མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དངོས་གཞིའི་འོས་བསྡུ་ཆེན་མོའི་སྐོར་ལ་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༠ ཉིན་ཕྱི་དྲོར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁུངས་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

སྐབས་དེར་དབུས་འོས་བསྡུའིི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ཐེངས་འདིའི་སྐོར་གསུངས་དོན། འདིར་གནས་ཚུལ་གསར་པ་གང་ཡང་ཞུ་རྒྱུ་མེད་མོད། དེ་རིང་ནི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ཉིན་མོར་འཁེལ་ཡོད། རྒྱ་གར་ནང་ས་གནས་གང་དག་ཏུ་འོས་བསྡུའི་ཆ་ཤས་ལེན་པའི་བོད་མི་ཡོད་པ་དང་། ས་གནས་ག་ཚོད་ཡོད་མེད། འོས་ཤོག་གི་གྲུབ་འབྲས་ག་དུས་གསལ་བསྒྲགས་བྱ་མིན་བཅས་ཀྱི་ཐད། བཀའ་འདྲི་གནང་མཁན་མང་པོ་ཡོང་གི་ཡོད་སྟབས། གནས་ཚུལ་འདི་དག་སྐོར་ལ་གསལ་བཤད་ཅིག་བྱ་རྒྱུ་ཡིན།

ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་སྐབས་དེབ་སྐྱེལ་གནང་མཁན་ ༧༩༡༡༡ བྱུང་ཡོད་པ་དང་། དངོས་གཞིར་འོས་བསྡུའི་སྐབས་དེབ་སྐྱེལ་འཕར་མ་གནང་མཁན་ ༤༢༨༨ ཙམ་བྱུང་སོང་། སྔོན་འགྲོ་དང་དངོས་གཞི་དེབ་སྐྱེལ་གནང་མཁན་ཁྱོན་བསྡོམས་ ༨༣༣༩༩ ཙམ་བྱུང་འདུག དེའི་ཁྲོད་རྒྱལ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་གྲྭ་ཁག་ཕུད་པའི་ས་གནས་ ༥༦ དང་། མཐོ་སློབ་ཁག་ ༥ བཅས་ཁྱོན་འོས་ལྡུག་ཡུལ་ ༦༡ ཙམ་གོ་སྒྲིག་ཞུས་ཡོད། ཅེས་གསུངས་བྱུང་།  

འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྐོར་ལ། དེ་རིང་གི་འོས་བསྡུའི་ལས་རིམ་ཚར་བའི་རྗེས་ལ་ས་གནས་སོ་སོའི་འོས་བསྡུའི་གྲུབ་འབྲས་ཕྱི་ཟླ་ ༤ པའི་ཚེས་ ༡༣ ཉིན་ནང་ཚུད་དུ་དབུས་འོས་བསྡུ་ལྷན་ཁང་ལ་འབྱོར་དགོས་པ་རེད། ཕྱི་ཟླ་ ༤ པའི་ཚེས་ ༢༧ ཉིན་སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།  

གསར་འགོད་པས་བལ་ཡུལ་དང་འབྲུག་ཡུལ་ནང་གི་འོས་བསྡུའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། བལ་ཡུལ་དང་འབྲུག་ཡུལ་ནང་དངོས་གཞིའི་འོས་བསྡུའི་སྐོར་ལ་དེ་རིང་དམིགས་བསལ་འབྲེལ་བ་གནང་ཐུབ་ཡོད་པ་མ་རེད། འབྲེལ་བ་གནང་མ་ཐུབ་པ་དེ་ང་ཚོའི་ངོས་ནས་འགལ་འཛོལ་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད།  ད་ལྟའི་ཆར་དེའི་སྐོར་གྱི་གནས་སྟངས་ཅི་ཡིན་གསལ་བོ་ཞུ་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

དེ་རིང་བལ་ཡུལ་ནང་གི་བོད་མི་ཚོས་དངོས་གཞིའི་འོས་བསྡུ་གནང་ཐུབ་མི་འདུག་ཅིང་། སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་ཉེན་རྟོག་པས་འོས་སྒམ་བཙན་འཕྲོག་བྱས་ཡོད་སྟབས། ཉེ་ལམ་དངོས་གཞིའི་འོས་བསྡུ་གནང་ཆོག་རྒྱུར་བལ་ཡུལ་གཞུང་ལ་ཆོག་མཆན་ཞུས་ཡོད་ཀྱང་ཀཱ་ཐ་མན་ཌོའི་རྫོང་དཔོན་གྱིས་ཆོག་མཆན་སྤྲད་མི་འདུག བལ་ཡུལ་ནང་བོད་མིའི་འདུས་སྡོད་ཀྱི་ས་གནས་ཁག་ ༡༣ ཙམ་ཡོད་པ་དང་། བོད་མི་ཆིག་ཁྲི་ལྷག་ཡོད་པ་དག་གིས་དངོས་གཞིའི་འོས་ལྡུག་ཐུབ་རྒྱུར་རེ་བ་ཆེན་པོ་བྱས་ཡོད་ཀྱང་། བལ་ཡུལ་གཞུང་གིས་ཆོག་མཆན་སྤྲད་མེད་པར་བློ་ཕམ་ཆེན་གནང་བཞིན་ཡོད་འདུག

གཞན། བཞུགས་སྒར་ངྷ་རམ་ས་ལ་ཁུལ་དུ། དེ་སྔའི་སྔོན་འགྲོའི་འོས་བསྡུའི་སྐབས་དང་བསྡུར་ན། དབུས་སའི་འོས་བསྡུ་ལས་ཁུངས་ཁག་གིས་གོ་སྒྲིག་ཞུ་ཕྱོགས་དང་། མང་ཚོགས་ཀྱིས་ཆ་ཤས་ལེན་སྟངས་ཧ་ཅང་ཡར་རྒྱས་ཚགས་ཚུད་བྱུང་ཡོད་པ་དང་། དེ་མིན་གྱི་ས་གནས་ཁག་ཏུ་གནས་ཚུལ་ཅི་བྱུང་ད་སྔ་ཤེས་རྟོགས་ཐུབ་མ་སོང་།

གསར་འགོད་པ། དོན་ག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།
Mobile App

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

ཆུ་ཚོད་ ༡ སྔོན་ལ།
tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༢༢ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༢༤ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤

མཆན། 8

  1. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    ཧ་ཅང་བློ་ཕམ་བྱུང་གང་ཡིན་ཟེར་ན་འོས་བསྡུ་འགན་འཛིན་རྣམས་པའི་དང་པོ་ནས་གྲ་སྒྲིག་ཡག་པོ་མ་བྱས་ག་རེ་བྱས་བསྡད་པ་རེད་དངོས་གནས་ཡིན་ན་སྔོན་མ་བལ་དམག་ལག་ཏུ་འོས་སྒམ་ཤོར་བ་ལ་རྟེན་ཉམས་མྱོང་ཡོད་རེད་ལ་འོས་བསྡུ་འགན་འཛིན་རྣམས་པའི་ཕྱག་ལས་ཚད་དང་ལྡན་པ་ཞིག་མ་གནང་པའི་སྐྱོན་རེད།

    འོས་བསྡུ་འགན་འཛིན་རྣམས་པའི་ད་ལྟ་བར་ཏུ་ཕྱག་ལས་ག་རེ་གནང་བསྡད་པ་རེད་ཅོག་རྩེ་མཛེས་པོ་འགོ་ལ་བསྡད་ནས་ཁ་ནས་དོན་མེད་ཀྱི་སྐད་ཆ་རྐྱང་རྐྱང་བཤད་བསྡད་པའི་རྟགས་འདི་རེད།

    Reply
  2. འདྲེ་འགོ་རྡོ་། says:
    ལོ་ 15 སྔོན།

    སྔོན་མ་ནས་གྲ་སྒྲིག་མ་བྱས་བའི་ཉེར་ལན་འདི་རེད་། འོས་བསྡུ་ལྷན་ཁང་གིས་ཐབས་རྒྱ་ཇུས་སྟོང་གིས་བྱ་བ་དང་དུ་བླངས་ཏེ།་འབྲེལ་ཡོད་ཀྱི་གཞུང་དང་ཚོགས་པ་ཁག་ལ་འབྲེལ་བ་མ་བྱས་བའི་འབྲས་བུ་འདི་རེད།བལ་ཡུལ་བོད་རིགས་ཚོས་འོས་བླུག་མ་ཐུབ་ན་ད་ཐེངས་ཀི་བཀའ་ཁྲིའི་དངོས་གཞིའི་འོས་བསྡུ་མུ་མཐུད་དུ་འགྲོ་རྒྱུ་ཡིན་ནམ།

    Reply
  3. GYAMTSO says:
    ལོ་ 15 སྔོན།

    ཧ་ཅང་བློ་ཕམ་བྱུང་བློ་ཕམ་བྱུང་བློ་ཕམ་ཆེན་པོ་བྱུང་། ཡིན་དང་ཡིན་དབུས་འོས་བསྡུས་འགན་འཛིན་འཇམ་དཔལ་ཆོས་བཟང་ཟེར་པ་འདིས་བོད་ཆས་གྱོན་འདོད་མེད་པ་ལྟས་ན་བོད་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་མི་ཐུབ་ཁོ་ཐག་རེད། མཐའ་ན་ས་གནས་ཁག་གི་གནས་ཚུལ་སོགས་དུས་ཐོག་ལ་ཟུར་ཙམ་ཡང་བཤད་རྒྱུ་མི་འདུག་་་ཐབས་སྐྱོ་བོ་རེད།་་་་་དེ་ལས་དགོངས་པ་ཞུ་ན་ཡག་ས་རེད། ཡང་བསྐྱར་གསལ་པོ་བྱས་ནས་བཤད་རྒྱུ་ཞིག་ལ་་་དབུས་འོས་བསྡུས་འགན་འཛིན་གྱི་མིང་འཛིན་པ་ཁྱེད་ཀྱིས་བོད་ཆས་ཙམ་ཡང་གྱོན་མི་ཐུབ་ན་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་ལྡན་པའི་འོས་བསྡུས་ཆེན་མོ་འདི་འདྲིའི་རིགས་ངོ་ཚ་མ་བཟོ་རོགས།

    Reply
  4. ལྷ་སྲིན་གྱི་བུ། says:
    ལོ་ 15 སྔོན།

    བོད་མི་རགས་ཀྱི་རྩ་དོན་དང་ཡོངས་སུ་འབྲེལ་བའི་གལ་གནས་ཆེ་བའི་ད་ཐེངས་ཀྱི་བཀའ་སྤྱིའི་འོས་བསྡུ་འདི་འོས་བསྡུ་ལྷན་ཁང་གི་འོས་ཤོག་ལ་དྲང་བདེན་བྱ་མིན་ཉམས་ཞིབ་བྱེད་བཞིན་པ་ཡིན་གལ་སྲིད་གནས་ཚུལ་འདྲ་མིན་གྱི་རྙོག་དྲ་ལྷག་སོང་ན་འོས་བསྡུ་ལྷན་ཁང་གི་སྒོ་ལ་ཡོང་ནས་ངོ་རྒོལ་བྱེ་རྒྱུ་འཆར་གཞི་ཚང་མ་བཟོས་ནས་བསྡད་ཡོད།

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    དངོས་ཀྱི་ལས་ཀ་དེ་རང་ཐོག་ལ་མ་ཁེལ་ན་གཡས་ནས་གཟིགས་འདུག་མཁན་གྱིས་
    འདི་ལྟར་བཤད་པ་དེ་ཁག་མེད།

    སྐད་ཆ་ག་རེ་ཡིན་ན་བདེན་དོན་དང་འགལ་འཛོལ་ལྟག་སྤྲོད་མི་བྱེད་པར་རང་བཞིན་བརྗོད་པའི་རྗེས་སུ་བསྐྱོད་ཐུབ་ན་དགེ་མཚན་ཆེ་བར་མངོན།

    ཀ་མན་གྱི་འོས་བསྡུ་དེས་དབུས་འོས་བསྡུ་ལྷན་ཁང་ལ་དཀའ་ལས་སྤྲོད་མི་སྤྲོད་ད་ལྟ་གཅིག་པུ་མིན་པར་ཕ་ཤི་ན་བུས་མི་བརྗེད་པའི་གོ་བརྡའ་རབ་དང་རིམ་པ་སྤྲད་མ་སོང་ངམ།

    ཡིན་ན་ཡང་དེ་དག་ལ་ཐབས་ཤེས་གང་གྲག་གིས་འོས་ལྡུག་ཐུབ་པའི་འབད་བརྩོན་བྱེད་དགོས་པ་ནི་ལྷན་ཁང་འདི་ཉིད་ཀྱི་ལས་འགན་ཡིན་ཙང་མ་བསྙེལ་བར་གནང་རོག་ཞེས་འབོད་བསྐུལ་ཞུ་གི་ཡོད།

    Reply
  6. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    དངོས་གནས་བློ་ཕམ་དགོས་པའི་གནས་ཚུལ་རེད་མི་འཇོན་ན་ལུས་དགོངས་
    ཞུ་དགོས་རེད་སྔར་དང་མི་འདྲ་པར་མི་མང་གིས་དོན་སྣང་ཆེན་པོ་བྱེད་བཞིན་པས་སྐབས་ས་གནས་དེ་དག་ལ༼འབྲེལ་བ་ཙམ་ཡང་བྱེད་ཐུབ་མ་སོང་དེ་ང་ཚོས་འགལ་འཛོལ་ཆེན་པོ་རེད༽ད་ག་རེ་བཤད་གི་ཡོད་རེད་ཞབས་འདྲེན་རེད་མ་འཐའ་ས་གནས་དེ་དག་གི་གནས་སྟང་ཙམ་ཤེས་དགོས་ངའི་རེད།

    Reply
  7. ཨརྱ། says:
    ལོ་ 15 སྔོན།

    དེ་རིང་བལ་ཡུལ་ནང་གི་བོད་མི་ཚོས་དངོས་གཞིའི་འོས་བསྡུ་གནང་ཐུབ་མི་འདུག་ཅིང་། ཞེས་དང་ཡང་། འབྲེལ་བ་གནང་མ་ཐུབ་པ་དེ་ང་ཚོའི་ངོས་ནས་འགལ་འཛོལ་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད། ཅེས་ཟེར་ཅི་འདྲའི་མ་བརྟག་ཉམས་དགའི་སྐད་ཆ་ཞིག་མ་རེད་དམ། དེང་བལ་ཡུལ་ལ་ཁ་པར་ཞིག་ཀྱང་གཏོང་མི་ཐུབ་པའི་ཚོད་ན་འོས་བསྡུ་ལས་ཁུངས་ཡོད་དམ་ཡང་བསམ་བཞིན་དུ་སྣང་ཆུང་བྱས་པ་རེད། གནད་འགག་འདི་འདྲའི་སྐབས་ལ་འགྱོད་ཚིག་ཅིག་ལབ་པས་ཡོད་ཚད་འགྲིག་འགྲོ་བ་འདི་སུའི་བཅའ་ཁྲིམས་དང་འགྲིག་གཞི་རེད། ཡང་ན་རང་འགན་མི་ཁུར་བའི་ལས་བྱེད་འདི་དག་སུས་སྐྱག་ལངས་ལ་བཏང་བ་རེད།

    Reply
  8. མངའ་རིས་བུ། says:
    ལོ་ 15 སྔོན།

    དེ་རིང་བལ་ཡུལ་དུ་བོད་རིགས་ཡོད་དོ་ཅོག་འགྲིམས་འགྲུལ་བྱེད་སྐབས་སུ་བལ་ཡུལ་གྱི་ཉེན་རྟོག་པས་ནག་རིཌ་ཏ་ཞེས་པ་མི་སེར་གྱི་ལག་འཁྱེར་མེད་ཚེ་ས་གནས་ནས་ས་གནས་སུ་འགྲོ་བསྐྱོད་བྱེད་དུ་འཇུག་གི་མི་འདུག་ཅེས་ང་ཡི་གྲོགས་པོ་ཞིག་གིས་ཁ་པར་འབྱོར་བྱུང་དེས་ན་རྒྱུ་མཚན་འདི་ཡིས་ཡིན་པར་ཤེས་ཐུབ་པ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese