས་ནས་བཀའ་གནང་བ་དེ་སྤྱི་འཐུས་གསུམ་མ་ཏོག་དེ་མིན་སྤྱི་འཐུས་རྣམ་གོང་ས་མཆོགས་ལ་ཡིད་ཆེས་མེད་པ་དང། ལྷག་པར་དུ་བོད་སྤྱི་པའི་འགན་འཁུར་མེད་པ། སོ་སོ་འོས་ཤོག་ཐོབ་ཡ་ཆེད་དུ་གཏམ་བཤད་བྱེད་པ་སོགས་དུས་རྟག་དུ་དེ་འདྲ་རེད། དེ་སྔོན་ལོ་རྒྱུས་ནང་གཟིགས་དང་རྩ་བའི་བླ་མའི་བཀའ་ལ་མ་ཉན་ན་མཐའ་མ་དེ་གང་འདྲ་བྱུང་ཡོད་མེད་ཧ་གོ་དོན་གསལ་རེད། བོད་མི་རྣམ་ལ་བསོད་བདེ་དང་བསོད་ནམ་མེད་པ་རང་རེད།
༧ གོང་ས་མཆོག་འུ་ཐུག་ནས་གསུང་འཕྲིན་གནང་བ་རེད་། ང་ཚོའི་གཞོན་སྐྱེས་རྣམས་དང་
ལྷག་པར་སྤྱི་འཐུན་རྣམས་ལ་ལྟོས་དང་། སྤྱི་འཐུན་ཕལ་ཆེ་བ་དྲང་བདེན་དང་ལྷག་བསམ་དང་ཤེས་ཡོན་གྱིས་མ་འདངས་བའི་དཀའ་ངལ་ག་ཚད་འདུག་།
མི་ལོ་༥༠་རིང་ལ་སློབ་སྦྱོང་དང་ཉམས་མྱོང་སྤྲད་ཀྱང་། མི་རབས་གསར་པའི་ནང་ནས་
འབུར་དུ་ཐོན་མཁན་དང་བཀའ་ཁྲིའི་འོད་མི་ལ་འགྲོ་ཐུབ་མཁན་བློ་སེང་ལས་མ་བྱུང་བ་རེད་།
ང་ཚོས་ད་བར་སྤྱི་འཐུས་ཀྱི་འོས་ཤོག་འཕེན་དུས་མིའི་རྣམ་དཔྱོད་དང་དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མེད་ལ་ལྟ་བའི་ལུགས་སྲོལ་མེད། གཙོ་བོ་ཕ་ཡུལ་གང་ནས་རེད་འདུག་བལྟས་ནས་ཕ་ཡུལ་གཅིག་པ་ཡིན་བླུགས་ཀྱང་བྱས་པ་རེད།
ད་ལྟའི་བཀའ་ཁྲིའི་འོས་གཞི་གསུམ་པོའི་རྒྱབ་ནས་སྐྱོར་མཁན་རྣམ་པའི་ལྟ་བ་དང་བྱ་སྤྱོད་ལ་གཟིགས་དང་། ལྷག་པར་བཀྲས་མཐོང་གི་རྒྱབ་ནས་སྐྱོར་མཁན་ཤེས་ཡོན་པ་ཡིན་ཁུལ་གྱིས་གཞན་ལ་སྐྱོན་མེད་སྐྱོན་བཙུགས་ཁོ་ན་ལས་རང་ཕྱོགས་ཀྱི་སྐྱོན་ཆ་ཅི་ཡང་མི་གླེང་མཁན་ཚོའི་བྱ་སྤྱོད་དེ་ལ་གྲུབ་འབྲས་འདི་འདྲ་ཞིག་ལས་མི་འབྱུང་བ་ནི་རྟེན་འབྱུང་རྒྱལ་མོའི་ཆོས་ཉིད་ཡིན་པས་སྔོན་བསམ་ཤེས་བག་ཡོད་ངང་ནས་ལུང་ཚན་དང་ཆོལ་ཁའི་ཕྱོགས་རིས་མེད་བོད་དོན་ཁོ་ནར་དམིགས་དགོས་སོ། བོད་སྤྱིའི་གནད་དོན་ལ་ཐུགས་བསམ་མ་བཞེས་པར་ཆོལ་ཁ་དང་ལུང་ཚན་རིང་ལུགས་པའི་དབང་དུ་སོང་ན་གནས་སྟངས་འདི་འདྲ་ཡོང་བ་ནི་རྒྱུ་འབྲས་ལྡོག་ཏུ་མེད་པ་ཡིན་པའི་ཕྱིར་རོ།།
< བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས།>
< གྲོས་ཚོགས་ཀྱི་བྱེད་སྒོ་ཁག་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ དགེ་བར་བྲིས།། །།>
བོང་བུས་ཀྱང་གོ་ཐུབ་པ་ཞིག་འབྲི་མི་ནུས་ཞེས་རྗེ་བཙུན་ཤེས་རབ་རྒྱ་མཚོས་བཤད་ཡོད་ནའང་། ༧གོང་ས་མཆོག་གིས་བོང་བུས་ཀྱང་གོ་ཐུབ་པའི་བཀའ་གསུང་འདི་དག་གྲོས་ཚོགས་ལ་བསྩལ་བ་དང་། མོང་གྷོ་གཞིས་ཆག་གི་བོང་བུ་འགས་རྣ་ཅོག་གཡུག་བཞིན་པ་མཐོང་ནའང་དེ་ལ་ཡ་མཚར་ཅི་ཡང་མ་སྐྱེས་མོད། གྲོས་ཚོགས་ནང་གི་བོང་བུ་ཚོས་ཀྱང་རྣ་ཅོག་གཡུག་བཞིན་པའི་སྐད་ཆ་དེ་དག་གོ་ནས་ཡིད་ནག་གཏིང་ནས་ཆད་སོང་། གནས་ལུགས་འགའ་བཤད་འདོད་ནས་གློག་ཀླད་ཀྱི་གློག་སྒོ་ཕྱེས་རྗེས་ཡང་བསྐྱར་བསམ་བློ་བཏང་བ་ན། ༧ཡིད་བཞིན་ནོར་བུས་ཀྱང་གོ་བརྡ་སྤྲོད་མ་ཐུབ་པའི་བོང་བུ་དེ་དག་ལ་ངས་གོ་བརྡ་མི་འཕྲོད་པ་གསལ་བོར་མཐོང་ནས་འབྲི་འདོད་མ་སྐྱེད་བར་ཁོང་ཁྲོའི་རྣམ་པ་ཙམ་བསྟན་པ་ཡིན།
དད་པ་ཡོད་ནའང་། དམ་ཚིག་བརྟན་ནའང་། ཡིད་ཆེས་ཆེ་ནའང་། དད་ཡུལ་གྱི་མི་དེའི་བཀའ་བརྩི་ལོས་དགོས། བཀའ་བརྩི་མི་དགོས་ཤིང་གསུང་ལའང་ཉན་མི་དགོས་བའི་དད་པ་བྱེད་སྟངས་ཤིག་ཡོད་ཚེ། དེ་ནི་དགེ་ལུགས་གསར་མ་འབོད་པའི་གྲུབ་མཐའ་སོ་མ་ཞིག་ཡོད་པར་ཐོས་བ་དེའི་དད་པ་བྱེད་སྟངས་ཤིག་མིན་ཚེ་སྔ་ན་མ་བྱུང་བའི་དད་སྟངས་ཤིག་རེད།
སྟག་སྨྱོན་གྱིས་གྲོས་ཚོགས་ནང་གི་ནོར་རྫི་ལུག་རྫི་ཚོ།། ང་ལ་དབང་ཞིག་ཡོད་ཚེ་གསོད་ན་འདོད་ཅེས་བའང་འདི་འདྲའི་བཅའ་སྟངས་ལས་སྟངས་དག་ལ་ཡིད་སུན་པས་ལོས་ཡིན།
གསུང་འཕྲིན་ལ་རིན་ཐང་སྤྲད་ནས། ཨ་ཐུབ་མི་ཐུབ་ད་ལྟ་ཁོང་༸སྐུ་བཞུགས་དུས། སྦྱོང་བརྡར་བྱེད་མི་དགོས་སམ། དགེའོ།
སྤྱི་འཐུས་འདི་ཚོས་འགན་ཁུར་མེད་པའི་སྐད་ཆ་ཤོད་སྟངས་ལ་ཉན་དུས་དངོས་གནས་ཡིད་ཐང་ཆད་སོང་་་་༧རྒྱལ་བ་རིན་པོ་ཆེ་ལྷག་པའི་བསམ་གཞིགས་ཤིག་ཁོང་ཚོས་ནམ་ཡང་བྱེད་མི་ཐུབ་་་བཀའ་ཤག་གི་སྐད་ཆ་གཉིས་མགོ་མ་འདི་ལ་ཡང་་་ཉོབ་སྣང་སྐྱེས་སོང་་་་་
དཀོན་མཆོག་མཁྱེན་་་་་་་སྤྱི་འཐུས་དེ་ཚོས་བོད་ཀྱི་རྩ་དོན་ལ་བསམ་བློ་གཏོང་ནས་སྐད་ཆ་ཤོད་མཁན་གཅིག་ཀྱང་མི་འདུག་་་་ཚང་མས་སོ་སོ་ལ་འོས་འཐོབ་རྒྱུའི་ཆེད་དུ་སྐད་ཆ་གང་སྙན་རྐྱང་རྐྱང་བཤད་ནས་བསྡད་འདུག་་་་སྤྱི་འཐུས་གླན་པ་ཁ་ཤས་ཀྱིས་གོང་ས་མཆོག་གི་གསུང་དེ་བསད་ན་ཁས་ལེན་གྱི་མིན་ཟེར་་་ཧཧཧཧ་དེ་ནི་གནས་ལུགས་མེད་པའི་གོ་ཁའི་ཨ་མས་དམོད་མོ་བྱེད་པ་དང་འདྲ་བ་ལས་་་་་་་
སྤྱི་འཐུས་ཚོ་དེ་རེ་ཅི་བྱུང་བ་རེད ། གོང་ས་མཆོག་མེད་ན་སྤྱི་འཐུས་འུ་ཐུག་གི་ཡོད་པ་གསལ་པོར་བསྟན་འདུག ད་གྲོས་ཚོགས་འཐོར་ཤོག །
བྲང་བཟུང་ལག་པ་རྫ་མ་རེད།
སྤྱི་འཐུས་འགའ་ཤས་ནས་གལ་སྲིད་གསུང་འཕྲིན་ལྟར་ཚོགས་ཆུང་ཟུར་འཛུགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་སོགས་ཀྱི་ཐག་གཅོད་བྱས་ཚེ་གྲོས་ཚོགས་ཀྱི་ཚོགས་རྭ་ལས་ཕྱིར་ཐོན་རྒྱུ་ཡིན་པའི་ཉེན་བརྡ་ཡང་བསྟུན་མར་བཏང་སོང་།ཞེས་གསུངས་སྟངས་ལ་བལྟས་ན་ཡང་སྤྱི་འཐུས་འགའ་ཤས་གྲོས་འཚོགས་ནས་ཐོན་རྩིས་ཡིན་པར་འདྲ།
བོད་མི་མང་སྤྱི་འཐུས་ཟེར་བ་འདིའི་རང་གི་བསམ་ཕྱོགས་དང་མ་མཐུན་དུས་སུ་༧གོང་ས་མཆོག་གི་བཀའ་ཡིན་ནའང་དང་ལེན་མེད་པར་གྲོས་འཚོགས་ནས་ཐོན་འགྲོ་གི་ཡིན་གསུངས་པ་འདི་ནི་བོད་གཞུང་གི་དཀའ་ངལ་ཆེ་ཤོས་ཤིག་རེད།
ད་ཡང་འགའ་ཤས་ཐོན་སོང་ན་གྲོས་ཚོགས་འཚོགས་མ་ཐུབ་པ་ཡོངརྒྱུར་མིན་ནམ་སྙམ། ཐོན་འགྲོ་གི་ཡིན་ཟེར་མཁན་སྤྱི་འཐུས་ཚོ་ལ་བལྟས་པ་ཡིན་ན་༧གོང་ས་མཆོག་མ་བཞུགས་པའི་ཉིན་མོར་སྤྱི་འཐུས་བྱེད་མཁན་ཡང་རག་ཁག་པོ་ཡིན་ས་རེད།
བློ་གྲོགས་རྒྱལ་པོ་ལགས། ཐོན་འགྲོ་གི་ཡིན་ཟེར་མཁན་ག་ཚོད་འདུག་གམ། སྤྱི་འཐུས་སུ་དང་སུ་རེད། གཅིག་གསུང་ཐུབ་ན་ཕན་ཐོགས་འདུག
༄༅། །ཡིད་བཞིན་ནོར་བུས་མཁྱེན། བོད་མི་ཚོའི་བློ་ཡུལ་དུ་ཤོང་མི་ཐུབ་པའི་ཐུགས་བསམ་འདི་མ་བཞེས་རོགས། ཡིན་ནའང་བོད་མི་ཚོས་༸ཡིད་བཞིན་ནོར་བུ་མེད་པ་ལྟ་བུའི་ལས་ཀ་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན། ཡིན་བཞིན་ནོར་བུ་ནས་ང་ཚོར་སྦྱོང་བརྡར་བྱེད་དུ་བཅུག་པ་ཡིན་པས་ང་ཚོས་གོ་སྐབས་དམ་འཛིན་གྱིས་སྦྱོང་བརྡར་ངེས་པར་བྱེད་དགོས་པ་ཡིན། ཡིད་བཞིན་ནོར་བུ་སྐུ་ཚེ་སྲིད་མཐའི་བར་དུ་བརྟན་པར་ཤོག ཆོས་ལྡན་བོད་ཀྱི་ཞིང་དུ་མྱུར་ཕེབས་པར་ཤོག། རྒྱ་ནག་དམར་པོའི་སྲིད་གཞུང་མྱུར་དུ་འགོ་འཇུག་ལོག་པར་ཤོག བོད་ཁ་བ་ཅན་རྒྱལ་ལོ།
ང་ཚོས་ཐེངས་ག་ཚོད་ཅིག་༧རྒྱལ་བ་རིན་པོ་ཆེར་ཁྱེད་ནས་དུས་ནས་དུས་སུ་ཡི་ཤེས་དབྱིངས་དཔྱད་ཀྱིས་ཐུགས་ཐག་གང་བཅད་ལ་རྒྱབ་སྐྱོར་ཞུ་རྒྱུའི་དམ་བཅའ་ཕུལ་ཡོད། ད་དངོས་གནས་ངེད་ཅག་རྩམ་ཟན་པ་ཚོས་བསམ་བློ་གཏོང་རན་འདུག ༧རྒྱལ་བའི་དགོངས་བཞེས་བཞིན་བསྒྲུབ་དགོས་འདུག ༧རྒྱལ་བའི་ལམ་སྟོན་ལ་ཤར་བསྐྱོད་བྱེད་དགོས་འདུག གསུང་འཕྲིན་ལ་ཞིབ་མོར་བལྟ་དགོས་འདུག དེའི་དགོངས་པ་ལོན་དགོས་འདུག གསུང་འཕྲིན་དེ་དགའ་པོའི་ངང་ནས་དྭང་ལེན་ཞུ་དགོས་འདུག ང་ཚོའི་རྩ་དོན་གྱི་འཐབ་རྩོད་དུས་ཡུན་རིང་ཐུང་ཇི་ཙམ་གནས་མིན་ཤོད་ཚོད་མི་ཐིག་པས་༧རྒྱལ་བའི་བཀའ་དགོངས་བཞིན་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས། སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན། སྤྱི་འཐུས་ཚོ། བོད་མི་ཚོ།