མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་བོད་དོན། གྲྭ་གཞོན་ཞིག་གི་འོས་འགན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

“ཤེས་ཡོན་ནི་ལྡེ་མིག་ལྟ་བུ་རེད།” ༸གོང་ས་མཆོག་གིས།

                                                                                             རིགས་སློབ། གོང་དཀར་ངག་རྣམ། 

གནད་དོན་ཞིག་གི་སྐོར་གླེང་དུས་ཐོག་མར་དེ་དང་རང་ཉིད་བར་གྱི་གལ་ཆེའི་འབྲེལ་བ་ཅི་ཞིག་ཡོད་མེད་དང་། དེའི་སྐོར་ཞིབ་པར་འབྲི་བའི་ཚེ་ནའང་གཙོ་བོ་རང་སྟེང་གི་འོས་འགན་དང་ནུས་པ་གང་འདྲ་ཞིག་ཡོད་མེད་དེ་གླེང་མོལ་དེར་མཚོན་ན་སྲོག་ལྟ་བུར་གྱུར་ཡོད་པས་དེར་བསམ་གཞིག་བྱ་དགོས་སྙམ། བོད་དོན་ཤོད་པའི་སྐབས་སུའང་ལྟ་ཚུལ་འདི་འདྲ་ཞིག་བཟུང་ན། ད་གཟོད་ཁྱེད་ཀྱིས་བོད་དོན་སྐོར་ཐུང་ཐུང་ཞིག་ལས་མ་གླེང་ནའང་། དེ་ལ་དོན་སྙིང་ཡོད་ལ་གླེང་རིན་ཡང་ཡོད། དེ་བས་ངའི་བོད་དོན་ནི་བོད་ཀྱི་གྲྭ་གཞོན་སློབ་གཉེར་བ་ཞིག་གི་ངོ་བོའི་ཐོག་ནས་སྨྲ་དགོས་ཀྱི་ཡོད། རང་སྟེང་གི་འགུལ་སྐྱོད་གསར་པ་ཞིག་དང་སེམས་ཚོར་ཞིག་སྨྲ་དགོས་ནའང་ངོ་བོ་འདི་ལས་མི་བརྒལ་བའི་དྲན་ཤེས་བསྟེན་དགོས། གང་ཡིན་ཟེར་ན། རྩོམ་ཡིག་དང་རང་ཉིད་བར་རྒྱང་ཐག་རིང་པོ་ཞིག་གིས་ཆོད་བཞིན་དུ་ཉ་ཉོག་ལུང་པ་གང་བཤད་པ་དེས་གང་ལའང་ཕན་གྱི་མེད་པའི་མྱོང་ཚོར་བྱུང་། དེ་ལས་ད་ལྟ་སྐྱོད་བཞིན་པའི་འགྲོ་ལམ་དེ་དང་དེའི་ཐོག་ནས་བྱུང་བའི་དྲན་སྣང་རྣམས་སྲོང་པོར་སྨྲས་ན། རྩོམ་ཡིག་གི་གལ་ཆེའི་ཐོབ་ཐང་ཐོག་ནས་བལྟས་ནའང་ཐལ་ཆ་གང་ཡང་མེད་སྙམ།

 འདིའི་ཐད་ལ་ཁ་སྔོན་ཕྱི་ཟླ་བཅུ་གཉིས་པའི་ནང་མཁས་དབང་ཟམ་གདོང་རིན་པོ་ཆེས་འདི་ཕྱོགས་སུ་རང་ངོས་ནས་བོད་ཀྱི་སྐད་ཡིག་གི་སྤྱོད་སྒོའི་ཐོག་བསམ་གཞིགས་དང་། དོ་འཁུར། ཐ་ན་སྦྱོང་སྤྱོད་ཀྱི་སྤོབས་སེམས་ཙམ་ཡང་མེད་པར་རང་དགར་རྒྱ་མིས་བོད་ཀྱི་སྐད་ཡིག་གཏོར་བཅོམ་བྱས་པར་ངོ་རྒོལ་བྱེད་པར་བཟང་སྤྱོད་ཀྱི་ཐོབ་ཐང་མེད་པར་གསུངས་པ་ལྟ་བུ་རེད། ངས་འདི་ལ་བདེན་ཆ་ཞིག་ཡོད་པའི་ངོས་འཛིན་གཏིང་གཟབ་བྱེད་ཀྱི་ཡོད། ང་ཚོས་ག་དུས་ཀྱང་ལས་འགན་དང་འོས་འགན་གྱི་དབྱེ་བ་འབྱེད་དགོས་ཤིང་། ལྷག་པར་ལས་འགན་ལས་འོས་འགན་གལ་ཆེ་བའི་ལྟ་ཚུལ་ཞིག་ཤོད་དགོས་ཀྱི་ཡོད་སྙམ། སྤྱི་ཚོགས་ཀྱི་གལ་འགངས་ཅན་གྱི་གནད་དོན་འགའ་ཤས་རང་ཉིད་ཀྱི་གཡོལ་དུ་མེད་པའི་ལས་འགན་ཞིག་ཏུ་བརྩི་དགོས་ཀྱང་། ད་ལྟ་སྐབས་སུ་མ་བབ་པའམ་གལ་ཏེ་དེ་ལ་ཞུགས་ནའང་སྒྲུབ་ཕྱོགས་ཀྱི་བྱ་བ་གཞན་ཞིག་ལ་མངོན་མེད་ཀྱི་དོ་ཕོག་འགྲོ་བཞིན་ཡོད། དཔེར་ན། སློབ་ཕྲུག་ཅིག་ལ་མཚོན་ན་ཁོའི་འོས་འགན་དང་ནུས་པ་འདོན་ས་གཙོ་བོ་ནི་སློབ་སྦྱོང་ཡིན་དགོས་པ་ལས། སློབ་སྦྱོང་གི་དུས་ཡུན་ནང་ཆབ་སྲིད་ཀྱི་དོན་གནད་ག་གེ་མོར་འཛུལ་ཏེ་བཟང་ངན་གྱི་ནུས་པ་འཐོན་ཐབས་བྱེད་པ་ནི་ཤེས་ཡོན་དང་བསམ་བློའི་ཁ་ཕྱོགས་སམ་བརྒྱུད་རིམ་ཡག་པོ་ཞིག་ག་ལ་ཡིན། སློབ་སྦྱོང་གི་ཐོག་ནས་བསམ་བློ་དང་རྣམ་དཔྱོད་ཀྱི་སྒོ་མོ་ཡག་པོ་ཞིག་ཕྱེ་མ་ཐུབ་པར་སེམས་ཚོར་ཙམ་གྱི་རྗེས་སུ་རྒྱུག་འགྲོ་བ་ལས།ཤེས་ཡོན་ཞེས་པར་ལྡེ་མིག་ལྟ་བུའི་འཛིན་སྟངས་དང་། ལྡེ་མིག་དེས་སྐྱེས་སྦྱངས་ཡོན་ཏན་ཕྱུག་ཏུ་བཏང་ནས། བསམ་བློ་དང་འདུ་ཤེས་ཁྱད་པར་བས་སྤྱི་ཚོགས་ཀྱི་འཁུར་ལེན་པའི་ནུས་པ་ཞིག་མེད་ན་ནི། ད་གཟོད་ཁྱོད་ཀྱི་ཤེས་ཡོན་ལ་ཡང་བརྒྱ་ཆ་ཙམ་དང་སློབ་དེབ་ཙམ་ལས་གཞན་གང་གི་རིན་ཐང་ཡང་མེད། 

འདི་ནི་སློབ་ཕྲུག་ཅིག་གི་ངོས་ནས་བཤད་ཅིང་། འདི་དང་འདི་ལྟ་བུའི་འོས་འགན་ནི་བཙལ་འཚོལ་བྱས་ན་མིའི་སྤྱི་ཚོགས་ཀྱི་གྲལ་རིམ་གང་དུའང་ཡོད། ཐམས་ཅད་ཀྱིས་ཐོག་མར་རང་གི་མདུན་དུ་ལྷག་འགྲོ་བའི་བྱ་གཞག་དེར་སྣང་འཇོག་མེད་པར།   གནད་དོན་དེའི་ངོ་བོ་གཞན་ཞིག་ནས་མ་གཏོགས་སྒྲུབ་རྒྱུ་མེད་པའི་སྣང་ཚུལ་ཤུགས་ཆེན་དེའི་དབང་གིས་ང་ཚོ་དང་ང་ཚོའི་བོད་དོན་བར་དོན་མེད་ཀྱི་བར་སྟོང་ཞིག་ལྷག་གི་འདུག  སྟོན་པའི་གསུང་བདག་ཉིད་བདག་གི་མགོན་ཡིན་ཏེ། ཞེས་པ་འདི་དང་། Charity Begins At Home ཞེས་པའི་དབྱིན་ཇིའི་གཏམ་དཔེ་འདི་ཚོའི་ཐོག་ནས་ང་ཚོས་བསླབ་བྱ་ཞིག་ལེན་རན་གྱི་འདུག་སྙམ།འདི་ལ་ང་ཚོས་བསམ་གཞིག་དང་དོ་འཁུར་མ་བྱས་པའི་རྐྱེན་གྱིས་ང་ཚོས་བོད་པའི་སློབ་ཕྲུག་སྐོར་ཞིག་ལ་བོད་དོན་ཤོད་དུ་བཅུག་ནའང་། ཁོང་ཚོས་རང་ཉིད་ཀྱི་འོས་འགན་དང་སྦྲེལ་ཏེ་གནད་དོན་དེ་གསོན་ཉམས་དོད་པོའི་ཐོག་ནས་ཤོད་མཁན་དཀོན་པོ་རེད། དེ་བས་བོད་དོན་བདག་མེད་ཀྱི་རི་དྭགས་ལྟ་བུའམ་བར་སྣང་དུ་ལྷག་འགྲོ་བཞིན་པའི་སྣང་ཚུལ་འདི་འབྱུང་བཞིན་ཡོད། གལ་ཏེ་ཁོང་ཚོས་རང་ཉིད་སློབ་ཕྲུག་ཅིག་ཡིན་པའི་རྨང་གཞིའི་ཐོག་ནས་སྐད་ཆ་འདིའི་དོན་སྙིང་སློང་བ་དང་། དེའི་ཆེད་རང་གི་ངོ་བོའི་ཐོག་ནས་སྣ་མང་ཕུན་སུམ་བྱེད་ཐབས་འདི་དང་འདི་བསྒྲུབ་རྒྱུ་ཡོད་ཅེས་བཤད་ན་སྐད་ཆ་འདི་གསོན་ཉམས་དོད་པོ་གང་འདྲ་མི་ཆགས་སམ།   དེ་བས་སྐད་ཆ་ཤོད་དུ་འཇུག་མཁན་ཚོས་ཀྱང་བོད་དོན་ཞེས་པ་ཙམ་མིན་པར་སློབ་ཕྲུག་གི་བོད་དོན་ཞེས་པ་ལྟ་བུའི་བརྗོད་གཞིའི་ཐོག་དམིགས་སུ་བཀར་ནས་བསམ་བློ་གཏོང་དུ་འཇུག་དགོས་ཀྱི་འདུག   ངའི་ལྟ་ཚུལ་འདིས་སློབ་ཕྲུག་དང་བོད་དོན་བར་ཐག་ཉེ་རུ་འགྲོ་བའི་ཚོར་བ་དང་། ཚོར་བ་དེས་སློབ་ཕྲུག་ལ་ཤེས་ཡོན་གྱི་ནུས་པ་གོང་མཐོར་གཏོང་བའི་སྐུལ་ལྕག་ངེས་ཅན་ཞིག་ཐེབས་རྒྱུའི་ཁྱད་ཆོས་ཡོད་པ་ལས། གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་སུའང་སྐད་འབོད་རྒྱག་པར་འགྲོ་རྒྱུ་གལ་ཆེན་མིན་པའི་ལྟ་ཚུལ་གཏན་ནས་འཛིན་གྱི་མེད། 

 འོ་ན་གྲྭ་གཞོན་ཞིག་གི་བོད་དོན་ག་རེ་རེད་དམ་ཞེ་ན།   བོད་ཀྱི་གྲྭ་གཞོན་ཞིག་གི་ངོས་ནས་དངོས་གནས་མི་རིགས་ཀྱི་དོན་དག་ལ་བསམ་བློ་བཏང་ནས་འགུལ་སྐྱོད་ཅིག་རྒྱག་འདོད་ན།    སེམས་ཚོར་ཙམ་གྱི་རྗེས་སུ་རྒྱུག་འགྲོ་བ་གཏན་ནས་མིན་པར། ཨང་དང་པོ་བོད་ཀྱི་རིག་གནས་སྤྱི་དང་གཙོ་བོ་བོད་ཀྱི་ནང་བསྟན་མཚན་ཉིད་རིག་པ་དང་ཚད་མ་རིག་པའི་གོ་རྟོགས་ངེས་ཅན་ཞིག་སྐྱེད་ཐབས་བྱ་དགོས་ཀྱི་འདུག་སྙམ། ངས་གཞུང་ལུགས་འདི་གཉིས་ཀྱི་ངོ་བོ་དང་རྒྱུ་འབྲས་གླེང་བསྡད་ན་སྐབས་དོན་ཉམས་འགྲོ་བའི་ཆོས་ཉིད་ལས་མ་འདས་ཀྱང་། བོད་ཀྱི་ནང་བསྟན་ཚད་མ་རིག་པའི་རྨང་གཞིའི་ཤེས་བྱས་མིའི་རྣམ་དཔྱོད་ཀྱི་སྒོ་འཕར་འབྱེད་པའི་དངོས་བྱུང་ཀྱི་དན་རྟགས་འགོད་ཐུབ་ལ།   རྩོམ་ཡིག་འདི་འབྲི་མཁན་རང་ཉིད་ལའང་ཁྱད་དུ་འཕགས་པའི་རིག་པའི་གཞུང་ལུགས་ཉམས་དགའ་བ་དེས་བླ་ན་མེད་པའི་ནུས་སྟོབས་བྱིན་པའི་མྱོང་བ་གཏིང་ཟབ་ཡོད་ཅེས་སྤོབས་པ་དང་བཅས་པའི་སྒོ་ནས་བརྗོད་ཐུབ།  བསམ་བློའི་སྒྲོམ་གཞི་དང་ལྟ་གྲུབ་ཀྱི་གཞི་འཛིན་སའི་ཁྱད་དུ་འཕགས་པའི་བོད་ཀྱི་རིག་པའི་གཞུང་ལུགས་ཀྱི་གཏད་སོ་དང་།  དེང་རབས་ཀྱི་རིག་གནས་ཆེ་ཕྲ་གང་ལའང་གོ་རྟོགས་མེད་པར་ཚངས་སྤྱོད་ཙམ་ལ་གནས་ཐབས་བྱེད་པ་འདི་ནི་ཕྱི་རབས་པ་རྣམས་ཀྱིས་ཁག་དཀྲི་ས་ཞིག་ཏུ་འགྱུར་རྒྱུ་ལས་གང་ཡང་མེད་པས་ད་ལྟ་ནས་གཟབ་དགོས།   འོན་ཏེ་བརྒྱུད་རིམ་དེ་དག་གི་ནང་ཤེས་ཡོན་ཞེས་པའི་གོ་དོན་ལ་ངོས་འཛིན་གསལ་པོ་དགོས་པ་དང་། ཤེས་ཡོན་ནི་ལྡེ་མིག་ལྟ་བུ་ཡིན་པའི་འདུ་ཤེས་བརྟན་པོ་དགོས། 

 གཉིས་པ་ནི་གཞུང་ལུགས་དང་མཉམ་དུ་སྤྱི་ཚོགས་ཀྱི་གལ་ཆེའི་གནད་དོན་ལ་བལྟ་རྒྱུ་དེ་རེད། གང་ཡིན་ཟེར་ན། གོང་དུ་བཤད་པ་བཞིན་གཞུང་ལུགས་ཀྱི་ཤེས་ཚད་དང་ལག་འཁྱེར་སོགས་ཀྱིས་ཕོངས་པ་མེད་ཀྱང་། གཞུང་ལུགས་བྱེ་བྲག་པ་དེའི་ཁ་ཕྱོགས་སུ་ཤར་སྐྱོད་བྱེད་མི་ཐུབ་པའི་ཉེར་ལེན་ནམ་ཡང་ན་གཞུང་ལུགས་ཀྱི་སྤྱིར་བཏང་ཤེས་བྱར་བསམ་གཞིག་བྱ་རྒྱུ་ཉུང་དྲགས་པའི་རྐྱེན་གྱིས་ར་མ་ལུག་གི་མི་ཐོག་ཅིག་འཐོན་བཞིན་ཡོད། གལ་ཏེ་སྤྱི་ཚོགས་དང་དེ་ཚོས་སྦྱངས་པའི་རིག་གཞུང་གཉིས་བར་འགལ་འབྲེལ་ཤ་སྟག་གིས་ཆོད་ཡོད་ན་ནི་ཁོང་ཚོའི་གཞུང་ལུགས་ཀྱི་རིན་ཐང་དེ་ཡང་སྙིང་ཅི་ཞིག་གིས་འཇལ་དགོས་མིན་ནི་བསམ་གཞིག་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། གང་ཡིན་ཟེར་ན་སྐབས་རེར་ང་ཚོས་རྟོག་གེའམ་རིག་པའི་རོལ་རྩེད་རྐྱང་པར་མགོ་འཁོར་ཏེ། སྤྱིར་བཏང་གི་མིའི་སྤྱི་ཚོགས་ཀྱི་ལྟ་གྲུབ་ལ་སྣང་མེད་གཏོང་བའི་ཉེན་ཁ་ཞིག་འབྱུང་བཞིན་ཡོད། མི་ཆོས་རིང་ལུགས་སམ་བཟང་སྤྱོད་ཅེས་པ་ནི་ཆོས་ལུགས་ཀྱི་སྐད་ཆའི་རྒྱ་ལས་བརྒལ་བའི་སྤྱི་ཚོགས་ཀྱི་དགོས་མཁོའི་གནད་དོན་ཞིག་ཡིན་པས། གལ་ཏེ་འདི་ལ་ཡ་མེད་ཀྱི་ལྟ་ཚུལ་འཛིན་འདོད་ན་ནི་ཁྱོད་ཀྱིས་འགྲོ་བ་མིའི་གཞི་རྩའི་གནད་དོན་གྱི་འགན་མ་འཁྱེར་བ་རེད་ཅེས་བརྗོད་ན་འགྲིག འདིའི་གོ་རྟོགས་རྒྱ་སྐྱེད་ཀྱི་ཆེད་ད་ལྟ་ཡོད་བཞིན་པའི་ཤར་ནུབ་ཀྱི་ལྟ་བ་གསར་པ་དེ་ཚོར་ཉན་འཇོག་བྱ་རྒྱུ་གལ་ཆེན་པོར་མཐོང་། 

 འོན་ཏེ་ཡིད་རྦད་དེ་ཐར་པར་ཕྱོགས་པའི་གང་ཟག་དག་གིས་ནི་གནད་དོན་འདིར་བསམ་གཞིག་གནང་རིན་མེད་པ་ནི་རང་ཉིད་ཀྱི་མི་ཚེའི་གདམ་ཀ་ཞིག་གི་དབང་གིས་ཡིན། དེ་ནི་གནས་སྟངས་གཞན་ཞིག་རེད།   འོན་ཏེ་ཁྱེད་དང་ང་འདྲ་བ་ཆོས་དང་འཇིག་རྟེན་གྱི་བར་མཚམས་སུ་ལྷག་པ་དག་ལ་ནི་གནད་དོན་འདི་གལ་ཆེན་ཞིག་ཏུ་གྲུབ་པར་ལྟ་དགོས་ཀྱི་འདུག་སྙམ། མི་ཆོས་རིང་ལུགས་སམ། ཀུན་སྤྱོད། ཡང་ན་བཟང་སྤྱོད་ཅེས་པ་འདི་དག་ནི་དབྱིན་ཇིའི་ཐ་སྙད་ Humanism ཞེས་པ་འདིའི་དོན་ཡིན་སྙམ་ཞིང་། དེ་ཡང་བོད་ནང་ནས་སྔ་མ་གཉིས་བེད་སྤྱོད་གཏོང་ཤུགས་ཆེ་ཞིང་། ཕྱི་མ་འདི་ནི་༸གོང་ས་མཆོག་གིས་ནམ་རྒྱུན་བེད་སྤྱོད་གནང་བ་དང་། བཙན་བྱོལ་ནང་ཡོངས་སུ་གྲགས་པའི་ཐ་སྙད་ཅིག་ཡིན། གལ་ཆེ་ཤོས་ཤིག་ནི་འདིའི་དོན་རང་མཚན་པ་ཤོད་སྐབས་ག་དུས་ཡིན་ནའང་ཆོས་ལུགས་ཀྱི་རྨང་གཞིའི་བསམ་བློ་དང་གཏན་ནས་མ་འབྲེལ་བར་བྱ་དགོས་པ་དེ་རེད། ༼ནང་པ་སངས་རྒྱས་པའི་གཞུང་ལུགས་ནང་ནས་གནད་དོན་འདི་དག་ནན་བཤད་བྱེད་ཀྱི་ཡོད་ཅིང་། ལྷག་པར་མིའི་གཞི་རྩའི་རང་བཞིན་དེ་བདེ་བ་འདོད་ཅིང་སྡུག་བསྔལ་གཏན་ནས་མི་འདོད་པ་ཡིན་པའི་སྡོམ་ཚིག་བཀོད་ནས། རིམ་པ་གོང་མ་ཐར་པའི་ས་དང་། སངས་རྒྱས་ཀྱི་གོ་འཕང་ལ་སོགས་པའི་རྣམ་གཞག་ངོ་མཚར་བ་ཞིག་སྟོན་གྱི་ཡོད་ཀྱང་། ད་ལྟའི་འཛམ་གླིང་གི་སྤྱི་ཚོགས་འདི་ནི་བཟང་སྤྱོད་ཁོ་ནས་ཕོངས་པས་ཆོས་ལུགས་དང་རྒྱལ་ཞེན་ཨང་གཉིས་པར་འཛིན་པའི་ལྟ་ཚུལ་གྱི་ཐོག་ནས། ཆོས་ལུགས་ཀྱི་ཁེ་ཕན་དང་འདུ་ཤེས་འཛིན་སྟངས། ཆོས་ལུགས་དང་སྤྱི་ཚོགས་ཀྱི་འགལ་འབྲེལ་སོགས་ཀྱི་སྐོར་ལས་གྲུབ་པའི་འཕེལ་བཞིན་པའི་བསམ་བློ་འདི་ཚོར་ཉན་འཇོག་བྱེད་རྒྱུ་ཁ་ཚ་དགོས་གཏུགས་རང་ཆགས་ཡོད། ༽ འདིས་ནང་བསྟན་གཞུང་ལུགས་ཀྱི་དོན་སྙིང་ལའང་ལྟ་སྟངས་གསར་པ་ཞིག་དང་འདུ་ཤེས་གསར་པ་ཞིག་འཛིན་པའི་སྐུལ་འདེད་དང་དེའི་ཐབས་ལམ་རྙེད་རྒྱུའི་གདེང་ཞིག་འཐོབ།

 གསུམ་པ་ནི་སྐད་ཡིག་གཞན་གྱི་ཐབས་ལམ་བརྒྱུད་དེ། ཉིད་ཀྱི་ཤེས་བྱ་དང་རིག་པའི་གཞུང་ལུགས་ཀྱི་དོན་སྙིང་རྣམས་ཕྱོགས་སྡོམ་བྱ་དགོས། ལར་ནས་བོད་པའི་སྤྱི་ཚོགས་ནང་དེང་དུས་ཀྱི་ཤེས་ཡོན་ཞེས་པར་སྤྱི་ཡོངས་ཀྱིས་ངོས་འཛིན་ལེགས་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་དང་། དེའི་དབང་གིས་ཕྱི་རྒྱལ་གྱི་སྐད་ཡིག་ཤེས་པ་ཙམ་ལའང་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཆ་འཇོག་བྱེད། སྐད་ཡིག་ཙམ་ལ་ཡིད་ཚིམས་ནས་སྡོད་པ་ལས་སྐད་ཡིག་གི་བརྗོད་དོན་ཡ་མཚན་པ་དག་སྐྱུར་རྐྱང་བྱས་པའི་ཉེར་ལེན་ལས་ང་ཚོའི་སྤྱི་ཚོགས་སུ་དེང་དུས་ཀྱི་ཤེས་ཡོན་གྱི་ནུས་པས་མ་ལྡང་བ་འདི་ཆགས་པ་གསལ་པོ་རེད།

 འདིའི་ཐོག་ལ་བློ་ཁ་མཐོ་བ་ཁ་ཤས་ཡོད་ཀྱང་དེ་ཚོ་མང་ཆེ་བས་དེང་དུས་ཤེས་ཡོན་ནི་གཙོ་བོ་ཚན་རིག་དང་འཕྲུལ་ཆས་རེད་ཅེས་སྦོམ་བཤད་བྱེད་པ་ལས། འདིའི་སྒང་ལ་ཅུང་ཞིབ་ཕྲའི་སྒོ་ནས་བསམ་རིན་ཡོད་པའི་ལེགས་སྦྱར་ཤོད་མཁན་ཁ་ཤས་ལས་མེད་པ་ལྟ་བུ་རེད། ངས་ནི་དེང་དུས་ཤེས་ཡོན་ཞེས་པ་འདི་ནི་གཙོ་བོ་དེང་དུས་ཀྱི་ལྟོས་གྲུབ་རིག་པ་དང་། ཀུན་སྤྱོད་རིག་པ།   འཕེལ་གྱུར་རིག་པ་སོགས་ཀྱི་རྣམ་གཞག་ཁོ་ན་དང་། ཡང་ན་ད་ལྟའམ་དེང་སང་གི་འཚོ་བའི་ཁྱབ་ཁོངས་སུ་གཏོགས་པའི་ལྟ་སྤྱོད་ཅེས་དུས་ཚོད་ཀྱི་ངོ་བོ་ལ་བལྟས་ནས་དེའི་རྣམ་གཞག་འབྱེད་པའང་ཡང་དག་པ་གཏན་ནས་མིན་སེམས་ཀྱི་འདུག སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གྱི་རིན་ཐང་གླེང་དུས་དེའི་དགེ་ཕན་དེ་ཨང་དང་པོར་བརྩི་དགོས། མདོར་ན་དགེ་ཆོས་ཀྱིས་གསུངས་པ་ལྟར་རྙིང་པ་དང་གསར་པའི་དུས་ཀྱི་རང་ལྡོག་ཙམ་ལ་བརྟེན་ནས་རྒྱུགས་པ་ལེབ་རྡུང་གི་ལྟ་ཚུལ་གཏན་ནས་འཛིན་མི་རིགས། གསར་རྙིང་གི་ཁྱད་ཆོས་དེ་གཙོ་བོ་ཕྱོགས་གཉིས་ཀྱི་དགེ་མཚན་གྱི་ངོ་བོའི་ཐོག་ནས་གླེང་དགོས་པའི་དོན་དངོས་འདིར་རིགས་པའི་ལམ་ནས་དག་ཐེར་ཞིག་བྱེད་པ་ལ། གལ་ཆེ་ཤོས་ནི་ཕྱོགས་གཉིས་ཀྱི་ལྟ་ཚུལ་དངོས་གཞུང་ལུགས་དང་ལག་ལེན་གྱི་ཕན་འབྲས་ཐོག་ནས་ཐོག་མར་ཤེས་དགོས་པས། དེང་དུས་ཀྱི་ཤེས་ཡོན་སྦྱོང་བ་ནི་དོན་ལ་དེང་དུས་ཀྱི་སྤྱི་ཚོགས་ཤིག་ལ་རྒྱུས་ལོན་བྱེད་པ་དང་། རིགས་པའི་ལམ་གསར་པ་ཞིག་གི་ཐོག་ནས་མི་ཚེའི་ལྟ་སྟངས་ལ་འགྱུར་བ་གཏོང་བའི་ཐབས་ལམ་ཞིག་ལས་གཞན་གང་ཡང་མིན་པར་ཤེས་དགོས་པ་བཅས་སོ།།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    བཀུར་འོས་ཁང་གསར་ལགས་སུ་འཚམས་འདྲི་ཞུ་རྒྱུ་དང་།
    གུས་པའི་རྩོམ་ཡིག་འདིར་དེ་འདྲའི་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀློག་མཁན་ལ་ཕན་ཐོགས་འབྱུང་བ་ནི་རྩོམ་ཡིག་གི་རིན་ཐང་ཨང་དང་པོ་དེ་ཡིན་པས། ཁྱེད་འདྲ་བའི་བོད་པ་གཞན་ལའང་ཅུང་ཟད་ཕན་རྒྱུའི་ཡིད་ཆེས་ཡོད། གདེང་ཚོད་གཅིག་རང་ཡོད་པའི་བརྩམ་བྱ་འདི་ཐོལ་གྱིས་བྱུང་བ་དེ་འདྲ་གང་ཡང་མིན་པར་རྒྱུན་རིང་ནས་སེམས་ངོགས་སུ་ཉར་བསྡད་པའི་སྐྱུག་མེར་ཞིག་གིས་དྲངས་པའི་རྟོག་དཔྱོད་ཅིག་ཀྱང་ཡིན། ད་དུང་སློབ་གསེང་གི་དུས་ཚོད་སྤྱད་དེ་བརྩམ་བྱ་གཞན་དང་གཞན་ཡང་བྲིས་ཏེ་འབུལ་འདོད་པས་གཟིགས་རྒྱུ་མ་བསྙེལ་གནང་རོགས

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    འདི་ཆ་ཚང་ཞིག་བཀླགས་པ་ཡིན། སྐད་ཆ་དོན་ལ་གནས་ཤིང་སེམས་ལའང་ཕན་པོ་བྱུང་། ཉེ་དུས་བཀླགས་པའི་བོད་ཡིག་གི་རྩོམ་ཡིག་ཁག་གི་ནང་ནས་ང་རང་ལ་མཚོན་ན། ཡག་ཤོས་ཤིག་རེད་སྙམ། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese