མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱོཊ་སྟོན་བསམ་གཞིགས། – བློ་བཟང་དཔལ་ལྡན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp







ཉེ་ཆར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེའི་ཐུགས་དགོངས་ལྟར་བོད་མི་རིགས་ཀྱི་འཕྲལ་ཡུན་ལེགས་ཚོགས་ཀྱི་རྩ་བར་དམིགས་ཏེ་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ལ་ཕེབས་རྒྱུའི་གསུང་འཕྲིན་གནང་ཡོད་པ་ལྟར། གནས་ཚུལ་འདི་ད་ལྟའི་ཆར་རྒྱལ་སྤྱི་དང་བོད་མིའི་སྤྱི་ཚོགས་གཉིས་ཀའི་ནང་བོད་དོན་གྱི་གནས་ཚུལ་ཛ་དྲག་ཅན་དང་གལ་ཆེ་ཤོས་དེ་ཆགས་ཡོད། རང་རེའི་ད་ཡོད་གྲོས་ཚོགས་ཀྱི་ངོར་གསུང་འཕྲིན་དེ་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་ཐོག་གི་རྩ་ཆེའི་ལམ་སྟོན་ཞིག་ལས་ལྡོག་སྟེ། བོད་ཀྱི་ལོ་རྒྱུས་སྒང་གི་ཆེས་ཉེན་ཚབས་ཆེ་བའི་གནད་དོན་ཞིག་དང༌། དེ་ལྟ་བུའི་སྐྱོ་གར་ཅིག་བོད་ཀྱི་བྱུང་རབས་ནང་འབྱུང་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཚུལ་དང༌། བློ་ཕམ་ཆེན་པོ་ཡོད་ཅེས་རྣམ་འགྱུར་མཁྲེགས་པོའི་ཐོག་ཡང་དང་བསྐྱར་དུ་ནན་བརྗོད་ཐོག་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ལ་འགྲོ་རྒྱུར་ཡོང་ཐབས་མེད་པ་ཞིག་ཡིན་ཚུལ་གླེང་ཡོད་མོད། འོན་ཀྱང་ྋགོང་ས་ྋམཆོག་གིས་ ༼མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད༽ཅེས་དང༌། ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་གསལ་བཤད་ཐད་གསུང་འཕྲིན་ནང་ྋ༼སྐབས་འདིར་ནན་བརྗོད་བྱ་རྒྱུ་ཞིག་ལ། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན།༽ཞེས་བཀའ་གནང་བ་ལྟར་ྋགོང་ས་ྋམཆོག་གིས་བོད་མི་དམངས་དང་བོད་དོན་བློས་བཏང་བའམ། ཁོང་སེམས་ཤུགས་ཆག་པ་མ་ཡིན་པར་མ་ཟད། རང་རེའི་ཀླད་མེད་འགས་ཁོང་ལ་མི་འདོད་པའི་ཀུ་ཅོ་རེ་གཉིས་ཐོན་པ་དེས་ཀྱང་རྩ་བ་ནས་ཡིན་མི་སྲིད།

ྋགོང་ས་ྋམཆོག་གི་གསུང་འཕྲིན་ནང་གསལ་བོར་གསུངས་བ་ལྟར་༼བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད༽་ཅེས་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་མི་ལོ་བཅུ་ཕྲག་ལྔའི་གོང་དུ་འཆར་གཞི་བཏིང་ཟིན་པ་ཞིག་དང༌། བོད་གཞིས་བྱེས་གཉིས་ཀྱི་མ་འོངས་པའི་བརྟན་བརླིང་དང༌། གང་ལྟར་ཡང་ནམ་ཞིག་ཁོང་མ་བཞུགས་པའི་དུས་སྐབས་ཤིག་ཤར་ངེས་པ་དང༌། དེ་དུས་བོད་མི་རྣམས་ཅི་བྱ་གཏོལ་མེད་དུ་མ་གྱར་བའི་ཆེད་དུ། ཐུགས་བརྩེ་བ་ཆེན་པོས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལམ་སྟོན་གནད་ལ་ཁེལ་བ་ཞིག་ཡིན་པ་ཧ་ཅང་གསལ་བས་གཞན་དུ་གོ་དོན་ཕར་དཀྱོགས་ཚུར་དཀྱོགས་མང་པོ་དེར་དགོས་པ་ཅི་ཡང་མི་འདུག

ྋགོང་ས་ཐམས་ཅད་མཁྱེན་པས་བོད་མི་རྣམས་མི་ལོ་ལྔ་བཅུའི་རིང་མང་གཙོའི་ལམ་ལ་ཁྲིད་ནས་ད་ཆ་བཙན་ཐབས་ཀྱིས་རང་གི་རྐང་པའི་ཐོག་ཏུ་ལངས་འཇུག་རྒྱུའི་མང་གཙོའི་གསར་བརྗེ་ཐེངས་ཤིག་ཀྱང་ཡིན། སྤྱིར་བཏང་ནས་ྋགོང་ས་ྋམཆོག་གི་ཐུགས་དགོངས་ནམ་མཁའ་ལྟར་ཡངས་པའི་རྣམ་དག་ལམ་སྟོན་གྱི་གསུང་འཕྲིན་གལ་ཆེན་འདི་ལྟ་བུ་ཞིག་མི་རེ་ཟུང་གི་སྐྱོན་བརྗོད་ཙམ་ཞིག་ལས་བྱུང་བར་འདོད་མཁན་རྣམས་ནི་ྋགོང་ས་ྋམཆོག་ལ་རྩ་བ་ཉིད་ནས་རྒྱུས་མེད་ཀྱི་གཏམ་ཡིན་ལ། གལ་ཏེ་ྋགོང་ས་མཆོག་ལ་རྒྱུས་མངའ་ཆུང་ཆུང་ཞིག་ཡོད་དབང་དུ་བཏང་ན་དེ་ལྟ་བུའི་བསམ་ཚུལ་ཡོང་མི་སྲིད།

ཕྱོགས་གཞན་ནས་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་སྐུ་གཤེགས་ན་བོད་དོན་ཡང་རང་བཞིན་གྱིས་ཡལ་ངེས་ཡིན་པའི་རེ་བ་བྱེད་བཞིན་པ་དེར་ལག་ལེན་ངོ་མའི་ཐོག་ནས་ལན་བཏབ་པ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་བགྲེས་ཡོལ་ནི་སྲིད་དོན་གྱི་གཡོ་ཇུས་རེད་ཅེས་སྐད་ངན་ཤོར་ཡོད། ང་ཚོའི་གྲོས་ཚོགས་ཀྱིས་གསུང་འཕྲིན་དེའི་རིན་ཐང་རྟོག་ཞིབ་གང་ཡང་མེད་པར་དེའི་ཉེན་ཁའི་རང་བཞིན་ངོས་འཛིན་ཐད། བོད་དང་འཕགས་པ་སྤྱན་རས་གཟིགས་བར་གྱི་འབྲེལ་བ་ཁ་བྲལ་དུ་གཏོང་རྒྱུ་དང༌། རྒྱལ་སྤྱི་དང་བོད་བར་གྱི་འབྲེལ་ལམ་དང་བོད་ཀྱི་ཆེས་མཐོའི་གཟུགས་བརྙན་རྨང་མེད་དུ་གཏོང་རྒྱུ། བོད་གཞེས་བྱེས་གཉིས་བར་གྱི་ཆིག་སྒྲིལ་དང་མཛའ་མཐུན་མེད་པར་བཟོ་རྒྱུ། བཙན་བྱོལ་སྒྲིག་འཛུགས་དང་དེའི་བཅའ་ཁྲིམས་ལ་ནུས་པ་དང་རྒྱབ་རྟེན་མེད་པར་ཆགས་རྒྱུ། བོད་རྒྱ་གཉིས་བར་གྱི་ཞི་མོལ་མཇུག་སྐྱོང་ལ་འགོག་རྐྱེན་དུ་འགྲོ་རྒྱུ་བཅས་ཀྱི་ངོས་འཛིན་བྱས་ཡོད་མོད། གནས་ཚུལ་འདི་དག་ནི་ཆེད་དུ་བཟོས་པ་ཞིག་མ་ཡིན་པར་ནམ་ཞིག་རང་བཞིན་གྱིས་ཡོང་ངེས་ཡིན་སྟབས་ྋགོ་ས་ྋམཆོག་སྐུ་འཚོ་བཞུགས་སྐབས་ཁོང་གི་ཡང་དག་པའི་ལམ་སྟོན་ལྟར་འགྲོ་མ་ཐུབ་ཚེ་དེ་ལས་ཀྱང་ཉེན་ཆེ་བའི་གནས་ཚུལ་གཞན་དང་གཞན་དག་ཡོང་རྒྱུ་གདོན་མི་ཟ།

དེས་ན་ྋགོང་ས་ྋམཆོག་གི་གསུང་འཕྲིན་འདིའི་ནང་བོད་མི་ཕལ་མོ་ཆེས་མུ་མཐུད་ྋགོང་ས་ྋ་མཆོག་གི་དབུ་ཁྲིད་གནང་རྒྱུར་འདོད་མོས་ཡོད་མེད་དང་དེའི་དགེ་མཚན་གླེང་རྒྱུའི་གོ་སྐབས་མེད་པར། གྲ་སྒྲིག་སྡུག་ས་ནས་ངེས་པར་བྱེད་དགོས་པའི་ལམ་སྟོན་གནང་བར་བརྟེན། ད་ལྟ་ང་ཚོ་ལོ་རྒྱུས་ཀྱི་དཀྱོགས་མཚམས་འདི་ལས་བདེ་བར་འགྲོ་ཐབས་སུ་སྤྱི་འཐུས་ཚོས་མང་ཚོགས་ཀྱིས་ཉན་འདོད་བྱེད་པའི་སྐད་ཆ་ཁོ་ན་བཤད་པའི་དུས་ཚོད་མིན་པར། མང་ཚོགས་ཀྱིས་མཐོང་མི་འདོད་ཅིང་ཉན་རྒྱུར་མི་དགའ་བའི་གནས་ལུགས་བཤད་དེ་མི་ལོ་ལྔ་བཅུའི་མང་གཙོའི་འཕེལ་རིམ་མདུན་སྐྱོད་དང་ྋགོང་ས་ྋམཆོག་གི་ཐུགས་རེ་འགྲུབ་ཆེད་གཞུང་མང་གཉིས་ཀས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་དུས་ཚོད་རེད། ྋགོང་ས་ྋམཆོག་གིས༼བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་རྣམས་བྱེད་དགོས་པའི་ལམ་སྟོན་བྱས་ཏེ་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས༽མི་མང་གིས་ཐད་ཀར་འོས་བླུགས་པའི་མི་སྣ་ལ་རྩིས་སྤྲོད་བྱེད་རྒྱུ་དང་ྋགོང་ས་ྋམཆོག་གི་མིང་གནས་རྗེས་འབྲེལ་གྱི་ཁྲིམས་དང༌། འཛིན་སྐྱོང༌། ཆབ་སྲིད་ཀྱི་ལས་དོན་བཅས་པ་རྩིས་སྤྲོད་དང༌། རང་བཞིན་ནུས་མེད་དུ་འགྲོ་བའི་རིགས་ཡང་ཁ་ཤས་ཡོད་ཚུལ་གསུང་འཕྲིན་ནང་གསལ་བ་འདི་དྭང་ལེན་ཞུ་རྒྱུ་ཧ་ཅང་བློས་དཔག་དཀའ་བ་ཞིག་ཡིན་ཡང༌། ྋགོང་ས་ྋམཆོག་མི་ལོ་བཞི་བརྒྱར་ཉེ་བའི་རིང་བོད་གང་ཅན་ལྗོངས་ལ་བཀའ་དྲིན་གྱིས་ཁྱབ་ཡོད་ཚུལ་གླེང་རྒྱུ་ཕར་ཞོག མི་ལོ་ལྔ་བཅུའི་རིང་ྋགོང་ས་ྋསྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་འཛམ་གླིང་ཐོག་འགྲོ་བ་མིའི་བདེ་རྩའི་ཕྱག་ལས་ཅི་གནང་སོགས་ཀྱང་མི་གླེང་བར་བོད་མི་བཙན་བྱོལ་བ་མི་གྲངས་གཅིག་འབུམ་ལྷག་ལ་ས་མཐའ་འདིར་བྱམས་བརྩེས་བསྐྱངས་པ་གཅིག་པུར་བསམ་ན་ཡང་ང་ཚོས་བློས་གཏོང་ཐུབ་པ་ཞིག་མིན། འོན་ཀྱང་ང་ཚོ་ཚང་མས་གནད་དོན་འདི་ཧ་ཅང་དཀའ་ངལ་ཅན་ཞིག་པ་ངོས་འཛིན་གཅིག་མཚུངས་སུ་ཡོད་མོད། བློ་སྟོབས་བསྐྱེད་དེ་ཅེས་ཀྱང་དང་ལེན་ཞུ་དགོས་པ་ལས་ཞུ་བ་ཕུལ་ནས་གཡོལ་ཐུབ་བྱས་ཚེ་ཉེན་ཁའི་གཡང་ལ་གོམ་གང་སྔོན་ལ་སྤོས་པ་ཞིག་ཡིན།

ཡང་གསུང་འཕྲིན་ལས་༼ཁྲིམས་སྒྲིག་གཞན་ཁག་བསྐྱར་བཅོས་བྱ་རྒྱུའི་ཆེད་ཚོགས་ཆུང་ཟུར་འཛུགས་སམ་ལས་རིམ་ཇི་དགོས་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་རྒྱུ༽ཞེས་གནད་འགག་ཆེས་ཆེ་ས་ཞིག་ལ་དགོངས་ནས་གྲོས་ཚོགས་དང་བོད་མི་དམངས་ལ་ལམ་སྟོན་ཧ་ཅང་རྩ་ཆེན་ཞིག་གནང་དང་གནང་བཞིན་པ་འདི་ཉམས་སུ་མ་བླངས་པར། ད་དུང་མུ་མཐུད་བགྲེས་ཡོལ་ཆ་ཚང་ལྟ་ཅི་ཕྱེད་བགྲེས་ཡོལ་ཞེས་པ་ཡང་རྩ་བ་ནས་མ་གསུང་རོགས་ཞེས་ཨུ་ཚུགས་ཀྱིས་འགན་ཡོངས་རྫོགས་ྋགོང་ས་མཆོག་གི་མདུན་དུ་སྤུངས་ཏེ་བསྡད་ན། བཙན་བྱོལ་གཞུང་དང་མི་མང་གིས་འཐུས་ཤོར་ལོ་རྒྱུས་ཐོག་བསུབ་ཐབ་མེད་པ་ཞིག་ཡོང་རྒྱུ་ཡིན་པས། ད་ཆ་ང་ཚོས་བློས་གཏོང་དང་ཆོད་སེམས་བརྟན་པོ་ལ་བརྟེན་ནས་ྋགོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་མཐའ་གཅིག་ཏུ་བརྩི་བཀུར་དང་འབྲེལ། འབྱུང་འགྱུར་ལ་སྔོན་དཔག་བྱས་ཏེ་གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་ཐོག་མ་འོངས་པའི་སྲ་བརྟན་གྱི་ཕྱོགས་ལ་གོམ་སྟབས་སྤོ་དགོས་སོ།།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. རས་པ། says:
    ལོ་ 15 སྔོན།

    སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱིས་གྲོས་ཚོགས་ར་བ་ནས་འཐུས་མི་རྣམས་ལ་ཁང་ར་བཤད་ཞོར་ཏུ། སྐབས་འདིས་གསུང་འཕྲིན་གྱི་དགོངས་ཚུལ་ནི་བགྲེས་ཡོལ་མ་རེད། ༧རྒྱལ་དབང་སྐུ་ཕྲེང་ལྔ་བ་ནས་རྒྱུད་པའི་སྲིད་དབང་རྩིས་སྤྲོད་གནང་བཞེད་རེད་གསུངས་སོང་།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བློ་བཟང་དཔལྡན་ལགས་ནས་ཐོད་བརྒལ་གྱི་དགོངས་ཚུལ་འདི་བཞིན་རང་རེའི་སྤྱི་འཐུས་ཚོ་ལ་ཡོད་ན་༸གོང་ས་མཆོག་ཐུགས་བློ་བདེ་པོ་ག་ཚོད་ཡོངས་ཀྱི་རེད།
    ༸གོང་ས་མཆོག་ནས་རྟག་ཏུ་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱ་དགོས་ཞེས་གསུངས་པ་ལྟར་ང་ཚོས་གྲ་སྒྲིག་ཞིག་བྱས་པ་ཡིན་ན་ཡག་པོ་རེད། དེ་ཡང་བཀའ་བློན་གསར་པ་དང་སྤྱི་འཐུས་གསར་པ་རྣམས་ནས་འགན་བཞེས་དང་པོ་ནི་བཙན་བྱོལ་གཞུང་དེ་རྒྱལ་སྤྱིའི་ཐོག་ངོས་འཛིན་ཐོབ་ཐབས་ལ་འབད་པ་ཞིག་གནང་དགོས་པ་མ་ཟད་དེ་ནི་ཁ་ཚ་དགོས་གཏུགས་ལྟ་བུ་མཐོང་བས་དེའི་འཐད་དྲྭ་གྲོགས་ཚོས་དགོངས་ཚུལ་དང་བགྲོ་གླེང་ཞིག་གནང་རོགས་བཞེས་རེ་བསྐུལ་ཞུ་རྒྱུ་དང་། དེའི་འཐད་མཁས་དབང་རྣམ་པས་ཆེད་རྩོམ་རེ་སྤེལ་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese