མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུང་འཕྲིན་ལ་ལོ་རྒྱུས་ཀྱི་ངོས་ནས་ལྟ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

གཉའ . འབྲོང་ཐུ་བུ།

༧ གོང་ས་སྐྱབས་མགོན་རིན་པོ་ཆེས་ཐུགས་ཐག་ཆོད་པའི་ཐོག་ཆབ་སྲིད་ཀྱི་གོ་གནས་མུ་མཐུད་བཞེས་རྒྱུ་མིན་པའི་ལམ་སྟོན་གནང་བ་ནས། གཞིས་བྱེས་བོད་རིགས་མང་པོ་ཞིག་གི་སེམས་ལ་གློ་བུར་ན་ཟུག་ལྡང་བ་ལྟ་བུའི་སེམས་འཚབ་བྱུང་ཡོད་ནའང་། དེ་ནི་ཁོང་གི་རླབས་ཆེན་གྱི་དགོངས་གཞི་འཁྲུལ་མེད་ཡིན་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་ཕྱི་མིག་ཐེངས་གཅིག་བལྟས་ན་རྟོགས་མི་ཐུབ་པ་ཞིག་མིན། ང་ཚོར་སེམས་འཚབ་དང་བློ་ཕམ་སྐྱེ་འོས་པ་ནི་གཙོ་བོར་ཁོང་གི་དགུང་ནའི་གནས་བབ་ཡིན་ས་ཁོང་གིས་སྐུ་ངལ་ཅུང་ཙམ་གསོ་ཐུབ་པ་བྱུང་ན། དེ་ནི་རང་ཅག་གི་བསོད་ནམས་དང་ བདེ་སྐྱིད་ཅིག་ཏུ་ངོས་བཟུང་ན་ཆོག་ལ་གཙོ་བོར་ཁོང་གི་ཐུགས་དགོངས་ལྟར་ད་ནས་བཟུང་མི་རེ་རེས་རང་རང་ལ་བབ་འོས་ཀྱི་འགན་ཁུར་ཏེ། སྔར་ལས་ལྷག་པའི་ནུས་ཤུགས་འདོན་རྒྱུ་ནི་ཁོང་གི་རེ་བ་དང་ཕུགས་བསམ་ཡིན་ཞིང་། ལྷག་པར་གྲྭ་བས་སྲིད་དབང་འཛིན་རྒྱུའི་ལམ་ལུགས་རྨེག་མེད་བྱ་རྒྱུའི་འགོ་ཚུགས་ཡོད་སྙམ།

སྔོན་ནས་བཟུང་བོད་ཀྱི་བདེན་མཐའ་ནམ་གསལ་ན་ཁོང་བགྲེས་ཡོལ་དུ་བཞུགས་རྐྱང་བྱ་རྒྱུ་ཡིན་གསུངས་པ་དང་། འདི་ལོའི་ཕྱི་ཚེས་ ༡༩ ཉིན་མང་ཚོགས་ལ་དམིགས་བསལ་བཀའ་སློབ་གསུང་བཤད་གནང་བའི་ནང་། ཁོང་གིས༼རྒྱལ་ པོ་དང་བླ་ཆེན་གྱིས་སྲིད་དབང་འཛིན་རྒྱུ་དེ་དུས་ཚོད་རྙིང་པའི་སྐད་ཆ་ཞིག་ཆགས་ཡོད། ད་ལྟ་ང་ཚོ་འཛམ་གླིང་འགྲོ་སའི་ལམ་ཁ་དེར་འགྲོ་དགོས་ལ། མང་གཙོའི་ཐོག་འོས་བླུགས་ཏེ་འགྲོ་རྒྱུ་དེ་ལམ་ཁ་ཡག་ཤོས་རེད། ༽ཅེས་དང་། ཡང་ཁོང་གིས། རྒྱལ་དབང་ལྔ་བ་ནས་བོད་ཀྱི་ཆོས་སྲིད་དབུ་ཁྲིད་གནང་ཡོད་པ་ལྟར། ངོས་རང་སྐྱེ་ཕྲེང་བཅུ་བཞི་པ་ཆགས་ཡོད་དུས། རྒྱལ་དབང་སྐུ་ཕྲེང་གཅིག་གིས་ཆོས་སྲིད་དབུ་ཁྲིད་ཕྱིར་བསྡུ་བྱས་ན་ཤིན་ཏུ་འོས་ པ་རེད། དེ་ནི་མི་སུ་ཞིག་གིས་བྱ་ཐུབ་པ་ཞིག་མིན་པར་ངོས་ནས་ཐག་གཅོད་ཐུབ་པ་ཞིག་ཡིན་པས་ཐག་བཅད་པ་ཡིན། དེ་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག་ལ། ད་ལྟ་བསྒྱུར་བཅོས་གཏོང་རྒྱུའི་དུས་ལ་སླེབས་པ་རེད། ༽ཅེས་དང་། ༼འདིར་ཅུང་ཧམ་བཤད་བྱས་ན། ད་བར་༧རྒྱལ་བ་རིན་པོ་ཆེས་བྱས་རྗེས་གང་ཙམ་བཞག་ཡོད། གཙོ་ཆེ་ཤོས་གཞིས་ལུས་མི་མང་གིས་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད། བཙན་བྱོལ་བོད་པ་ཚོས་ཀྱང་ཡིད་ཆེས་བྱེད་ཀྱི་ཡོད། དེ་བཞིན་འཛམ་གླིང་སྟེང་ཏཱ་ལའི་བླ་མ་ཞེས་བརྗོད་དུས་ཡིད་ཆེས་དང་ཆ་འཇོག་བྱེད་ མཁན་ཧ་ཅང་མང་པོ་ཡོད། ༧རྒྱལ་དབང་ལྔ་བ་ནས་ཆོས་སྲིད་ཀྱི་དབུ་ཁྲིད་བྱས་ཏེ་ལོ་ ༤༠༠ ལྷག་ཕྱིན་པ་དེ་རྒྱལ་ཁའི་ངང་ནས་མཚམས་འཇོག་བྱ་རྒྱུ་བྱུང་ན་གཟི་བརྗིད་རེད། ༽ཅེས་པའི་གསུང་བཤད་ཁག་ལ་བསམ་གཞིག་བྱེད་དགོས་པའི་དུས་ལ་སླེབས་ཡོད།

ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མིན་པའི་ལམ་སྟོན་གནང་ནས་བཟུང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག  དེ་བཞིན་གདན་ས་ཁག  མི་མང་རྣམ་པ། དེ་བཞིན་གཞིས་བྱེས་གཉིས་ཀྱི་སྤྱི་སྒེར་མང་པོ་ཞིག་གིས་བསྐྱར་དུ་གསོལ་འདེབས་ཞུས་ཡོད་ཀྱང་། ཁོང་གིས་མི་མང་གི་རེ་སྐུལ་དང་ལེན་བྱས་མེད། དེ་ནི་༧ གོང་ས་མཆོག་གིས་ང་ཚོ་བློས་བཏང་བ་གཏན་ནས་མིན་ཞིང་དེ་བཞིན་མི་མང་གི་ངོས་ནས་ཀྱང་སྐྱབས་འཇུག་ཞུས་པ་དེ་ནོར་འཁྲུལ་ཞིག་ཏུ་འགྱུར་མི་སྲིད་ལ། འདི་ནི་༧གོང་ས་མཆོག་ལ་ཁ་གཏོང་མཁན་རྒྱ་ནག་དང་། དེའི་ཕྱོགས་གཏོགས་ཀྱི་ཅོལ་ཆུང་མང་པོ་ཞིག་ལ་བརྡ་ལན་ཡང་དག་པ་ཞིག་ཡིན་ཞིང་། ཁོང་གི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཀྱང་ཡིན་པར་འདོད། ༢༠༠༩ ལོའི་༼དུས་འགྱུར༽འདོན་ཐེངས་དགུ་པའི་སྟེང་བདག་གིས་༼གྲྭ་བས་ཆབ་སྲིད་ཀྱི་འགན་འཁྱེར་མི་རུང་།༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད།  དེའི་ནང་༼མ་འོངས་པའི་བཀའ་ཁྲི་ནི་ཆབ་སྲིད་ཆེད་ལས་པ་ཞིག་ཡིན་དགོས་པ་ལས་ཆབ་སྲིད་ཟུར་སྦྱོང་བ་ཞིག་གཏན་ནས་ཡིན་མི་རུང་༽ཞེས་བཤད་ཡོད། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་དང་། སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་འདེམས་དང་། དངོས་གཞིའི་འོས་འདེམས་གང་གི་སྐབས་སུའང་མི་མང་ལ་དོ་སྣང་སླེབས་པ་སྔར་ལས་བཟང་བའི་རྣམ་པ་ཡོད་པ་དང་། བཀའ་ཁྲིའི་འོས་མིར་གྲྭ་བ་གཅིག་ཀྱང་བྱུང་མེད་པ་དང་། སྤྱི་ འཐུས་འོས་མིར་གྲྭ་བ་མིང་ཙམ་མ་གཏོགས་མེད་པའི་གནས་སྟངས་འདི་ནི་མི་མང་ལ་མང་གཙོའི་གོ་རྟོགས་དོག་ཙམ་ཡོད་པའི་མངོན་རྟགས་ཤིག་ཏུ་འཁུམས་ཤིང་ཁོང་གི་ཕུགས་རེའི་ཉི་ཟེར་འཕྲོ་བའི་དུས་ཀྱི་སྔོན་བརྡ་ཡིན་པར་ཁོ་བོས་འདོད་དོ། །

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 2

  1. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    (གྲྭ་བ་ཆབ་སྲིད་ཆེད་ལས་བ་ཞིག་མི་དགོས་ལབ་པ་དང་གྲྭ་བའི་ཆབ་སྲིད་ལ་དོ་སྣང་ཆེ་རུ་བྱེད་དགོས་ལབ་པ་གཉིས་འགལ་ཟླ་འདྲ་བོ་ཆགས་ཀྱི་འདུག)
    ལྷོ་ཕྱོགས་ཉི་ཟླ་ལགས། གོང་གི་སྐད་ཆ་འདི་འདྲ་ཞིག་བདག་གིས་བཤད་མེད། གྲྭ་བ་དང་སྐྱ་བོའི་ཐོབ་ཐང་གཅིག་པར་འདོད་མཁན་ཚོས་ངོས་ལེན་མེད་ན་ཐང་། འོན་ཀྱང་གནས་ལུགས་ནི་ནམ་ཡང་གནས་ལུགས་ཡིན་པ་ལས་རྫུན་པར་འགྲོ་མི་སྲིད།

    Reply
  2. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    གཉའ་འབྲོང་ཐུ་བུ་ལགས་ཁྱེད་ཀྱིས་གསུངས་བ་འདི་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཧ་ཅང་ཁག་པོ་འདུག
    གྲྭ་བ་ཆབ་སྲིད་ཆེད་ལས་བ་ཞིག་མི་དགོས་ལབ་པ་དང་གྲྭ་བའི་ཆབ་སྲིད་ལ་དོ་སྣང་ཆེ་རུ་བྱེད་དགོས་ལབ་པ་གཉིས་འགལ་ཟླ་འདྲ་བོ་ཆགས་ཀྱི་འདུག
    གྲྭ་བ་དང་བུ་མོ་ཆ་ཚང་ལ་སྤྱི་འཐུས་སུ་འགྲོ་བ་ལ་ཐོབ་ཐང་གཅིག་པ་ཡིན་པས་དེ་ལ་གནད་འགག་ཞིག་རྩ་བ་ཉིད་ནས་མཐོང་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese