མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་ཐུག་གི་གསོལ་འདེབས། – ལྷ་ཆབ་སྤྱིན་པ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp




ད་བར་དུ་གྲོས་ཚོགས་ནས་ཡེ་ཤེས་དབྱིངས་དཔྱད་ལ་དད་པ་དང་ཡིད་ཆེས་བྱས་ནས་བསྡད་པ་རེད།སྐབས་དང་དུས་ལ་བབ་ན། ཡེ་ཤེས་དབྱིངས་དཔྱད་ཀྱང་རྩིས་མེད་གཏོང་གྲབས་བྱེད་ཀྱི་འདུགབླ་ན་མེད་པའི་སྟོན་པ་ཆེན་པོ་ཁོང་གིས། བཀའ་སློབ་གསུང་འཕྲིན་ཡང་དང་རིམ་པས་གནང་བ་ལྟར།བོད་གཞུང་མང་གཉིས་ངོས་ནས་མ་མཐའ་ཡང་གྲ་སྒྲིག་ཅིག་དགོས་ངེས་ཀྱང་། ད་དུང་ཡང་དགུང་ལོ་དོན་དྲུག་ལ་ཕེབས་པའི་བགྲེས་སོང་ཁོང་གི་སྟེང་ལ་དཀའ་སྡུག་གི་ལས་འགན་མང་བོ་ཞིག་འགེལ་གྱི་ཡོད་པའི་ཚོར་སྣང་བྱུང་། སྐད་ཆ་སྡུག་ས་ནས་བཤད་ན། དུས་འདི་ལྟ་བུ་ཞིག་ལ་ཁོང་གི་དགོངས་པ་གཞན་དུ་གཏད་ཚེ།གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ད་དུང་མིག་ཆུ་བཏང་ནས་འདུག་གི་ཡིན་ནམ།

བཀའ་སློབ་གསུང་འཕྲིན་དུ་གསལ་གསལ་ཐིང་ཐིང་ཡིན་པ་ལྟར་ན། དེར་ཡིད་ཆེས་མེད་པ་ལྟར་ཕྱིར་ལྡོག་པའི་རྣམ་པ་དང་གླེང་སློང་བྱེད་སྟངས་ཤིག་གང་ན་ཡོད། བདག་ལ་མཚོན་ན་སྟོན་པ་མཆོག་གིས་མ་འོངས་པའི་ཕུགས་རྒྱང་རིང་བོར་དགོངས་གཞི་གཏད་པ་ཞིག་ཡིན་པ་འདི་ལྟར་རེད། གལ་སྲིད་ཁོང་གིས་སྐུ་དབང་ཡོད་ཚད་མང་ཚོགས་ལ་མ་གནང་བར་འདི་ལྟར་དགོངས་པ་རྫོགས་པ་ལྟ་བུ་བྱུང་ཚེ། སྐུ་ཕྲེང་བཅོ་ལྔ་བ་དེ་ད་ལྟའི་བཅུ་བཞི་བ་ནང་བཞིན་ཞིག་འབྱུང་ཐུབ་བམ།གལ་སྲིད་མ་ཐུབ་པར་སྐུ་དབང་བེད་སྤྱོད་ལོག་པར་བཏང་སྟེ་ར་སྟག་གི་ལོ་རྒྱུས་ལྟ་བུ་ཞིག་བྱུང་ན། དེ་དུས་བོད་རྒྱ་ཆེའི་མི་མང་གིས་ང་ཚོར་མང་གཙོ་དང་ཐོབ་ཐང་དགོས་ཞེས་སྐུ་མདུན་ལ་སྐད་འབོད་བྱེད་སྟངས་ཤིག་ཨེ་ཡོད།

དེ་བས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་དགོངས་གཞི་འདིར་གདེང་འཇོག་ཡོད་པའི་སྒོས། བླ་ན་མེད་པ་དང་མཆོག་ཏུ་གྱུར་བའི་དབུ་ཁྲིད་ཁོང་གི་བཀའ་དེ་དེང་ལེན་བྱ་འོས། བདག་གིས་ཚེས་བཅོ་ལྔ་ཉིན་གྱི་གྲོས་ཚོགས་ལ་བརྙན་འཕྲིན་བརྒྱུད་ནས་ཉན་པ་ཡིན། འཐུས་མི་དག་གིས་གླེང་གཞི་བོར་ནས་ངུ་བཤུམ་བྱེད་པ་དང་སྟོན་པ་མཆོག་ལ་སྡུག་ཡུས་ལྟ་བུ་འདོན་པ་ལས་དོན་གྱིས་གླེང་སློང་བྱེད་མཁན་ཞིག་བྱུང་མ་སོང་བའི་ཚོར་སྣང་བྱུང་། ལྷག་པར་དུ་སྟོན་པ་མཆོག་གི་ཐག་ཆོད་པོའི་བཀའ་སློབ་ཀྱི་དགོངས་དོན་ལ་བསམ་ཚུལ་ཞུ་མཁན་མ་བྱུང་བར་མཐོང་།

དེ་ནི་སྐབས་བཅུ་བཞི་བའི་གྲོས་ཚོགས་འཐུས་མི་འདི་དག་ལ་ཕུགས་བསམ་དང་གདེང་ཚོད་མེད་པའི་མཚོན་རྟགས་རེད། སྔོན་མ་ནས་སྟོན་པ་མཆོག་གིས་གྲོས་ཚོགས་ལ་ང་མེད་པ་ནང་བཞིན་གྱིས་ཞོག་ཨ་གསུངས་དགོས་པའི་རྒྱུ་མཚན་འདི་རེད། འདི་འདྲའི་དུས་ཚོད་ཅིག་མགོ་ལ་འབབ་རག་བར་དུ་བསྒུགས་ཏེ། དངོས་སུ་གནད་དོན་དེར་གདོང་ཐུག་བརྒྱབ་དུས་གཞི་ནས་ཨ་ཆད་ཨུ་ཐུག་གི་གསོལ་འདེབས་ཞུ་བ་ལས་མེད་པ་འདིས། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རང་འགན་འཁུར་བའི་ལས་དོན་ཞིག་བྱས་ཡོད་མེད་ཀྱི་ཚད་གཞི་ཕྱིར་མངོན་པ་དེ་རེད་འདོད།

བདག་གི་བསམ་ཚུལ་ཡིན་ན། ཉིན་འདིར་སླར་ཡང་སྟོན་པ་མཆོག་གི་བཀའ་སློབ་ལྡོག་རྩིས་མི་བྱེད་པར་དེའི་ཕུགས་རྒྱང་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་དགོངས་གཞི་ལ་གདེང་འཇོག་བྱེད་པའི་བགྲོ་གླེང་ཞིག་བྱ་འོས། ད་དུང་འཐུས་མི་ཁ་ཤས་ཀྱིས་དགའ་ལྡན་ཕོ་བྲང་གི་བརྒྱུད་རིམ་དང་དེའི་གསེང་ལ་འཛུལ་རྩིས་བྱེད་ཀྱིན་པ་སོགས་མཐོང་ན་དངོས་གནས་སེམས་སྐྱོ་བ་ལས་མི་འདུག

ང་ཚོའི་མང་གཙོར་ལོ་ངོ་བཞི་བཅུའི་ལོ་རྒྱུས་ཡོད་ཀྱང་། རྒྱ་ནག་གིས་ད་བར་དུ་སྒེར་གཅོད་དང་བཤུ་གཞོག་ཡིན་པར་སྒྲོག་པའི་ཁ་བརྡུང་མྱངས་ནས་བསྡད་པ་རེད། མང་གཙོ་མ་ཡིན་པར་བསྒྲགས་པའི་ལག་པ་འཇུ་སའང་འདི་ལས་ཅི་ཞིག་ཡིན། དེའི་སྟབས་ཀྱིས་ད་རེའི་སྟོན་པ་མཆོག་གི་བླ་ན་མེད་པའི་དགོངས་གཞི་འདིར་བོད་གཞུང་མང་གཉིས་ཀྱིས་དེང་ལེན་ཡོད་པའི་སྒོས། མ་འོངས་པའི་མི་རེ་ངོ་རེའི་འོས་འགན་དེ་ཕྲག་ལ་འཁུར་རྒྱུ་གལ་ཆེ་བར་མཐོང་ལ། ཁོང་གི་སྐུ་འཚོ་བཞུགས་པའི་གོ་སྐབས་ལ་བརྟེན་ནས་རང་མགོ་ཐོན་མིན་ལ་ཚོད་ལྟ་ཞིག་བྱ་ཆོག་པར་འདོད།




འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༥ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 15

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    གྲོས་ཚོགས་འཐུས་མི་ཚོའི་མིག་ཆུའི་ནང་དོན་ལ་གོང་དུ་སྨྲོས་པ་ལས་གཞན་པའི་ནང་དོན་ཞིག་ཡོད་པ་ནི་འབྲལ་མི་ཕོད་པའི་ཆ་དེ་རེད། དེ་ཡང་རང་ཉིད་ཀྱི་རྡོག་འཁྲེས་ལ་སྐྲག་པ་མ་ཡིན་པར་བཤད་མི་ཤེས་ཤིང་བཤད་མི་དགོས་པའི་ཚོར་བ་ཞིག་གིས་བཙིར་བ་རེད། གལ་སྲིད་མི་མང་ལ་སྐད་ཆ་དྲིས་པ་ཡིན་ན་ཁོང་ཚོས་འདི་ལས་ལྷག་ཅིག་བྱེད་ངེས་རེད། འཐུས་མི་ནི་འཐུས་མི་སྟེ་མི་མང་གྱི་འཐུས་ཚབ་ཡིན་པས་མི་མང་གི་སེམས་འདུན་མཚོན་ལོས་དགོས།
    རྩོམ་པ་པོའི་ཚོད་ཀྱིས་རྩོམ་ཡིག་འདིའི་ནང་དུ་ཡིག་སྐྱོན་མང་པོ་འདུག་པས་ཐུགས་གཟབ་གནང་ན་ལེགས། དགོངས་དག

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ཉིད་ཀྱིས་གསལ་གསལ་ཐིང་ཐིང་བརྗོད་འདུག དེ་ནི་ངོ་མའི་ཆ་ནས་དྲང་ཕྱོགས་རེད་ལ་བདེན་དོན་ཡང་དེ་རེད། དེ་སྔ་ངས་ཀྱང་མཆན་གང་མང་ཞིག་གི་ནང་༸གོང་ས་མཆོག་གིས་བགྲེས་ཡོལ་གནང་བ་ཆབ་སྲིད་དང་ཕྱོགས་གང་ནས་བལྟས་ཀྱང་དགོངས་གཞི་རླབས་ཆེན་ཞིག་རེད་ལ། དེ་ལ་དེ་འབྲེལ་གྱི་བསམ་ཚུལ་ཡང་བརྗོད་མྱོང་ཡོད། ཐེངས་འདིའི་གྲོས་ཚོགས་འཐུས་མི་རྣམས་ནས་དེ་ལྟར་དགོངས་བཞེས་མི་གནང་བའི་བསམ་ཚུལ་བཏོན་པ་ང་ཚོས་མཐའ་གཅིག་ཏུ་ནོར་འདུག བསམ་ཞིབ་མ་གནང་བ་རེད་ཞེས་ཁ་ཚིག་བཅད་ནས་བརྗོད་མི་རུང་སེམས། བསམ་བློ་ཞིབ་མོ་ཞིག་བཏང་ན་འདི་ཡང་འགྲོ་སྟངས་སྙིང་རྗེ་མོ་ཞིག་རེད་ལ་ཆབ་སྲིད་ཀྱི་གནས་བབ་ནས་བལྟས་ན་ཡང་འོས་ཤིང་འཚམས་པ་ཞིག་རེད། འདི་ནི་རྒྱ་ནག་ལ་ཡང་བརྡ་ལན་ཞིག་དོན་གྱིས་སྤྲད་ཡོད་བསམ། འདི་ལ་གང་མང་ཞིག་འགྲེལ་རྒྱུ་འདུག་མོད་མང་དོགས་ཀྱི་རྗེས་མ་ལྷོད་གླེང་བྱེད།

    Reply
  3. སྨྱུག་གསར། says:
    ལོ་ 15 སྔོན།

    ལྷ་ཆབ་ལ་བདེན་པ་འདུག ཡིན་ན་ར་ད་ཨ་ཁུ་འབྲོག་པ་ཚང་གི་ཐུག་པའི་ནང་ན་ཤ་མེད་པའི་སྐད་ཆ་དེ་བཤད་མ་བཤད་མེད་གི གང་ལྟར་ཁོང་ཚོ་ཕེབས་རན་ཡོད་རེད། དེ་ལས་སང་ཉིན་གྱི་སྤྱི་འཐུས་དེ་ཚོའི་འགན་འཁྱེར་སྟངས་ཀྱི་སྐོར་ནས་བགྲོ་གླེང་རེ་གནང་ཐུབ་ན་ཡག་གི་འདོད་གི ད་མང་ཚོགས་ཀྱིས་ག་འདྲ་ཞིག་འདེམས་ཡོད་མེད་སུས་ཤེས།

    Reply
  4. ལུང་རྟོགས། says:
    ལོ་ 15 སྔོན།

    ལྷ་ཆབ་གི་གསུང་ལ་རྒྱབ་སྐྱོར་ཡོད།

    Reply
  5. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་གིས་སྲིད་ཀྱི་འགན་དབང་ཡང་རྫོགས་མང་ཚོགས་ལ་གནང་བ་མང་ཚོགས་ཀྱིས་དགའ་བཞིན་སྤྲོ་བཞིན་བཞེས་དགོས་པ་དེ་བོད་མིའི་ལས་འགན་རེད།

    Reply
  6. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    རྐུབ་སྟེགས་ཤིག་འདུག་ན་ངའི་འཇོན། ཁོའི་འཇོན་ཞེས་བཤད་ཀྱི་འདུག མགོ་ཐོག་ཏུ་བབས་དུས་ཕར་གཡོ་གིན་འདུག 

    Reply
  7. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ཀློག་མཁན་དག་གིས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ།

    Reply
  8. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དེ་སྔ་ཕྱི་ལོ་༢༠༠༨ ལོར་༸གོང་ས་མཆོག་གི་བཀའ་ལ་གྱེན་ལྡོག་གི་མ་འགྲོས་བསམ་པ་གཅིག་མཐུན་གྱི་སྐད་ཆ་ཞིག་གི་རྒྱ་ཆེན་མི་མང་གི་བསམ་ཚུལ་ངོ་མ་རྣམས་ནག་སུབ་ལ་བཏང་བ་དང་སླར་ཡང་འདི་ལོ་གསོལ་བ་ཕུར་ཚུལ་དུ་ལྟབས་ནས་༸གོང་ས་མཆོག་གི་བཀའ་ནག་སུབ་ལ་གཏོང་ཐབས་མཛད་པའི་སྤྱི་འཐུས་རྣམས་པས་རང་མདོག་མི་མང་ལ་བསྟན་པ་ནི། སྤྱི་འཐུས་རྣམས་པས་མི་མང་ལ་གོ་བརྡ་ཆེན་པོ་ཞིག་སྤྲད་པ་ཡིན། དེ་ཡང་མི་མང་ཁྱེད་རང་ཚོའི་བརྟགས་དཔྱད་ཡང་དག་པ་མ་བྱས་པ་སྤྱི་འཐུས་འོས་བླུགས་སྐབས་ཟབ་ཟབ་པས་ང་ཚོར་ཐབས་ཤེས་མིན་འདུག་ཟེར་བ་དང་ཤིན་ཏུ་འདྲ།

    Reply
  9. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    རྩོམ་པ་པོ་ལྷ་ཆབ་ལགས་ཀྱི་གསུངས་པ་ལ་མོས་མཐུན་ཡོད། ངོ་མ་ད་ནི་དུས་ལ་བབ་པའི་གནས་སྟངས་ཤིག་རེད་ལ། ངུ་བཤུམ་རྒྱག་ནས་སྡོད་པའི་དུས་ཚོད་ཤིག་ག་ལ་ཡིན།

    ངོ་མ་ངུ་བཤུམ་རྒྱག་འདོད་ཡོད་ན། སྤྱི་འཐུས་ལས་མར་དགོངས་པ་ཞུས་ནས་རང་ཁྱིམ་དུ་ངུ་ནས་སྡོད་པ་ལས། གྲོས་ཚོགས་ཀྱི་དུས་ཚོད་རྩ་ཆེན་འདི་བཞིན་འཕྲོ་བརླག་མི་འགྲོ་བ་བྱེད་དགོས་པ་ཡིན། ད་ནི་ངུ་ནི་ཅི་བྱས། ཨ་ཕོ་ལ་འཇོན་ཐང་ཡོད་ན། བྱང་ཐང་སྟོང་པ་རེད་དོ།

    གྲོས་ཚོགས་ལམ་ལྷོང་ཡོང་བའི་སྨོན་ལམ་ཞུ།

    Reply
  10. ཤག་སྒང་པ། says:
    ལོ་ 15 སྔོན།

    ཡག་པོ་གསུངས་འདུག རྒྱབ་སྐྱོར་ཡང་ཆ་ཚང་ཡོད་དོ།།

    Reply
  11. གནས་ཚང་། says:
    ལོ་ 15 སྔོན།

    རྩོམ་པ་པོ་གྲགས་ཆེན་ལྷ་ཆབ་ལགས་ཀྱི་གསུང་བ་ལ་མངོན་པར་བསྟོད་དོ།
    ད་ལྟ་ཡེ་ཤེས་དབྱིངས་དཔྱད་ལ་བཀའ་སྤྱི་གཉིས་ནས་ཅི་ཞིག་གི་ལྟ་སྟངས་འཛིན་བཞིན་པ་ཚང་མ་ལོར་ངོ་འཕྲོད་སོང་བ་རེད། དེ་གལ་ཆེན་རེད།

    Reply
  12. སེམས་པ་གཉོམ་པོ། says:
    ལོ་ 15 སྔོན།

    སྐབས་བཅུ་བཞི་བའི་སྤྱི་འཐུས་དེ་ཚོའི་བྱ་སྟངས་བྱེད་སྟངས་ལ་བལྟས་ཀྱིན་དོགས་པ་ཟ་བ་ཞིག་རེད། དེ་ཚོའི་ཁྲོད་དུ་རྒྱ་དམར་གྱི་ནུས་པ་ཞིག་སླེབས་མེད་དམ་སྙམ་གྱི་འདུག དཔེར་ན་བལ་ཡུལ་བཞིན།

    འགའ་རེས་ཅིག་འཁྲབ་ཀྱིན་བསྡད་དུས་སྤྱི་འཐུས་རེ་ཟུང་གི་ཀླད་པའི་ནང་དུ་རྣག་མ་གཏོགས་ཅང་མེད་པ་དེ་ཚོ་ཆུ་སྣ་གར་ཁྲིད་རེད།

    Reply
  13. བསེ་རུ། says:
    ལོ་ 15 སྔོན།

    ངའི་སེམས་ཚོར་ཟུར་ཙམ་བཤད་ན།
    ༸གོང་ས་མཆོག་གིས་ལོ་མང་རིང་ཕྲུ་གུ་ཆུང་ཆུང་ཞིག་ལ་གོམ་པ་རྒྱག་སྟངས་བསླབ། ཕྲུ་གུ་དེ་འཚར་ལོངས་བྱུང་། རང་རྐྱ་འཕེར་བའི་གོམ་པ་སྤོ་སྟངས་ཤེས།
    ཕྲུ་གུ་དེས་ད་དུང་༸གོང་ས་མཆོག་ལ་འཐམ། ང་གཅིག་པུར་འགྲོ་གི་མིན། ལམ་དུ་དགྲ་ཇག་ཆོམ་རྐུན་དང་། གཡང་གཟར་འཇིགས་པ་མང་། ད་དུང་རོགས་མགོན་གནང་རོགས་ཟེར། ཕྲུ་གུ་དེ་གཅེས་ལངས་དུ་ཤོར། ཕྲུ་གུ་དེ་ནམ་ཡང་ཕྲུ་གུའི་གནས་མལ་དུ་ཉལ་རྩིས་བྱས། ནམ་ཞིག་ཉལ་ས་ནས་ལངས་མ་ཐུབ་པར་ལུས། དེ་ནས་ཕྲུ་གུའི་སྒྲུང་དེ་སུ་ཡིས་ཤེས། མུ་མཐུད་གསུངས་དང་།

    Reply
  14. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ལ་བཤད་ལུང་བཤད་བརྒྱ་བྱས་ན་ནས་ལས་བབ་རྒྱུ་རྩམ་པ་ཡིན་དུས་ད་ནི་གྲོས་ཆོད་བཞག་པའི་དུས་མིན་གྱི་གྲྭ་བསྒྲིག་བྱེད་དགོས་པའི་དུས་ཡིན། མིག་ཆུ་བཏང་འདུག་པའི་དུས་མ་ཡིན་གྱི། དགའ་ནས་ལས་དགོས་པའི་དུས་ཡིན།

    དུས་ལས་བབ་པ་ཡིན། རྒྱ་མཚོ་ཆུ་སྲིན་རྣམས་གྱིས་ནི། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང་། གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་སྲིད་ཞེས་པ་ལྟར་༸གོང་ས་ཡིད་བཞིན་ནོར་བུའི་བཞེད་པ་འདི་ནི་དགོས་པ་ཅན་གྱི་བཞེད་པ་ཕུལ་དུ་ཕྱིན་པ་ཞིག་ཡིན་གྱི།

    གོང་གི་ལྷ་ཆབ་སྦྱིན་པ་ལགས་ཀྱིས་ཞེན་བསྐུལ་བཞིན་འདི་རྗེས་སུ་ཡི་རང་དང་དེ་དེ་བཞིན་དུ་མཛད་གྲུབ་པའི་འབོད་བསྐུལ་ཞུ་གི་ཡོད།

    Reply
  15. རིགས་བཟང་། says:
    ལོ་ 15 སྔོན།

    ལྷ་ཆབ་ལགས།
    ཁྱེད་ནི་མུན་པའི་ཁྲོད་འཚེར་བའི་འོད་དཀར་ཞིག་རེད། ཁྱེད་ཀྱི་གསུང་ལ་ཡི་རངས་ཡོད། ཀླད་པ་རྡོ་ལྟར་འཁྲེགས། གཤིས་རྒྱུད་རྭ་ལྟར་གྱོང་བའི་སྤྱི་འཐུས་རྣམས་ཀྱིས་༸རྒྱལ་བའི་བཀའ་ལ་རྒོལ་ལན་སློག་པའི་སྙིང་སྟོབས་དེ་དགྱ་ནག་གིས་སྤྲད་པ་རེད་དམ། ཨ་མཚར་ཆེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese