མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅིའི་ཕྱིར་སྐུ་དབང་མར་གནང་ཡར་འབུལ་ལན་མང་བྱེད་དགོས་བྱུང་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་བ་ནག་པོ།

བོད་མི་ཚོས་མི་ལོ་ལྔ་བཅུའི་ཡར་སྔོན་ཏེ། བོད་ས་ཡོངས་སུ་རྒྱ་ནག་གི་དྲག་པོའི་དམག་དཔུང་གི་འཇིགས་སྣང་ཧ་ཅང་ཆེ་བའི་དུས་ཚོད་དེར། བོད་གཞུང་དགའ་ལྡན་ཕོ་བྲང་གི་ལས་ཀྱི་སྣེ་མོ་བ་ཚོས་དགུང་ལོ་བཅུ་དྲུག་ལས་སོན་མེད་པའི་གོང་ས་ཏྰ་ལའི་བླ་མར་དགའ་ལྡན་ཕོ་བྲང་གི་ཆེས་མཐོའི་དབང་ཆ་སྟེ་ཆོས་སྲིད་ལུགས་གཉིས་ཀྱི་སྐུ་དབང་ཆ་ཚང་ཕུལ་བ་རེད། དེ་དུས་ལ་མཚོན་ན་ཡང་ད་ལྟའི་དུས་ཚོད་འདི་དང་ཧ་ཅང་འདྲ་བར་བོད་ནང་དུ་སྤྱི་ཚོགས་ཡོངས་རྫོགས་ཡོ་འཁྱོམ་ཆེ་བའི་ཛ་དྲག་གི་དུས་ཚོད་ཅིག་རེད།

ཡིན་ན་ཡང་དེ་དུས་ད་དུང་བོད་གཞུང་དམངས་གཉིས་ཀར་གོང་ས་ཏྰ་ལའི་བླ་མས་བོད་འདི་འཇིགས་སྐྲག་ཆེ་བའི་རྨི་ལམ་ཞིག་ལས་སྐྱོབ་ཐུབ་པའི་གདེང་ཚོད་ཆུང་ཆུང་ཞིག་ཡོད་པ་དང་། རེ་བའི་མེ་སྟག་ཆུང་ཆུང་དེ་ལ་གཞི་བཅོལ་ནས་ལོ་ན་བཅུ་དྲུག་ལས་སོན་མེད་པའི་ན་གཞོན་ཞིག་ཆབ་སྲིད་ཀྱི་ཡོ་ལང་དྲག་ཏུ་འཁྲུགས་པའི་རྒྱལ་ཁབ་ཅིག་གམ་སྲིད་གཞུང་ཞིག་གི་དབུ་ཁྲིད་དུ་བསྐོས་པ་རེད།

ཆབ་སྲིད་ཐད་ཉམས་མྱོང་ཉི་མ་གཅིག་ལ་ཡང་གསོག་མ་མྱོང་བའི་གསར་བུ་འདིས་དུས་དེ་ནས་བཟུང་སྟེ་ཆད་ཆད་མཐུད་མཐུད་ཀྱི་བོད་པའི་ལས་དབང་འདི་ལ་ཁ་ལོ་སྒྱུར་མགོ་བརྩམས་ཤིང་། ཁོང་གི་ངོས་ནས་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་བཏང་བའི་ལོ་རྒྱུས་ཤིག་སྟོན་རྒྱུ་མེད་ན་ཡང་། དྲག་པོའི་གདོང་གཏུག་རེ་རེའི་ཁྲོད་དུ་བོད་ལ་ནུས་པ་མེད་པ་དེས་ཁོང་ཡང་ནུས་པ་མེད་པར་བྱས་ཤིང་། བོད་ལ་རྒྱབ་སྐྱོར་མེད་པ་དེས་ཁོང་ཡང་སྐུ་རྐྱང་དུ་ཕུད་པ་ལན་གཅིག་ག་ལ་ཡིན།

བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཐད་ཀར་མི་དམངས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་པའི་མི་སྣ་རེ་ཟུང་ཡོད་པ་ནི་ཆོས་ལུགས་ཀྱི་སྤྱི་ཚོགས་ཁྲོད་དུ་མཚན་སྙན་ཆེན་པོ་ཡོད་པའི་ཀརྨ་པ་དང་ས་སྐྱ་གོང་མ་སོགས་ཡིན་མོད། བླ་ཆེན་འདི་རིགས་ཀྱིས་ཀྱང་བོད་མི་སྤྱིའི་ལས་དབང་བཙན་པོ་དེ་དག་བདག་གིར་བཞེས་དགོས་བྱུང་སྟེ། གོང་ས་མཆོག་ལ་ཐད་ཀར་མིག་མཐོང་ལག་ཟིན་ཡོད་པའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཅན་གྱི་རྒྱབ་སྐྱོར་ཞིག་གནང་ཐུབ་མེད་པ་དང་། སྲིད་དོན་མི་སྣ་རྒྱལ་ལོ་དོན་གྲུབ་དང་འཇུ་ཆེན་ལྟ་བུ་ཡང་གོ་ས་བརྗེ་དགོས་པའི་དམངས་གཙོའི་ལམ་ལུགས་ཁྲོད་དུ་རེས་མཐོང་རེས་ཡིབ་ལྟ་བུ་ཞིག་ལས་ཅི་ཞིག་བྱེད་ཁོམ་ཡོད་དམ།

མི་དམངས་ཀྱི་ཁྲོད་དུ་ཆོས་ལུགས་ཀྱི་ཞེན་ཁོག་ནག་པོ་དང་ཆབ་སྲིད་ཀྱི་འཐེན་འཁྱེར་འཇིགས་པོ་དག་གིས་མི་རྣམས་ཀྱི་རྩ་ལམ་ཡོངས་རྫོགས་བསྡམས་ཚར་བའི་རྗེས་སུ། ཇི་ལྟར་སྒྲུབ་ཕྱོགས་ནས་བལྟས་ཀྱང་རང་ཤུགས་ཀྱིས་དགག་ཕྱོགས་ཀྱི་ཞན་ཆ་དང་མེད་མུག་གི་རྒྱབ་ལྗོངས་ཡིད་སྐྱོ་དགོས་པ་དེ་མཐོང་ཡོང་བ་དང་། གོང་བརྗོད་བཞིན་ཆོས་ལུགས་མི་སྣའི་ཁྲོད་དུ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་ཤུགས་རྐྱེན་ཆེན་པོ་ཞིག་འཐོབ་རེ་མེད་པ་དང་། སྲིད་དོན་པ་ཚོ་ཡང་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་དུས་སུ། གོང་ས་ཏྰ་ལའི་བླ་མ་ཁོང་གཅིག་པོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་པའི་སྤྱི་ཚོགས་གཉིས་ཀའི་ཆ་ནས་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཅིག་ཏུ་མི་འགྱུར་རང་འགྱུར་ཆགས་སོང་བ་དང་། ཇི་སྲིད་ཁོང་གི་སྐུ་ཚེའི་འཕེན་པ་མ་རྫོགས་དེ་སྲིད་དུ་ཁོང་གི་ཚབ་བྱེད་ཐུབ་པ་དང་ཁོང་གི་གཟི་བརྗིད་འདིའི་རྒྱུན་མཐུད་ཐུབ་པའི་མི་སྣ་ཞིག་རྙེད་དུ་མེད་པར་དམིགས་ནས། ཁོང་གིས་བོད་ཀྱི་མ་འོངས་པའི་ལས་དོན་གང་ཅིར་ཉམས་མྱོང་གསོག་པ་དང་ཚོད་བགམ་ཐེག་ཆེད་སོགས་དགོངས་པ་ཆེ་བཞེས་ཀྱིས་མར་གནང་བའི་དགོངས་ཞུའི་ཡི་གེ་དེ་འུ་ཐུག་དང་འཇིགས་སྐྲག རེ་བ་དང་དད་པ་སོགས་བསམ་བློ་གཏིང་ཟབ་མང་པོ་ཞིག་གིས་བཏེགས་ཏེ་ཡང་ནས་ཡང་དུ་ཁོང་ལ་ཡར་མི་འབུལ་རང་འབུལ་ཆགས་པ་ཞིག་རེད།

འདི་ནི་མི་དམངས་ལ་དམངས་གཙོའི་ལྟ་གྲུབ་མེད་པའི་སྐྱོན་ཆ་ཞིག་མ་རེད་ལ་དབུ་ཁྲིད་དེའི་སྲིད་དབང་སྒེར་སྤྱོད་པའི་ཀུན་སྤྱོད་ལས་བྱུང་བ་ཞིག་ནི་དེ་བས་ཀྱང་མ་རེད། འདི་ནི་གོང་ས་མཆོག་གི་ཚབ་བྱེད་ཐུབ་པའི་མི་ཞིག་བོད་པའི་སྤྱི་ཚོགས་ནང་མེད་པའི་གནད་འགག་དེར་ཐུག་འདུག རྒྱལ་ཁབ་ཡོད་པའི་མི་དམངས་དག་ལ་སྲིད་འཛིན་གཅིག་ལས་དུས་འཕོ་བའི་སྐབས་སུ་དེའི་ཚབ་བྱེད་ཐུབ་པའི་སྐྱེ་བོ་ག་ཚོད་དགོས་དགོས་ཡོད་ཀྱང་། ང་ཚོར་དེ་ལྟར་མ་ཡིན་པར་གོང་ས་མཆོག་གི་ཚབ་བྱེད་ཐུབ་པའི་དབུ་ཁྲིད་ཅིག་མེད་སོང་བས། ད་ནི་ཆོས་གཞུང་དུ། འཇིགས་སར་སྐྱེལ་མས་བོར་བ་འདྲ་ཞིག་འབྱུང་རྒྱུ་ཡིན་པའི་འཇིགས་སྐྲག་ཁོ་ནའི་དབང་གིས་གོང་ས་མཆོག་ལ་ཆབ་སྲིད་ཀྱི་སྐུ་དབང་བཞེས་མཚམས་མི་འཇོག་རྒྱུའི་གསོལ་བ་འདེབ་བཞིན་ཡོད་པ་རེད།

ང་ཚོས་བདུན་ཕྲག་ཁ་ཤས་ཀྱི་རྗེས་སུ་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་རང་གི་ཁེ་དབང་ལོངས་སུ་སྤྱད་དེ་བདམས་པའི་བཀའ་ཁྲི་གསར་བ་དེ་རྙེད་རྒྱུ་ཡིན་ཞིང་། བཀའ་ཁྲི་གསར་བ་དེས་ཀྱང་རང་གི་དབང་ཆ་བེད་སྤྱོད་ཀྱིས་སྲིད་གཞུང་རྙིང་པ་འདིའི་ནང་སྙིགས་འདོར་བཅུད་ལེན་སྣ་ཚོགས་ཤིག་བྱེད་རྒྱུ་ཡིན་མོད། དེ་ནི་གོང་ས་མཆོག་གི་ཚབ་བྱེད་ཐུབ་པའི་ལས་ཀ་ཞིག་སྒྲུབ་པ་མིན་པར་ཁོང་གིས་བཞེངས་པའི་ཆབ་སྲིད་ཀྱི་དཀྱིལ་འཁོར་དེའི་ཕྱོགས་ག་གེ་མོ་ཞིག་ནས་རྔ་རྡུང་སྦུབ་དཀྲོལ་སད་སུད་བྱས་པ་ཙམ་ཞིག་རེད།

བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་འདི་ནི་ད་ཆ་ཆོས་ལུགས་ཀྱི་སྣང་ཚུལ་ཞིག་དང་འདྲ་བར་གོང་ས་ཏྰ་ལའི་བླ་མའི་རླབས་ཆེན་དགོངས་བཞེད་ཀྱི་བྱིན་རླབས་དེ་མེད་ཐབས་མེད་པར་གྱུར་ཡོད་པས། ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་ཕྱི་ཉིན་ནས་བཟུང་སྟེ་བོད་པའི་ཆབ་སྲིད་ཀྱི་ལས་ཀ་འདི་ནི་ཚྭ་མེད་པའི་ཚོད་མ་དང་མར་མེད་པའི་རྩམ་པ་ཇི་བཞིན་བྲོ་བ་ཅང་ཅང་ཞིག་ལས་ཡོད་མི་སྲིད་ལ། མི་ལོ་ལྔ་བཅུའི་རིང་གི་གོང་བུ་གཅིག་གྱུར་གྱི་ཆབ་སྲིད་བསམ་བློའི་འདུ་ཤེས་དེ་ཡང་སྐྱོབ་ཐབས་མེད་པར་འཐོར་ཞིག་ཏུ་འགྲོ་རྒྱུ་རང་རེད།

དེང་སྐབས་ཆབ་སྲིད་ཀྱི་རྒྱབ་སྐྱོར་འཚོལ་བ་དེ་ནི་ཆབ་སྲིད་ཀྱི་དབུ་ཁྲིད་དག་གི་མཚན་སྙན་དང་ཆེ་མཐོང་སོགས་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པས། རྒྱལ་ཁབ་ཅིག་གི་དབུ་ཁྲིད་དང་མཇལ་འཕྲད་བྱེད་པའམ། ཚོགས་འདུ་ཆེན་པོ་ཞིག་ལ་ཞུགས་པ་དང་བརྙན་འཕྲིན་ཁང་ཆེན་པོ་ཞིག་གི་བཅར་འདྲ་དང་ལེན་བྱེད་པ་སོགས་གང་ལྟར་གོང་ས་ཏྰ་ལའི་བླ་མའི་ཚབ་བྱེད་ཐུབ་པའི་མི་ཞིག་བོད་པའི་སྤྱི་ཚོགས་ཁྲོད་དུ་གང་ནས་འཚོལ་རྒྱུ་ཡིན།

རྒྱལ་ཁབ་ཅིག་གི་དབུ་ཁྲིད་དེ་མི་དམངས་ཀྱི་སེམས་ཁོང་སུ་རླབས་ཆེ་བའི་མི་སྣ་ཞིག་ཏུ་གྱུར་ཚར་བའི་རྗེས་སུ་དབུ་ཁྲིད་དེ་མི་བཟང་ངན་ཅི་འདྲ་ཞིག་ཡིན་ཡང་ཁོང་ཅག་སྲིད་སྟེགས་ལས་ཡལ་བའི་རྗེས་སུ་ཡུལ་དེར་དམག་འཁྲུག་སོགས་མི་བདེ་བ་སྣ་ཚོགས་ཤིག་ཡོང་དང་ཡོང་བཞིན་ཡོད་པ་མཐོང་ཆོས་སུ་ཡོད་པ་དང་། དེ་ནི་དབུ་ཁྲིད་དེས་མི་དམངས་ཀྱི་གོང་བུ་གཅིག་སྒྲིལ་གྱི་བསམ་བློར་འགྲན་ཟླ་མེད་པའི་སྟོབས་ཤུགས་ཤིག་སྦྱིན་ཡོད་པས་རེད་ལ། ནམ་ཞིག་སྟོབས་ཤུགས་འདི་ཡལ་ཚར་བའི་རྗེས་སུ་དེའི་ཚབ་བྱེད་མི་ཐུབ་པའི་སྟོང་ཆ་ཞིག་ལྷགས་པའི་དུས་དེར་དོན་དག་ཚབས་ཆེན་འདྲ་མིན་འབྱུང་བཞིན་ཡོད་པ་རེད། འདི་དག་ནི་རྒྱལ་ཁབ་ཡོད་པའི་སྤྱི་ཚོགས་དག་གི་ནང་དུ་ཡང་དེ་ལྟར་གལ་ཆེན་ཞིག་ཡིན་པས། ང་ཚོའི་བཙན་བྱོལ་བའི་སྤྱི་ཚོགས་དང་གཞིས་ལུས་མི་དམངས་ཀྱི་དད་པ་དང་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ལ་བསམ་བློ་བཏང་ན་གོང་ས་མཆོག་ཇི་སྲིད་འཛམ་གླིང་འདིའི་སྟེང་དུ་གསེར་ཞལ་དྲོན་པོར་བཞུགས་པ་དེ་སྲིད་དུ་ཁོང་གིས་བོད་མིའི་ལས་དབང་ལ་ཁ་ལོ་སྒྱུར་ནས་བཞུགས་དགོས་རྒྱུ་འདི་ལས་ལྷག་པའི་གངས་ཅན་པའི་དོན་ཆེན་ཞིག་རྙེད་རྒྱུ་མི་འདུག

བོད་མི་ཅོལ་ཆུང་རེ་ཟུང་མ་གཏོགས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡན་ཆད་ཀྱིས་གོང་ས་ཏྰ་ལའི་བླ་མས་ད་དུང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་འདིར་རྒྱལ་ཁབ་གཞན་གྱི་སྲིད་འཛིན་ཁག་ཅིག་ལྟར་སྲིད་དབང་སྒེར་སྤྱོད་པ་ཞིག་གི་འདུ་ཤེས་ནམ་ཡང་འཛིན་མྱོང་མེད་པ་དང་། བོད་མི་དམངས་ཀྱི་སེམས་ནང་གི་གོང་ས་ཏྰ་ལའི་བླ་མ་མཆོག་གིས་ད་དུང་བོད་ཀྱི་ཆབ་སྲིད་ལྡིང་ཆའི་སྟེང་དུ་བོད་མི་དམངས་ཀྱིས་རྡུང་བའི་དམ་པ་དང་དམ་ཚིག་གི་རྔ་སྒྲ་དང་མཉམ་དུ་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ལྡེམ་མྱུར་ཅན་གྱི་སྐུ་འཆམ་གནང་རྒྱུ་དེ་ནི་བོད་མི་རྣམ་དཔྱོད་དང་ལྡན་པ་ས་ཡ་དུ་མའི་རེ་བ་ཡིན་པས། འོད་འཚེར་བའི་རེ་བ་འདི་ཚོ་ཁོང་གིས་ནམ་ཡང་ཐུགས་ནས་མི་འདོར་བའི་ཡིད་ཆེས་གཙང་མ་ཞིག་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༤ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 3

  1. ཇ་མ་ says:
    ལོ་ 15 སྔོན།

    བསམ་ཡུལ་ལས་འདས་པ་ཞིག་ངོ་མ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་དོན་རྟོགས་ཐུབ་པ་ཞིག་རེད་མི་འདུག དེང་གི་འཛམ་གླིང་འདིའི་སྟེང་དུ་དཔོན་བརྒྱུད་པའི་ལག་ནས་དཔོན་གནས་མི་མང་ལ་མ་ཐོབ་པརམི་མང་གི་ལག་ཏུ་དམངས་གཙོའི་འབོད་ཚིག་བཟུང་ནས་མི་གསོད་ཁག་སྦྱོར་གྱི་དོན་རྐྱེན་མང་པོ་བྱུང་དང་འབྱུང་བཞིན་ཡོད།
    བོད་ལ་མཚོན་ན་གོང་ས་མཆོག་གི་སྐུ་དབང་མི་མང་ལ་ཕུལ་ཀྱང་མི་མང་ཕྱིར་གོང་ས་མཆོག་ལ་ཨུ་ཚུགས་རྒྱག་བཞིན་ཡོད།
    ཧང་སང་བའི་གནས་སྟེངས་དེར་འཛམ་གླིང་མི་གིས་སློབ་སྦྱོང་ནན་ཏན་གནང་རྒྱུ་གལ་འགང་ཆེན་རེད།

    Reply
  2. སེམས་པ་གཉོམ་པོ། says:
    ལོ་ 15 སྔོན།

    (གོང་ས་མཆོག་ཇི་སྲིད་འཛམ་གླིང་འདིའི་སྟེང་དུ་གསེར་ཞལ་དྲོན་པོར་བཞུགས་པ་དེ་སྲིད་དུ་ཁོང་གིས་བོད་མིའི་ལས་དབང་ལ་ཁ་ལོ་སྒྱུར་ནས་བཞུགས་དགོས་)ཁྱེད་ཀྱི་བཞེད་ཕྱོགས་གཙོ་བོ་འདི་རེད་ལ་སྒྲུབ་བྱེད་བཏང་བའང་ཧ་ཅང་བཟང་། འོན་ཀྱང་མི་རྟག་པ་ནི་སུས་ཀྱང་བཟློག་ནུས་པ་ཞིག་མིན་པས་༧གོང་ས་མཆོག་གིས་ཀྱང་སྐུ་མི་བཞུགས་པའི་ཚུལ་ནི་སྔ་ཕྱི་ཙམ་མ་གཏོགས་སྟོན་ངེས་ཡིན་པས་ང་ཚོས་ཁོང་གི་ཞལ་མཇལ་དུ་ཡོད་ལ་གསུང་མཉན་དུ་ཡོད་ཐོག་འདིར་རང་མགོ་ཨེ་ཐོན་གྱི་ཚོད་ལྟ་ཞིག་བྱས་ན་གལ་ཏེ་དཀའ་ངལ་ཅིག་བྱུང་བའི་དབང་དུ་བཏང་ན་ཡང་སྐྱབས་འཇུག་ལམ་སྟོན་ཞུ་སར་༧གོང་ས་མཆོག་ཡོད་ཡོད་པ་ཡིན་དུས་ད་ལྟ་ནས་གོམ་པ་རྒྱག་དགོས་ཟེར་གྱིན་པ་ལས་༧གོང་ས་མཆོག་གི་ཚབ་བྱེད་ཐུབ་དགོས་སུས་ཀྱང་ཟེར་གྱི་མེད་ལ་ཐུབ་ཀྱི་ཡང་མ་རེད། ཁྱོད་དང་ཁྱོད་ཀྱི་ཕྱོགས་གཏོགས་པ་ཚོས་གནད་འགག་གི་སྐབས་ལ་སླེབས་དུས་༧གོང་ས་མཆོག་གི་བཀའ་ཡང་དང་ལེན་མི་ཞུ་དོན་ཅི་ཡིན་ནམ། དཀའ་ངལ་ལ་གདོང་གཏུག་བྱེད་རྒྱུར་སྐྲག་པ་རེད་དམ། ཡང་ན་ད་དུང་༧གོང་ས་མཆོག་གི་སྟེང་ན་བེད་རེ་ལེན་རྒྱུ་འདུག་བསམ་པ་ཡིན། ངོ་མ་ཡིད་སྐྱོ་ཀི

    Reply
  3. བདེ་ཆེན་སྒྲོལ་མ། says:
    ལོ་ 15 སྔོན།

    དྲ་གྲོགས་ཁ་བ་ནག་པོས་གསུངས་པ་ལ་མངོན་པར་བསྟོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese