མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐུ་དྲག་ནི་བོད་ཀྱི་རིག་གཞུང་གི་མཚོན་དོན་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐུ་དྲག་གྲལ་རིམ་དེ་མི་གཅིག་གཉིས་དང་མི་རབས་གཅིག་གཉིས་ཀྱིས་ཡོང་ཐུབ་པ་ཞིག་མིན་པར། མི་རབས་བཅུ་ཕྲག་ལྷག་བརྒྱུད་ནས་བྱུང་བ་ཞིག་ཡིན་སྟབས། སྐུ་དྲག་གྲལ་རིམ་གྱིས་སྔ་མོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་བཟོས་ཡོད་པ་གསལ་སྟོན་བྱས་ཡོད་ཟེར།

དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས། རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རེའུ་ཡིས་བརྩམས་པའི་༼དུས་བཟང་གི་ལྷ་ས༽ཞེས་པའི་རྒྱ་ཡིག་དཔེ་དེབ་ཅིག་གསར་དུ་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོ་དེར་བོད་དང་རྒྱ་གར་གྱི་གསར་འགོད་པ་ཉི་ཤུ་ལྷག་མཉམ་ཞུགས་བྱས་ཡོད། དཔེ་དེབ་འདི་ནི་བོད་རིགས་སྐུ་དྲག་བུད་མེད་ཅིག་བརྗོད་བྱར་བཟུང་སྟེ་བརྩམས་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་འདི་ཉིད་ཀྱི་རྒྱུ་ཆ་འཚོལ་ཞིབ་དང་དངོས་ཡོད་འཚོལ་བ་ཚུར་སྣང་ཆེད་རྩོམ་པ་པོ་ཁོང་མོ་བོད་ཀྱི་ལྷོ་ཁ་དང་ལྷ་མོའི་བླ་མཚོ་སོགས་སུ་ཕྱིན་ཏེ། དུས་ཡུན་རིང་པོར་མང་ཚོགས་དང་འབྲེལ་བ་བྱས་ཡོད་འདུག

 

རྩོམ་པ་པོས་བོད་ཀྱི་སྤྱི་ཚོགས་ཞིབ་འཇུག་སྐོར་གྱི་དཔེ་དེབ་སྐོར་ངོ་སྤྲོད་གནང་དོན། རྒྱ་གཞུང་གིས་ ༡༩༥༩ སྔོན་གྱི་བོད་ནི་ཆེས་མུན་ནག་དང་གདུག་རྩུབ། ཆེས་རྗེས་ལུས་དང་ཀླ་ཀློའི་སྤྱི་ཚོགས་ཤིག་རེད་ཅེས་རྫུན་བསྒྲགས་བྱས་ཡོད་སྟབས། ང་རང་ཆུང་ཆུང་སྐབས་གོ་ཐོས་བྱུང་བ་ནི། བོད་ཀྱི་སྐུ་དྲག་གྲལ་རིམ་ནི་མུན་ནག་སྤྱི་ཚོགས་དེའི་ཁྲོད་གདུག་རྩུབ་ཆེ་ཤོས་ཡིན་པའི་ཚོར་སྣང་བྱུང་། རྗེས་སུ་ང་རང་དངོས་སུ་བོད་ལ་འབྱོར་ཏེ་ད་ལྟ་འཚོ་བཞིན་པའི་སྐུ་དྲག་མང་དག་ཅིག་ལ་འབྲེལ་བ་བྱས་སྐབས། སྐུ་དྲག་ནི་བོད་ཀྱི་རིག་གཞུང་མཚོན་བྱེད་ཀྱི་གྲལ་རིམ་ཞིག་ཡིན་པར་མ་ཟད། དོན་དངོས་ཐོག་ཁོང་ཚོའི་རིག་གཞུང་དེ་བྱམས་བརྩེ་ལྡན་དང་ཤེས་རབ་ཆེ་བ། མཛེས་དཔྱོད་ལྡན་པ་ཞིག་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་དད་སེམས་དེས་བོད་ཀྱི་ནང་ཆོས་ལ་ཡར་རྒྱས་ཆེན་པོ་གཏོང་ཐུབ་ཡོད་པའི་ངེས་ཤེས་སྐྱེས་བྱུང་། ཞེས་བརྗོད་བྱུང་།

བོད་ཀྱི་སྐུ་དྲག་ཅེས་ལབ་དུས་ཐ་ཤལ་ཞིག་མིན་ལུགས་ཐད་ལ། བོད་ཀྱི་སྐུ་དྲག་གྲལ་རིམ་དེ་མི་གཅིག་གཉིས་དང་མི་རབས་གཅིག་གཉིས་ཀྱིས་ཡོང་ཐུབ་པ་ཞིག་མིན་པར། མི་རབས་བཅུ་ཕྲག་ལྷག་བརྒྱུད་ནས་བྱུང་བ་ཞིག་ཡིན་སྟབས། སྐུ་དྲག་གྲལ་རིམ་གྱིས་སྔ་མོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་བཟོས་ཡོད་པ་གསལ་བོར་རྟོགས་ཐུབ་ཀྱི་འདུག རྒྱ་ནག་སྤྱི་ཚོགས་ལ་མཚོན་ན་སྐུ་དྲག་ཡོད་མ་རེད། རྒྱ་ནག་ལ་ཡོད་པ་ཁྲིམས་མེད་ལུགས་ཀྱི་ཐོག་རང་ཉིད་གློ་བུར་བའི་ཕྱུག་པོ་ཆགས་རྒྱུ་དེ་རེད། མི་ལོ་སྟོང་ཕྲག་ལྷག་གི་རྒྱ་ནག་གི་ལོ་རྒྱུས་ལ་བལྟས་ན། གཞུང་འཛིན་དང་མང་ཚོགས་བར་དུས་རྒྱུན་འཁྲུག་འཛིང་ཤོར་ཡོད་སྟབས། རྒྱ་ནག་སྤྱི་ཚོགས་ལ་བདེ་འཇགས་ནམ་ཡང་བྱུང་མེད། དེང་སང་ཉམས་ཞིབ་པས་འཛམ་གླིང་ལོ་རྒྱུས་ལ་ཞིབ་འཇུག་བྱས་སྐབས། རྒྱ་ནག་ནི་འཛམ་གླིང་སྤྱི་ཚོགས་ཁྲོད་མང་ཚོགས་ཀྱིས་གཞུང་ལ་ངོ་ལོག་བྱས་པ་ཛ་དྲག་ཆེ་ཤོས་དེ་ཆགས་ཡོད། ཅེས་བརྗོད་སོང་།   

དཔེ་དེབ་ཀྱི་བརྗོད་བྱའི་སྐོར་ལ། ངའི་དེབ་ནང་བོད་རིགས་སྐུ་དྲག་བུད་མེད་གཡང་འཛོམས་ཚེ་རིང་ཀྱི་མི་ཚེ་གཅིག་གི་ལོ་རྒྱུས་དང་འབྲེལ་ནས། སྐབས་དེའི་བོད་ཀྱི་དངོས་ཡོད་སྤྱི་ཚོགས་མཚོན་པར་བྱས་ཡོད། དེ་མིན། དེབ་དེར་ཕྱི་ལོ་ ༡༨༨༠  ནས་ ༡༩༦༠ བར་གྱི་བོད་སྲིད་གཞུང་དང་སྐུ་དྲག ཞིང་པ་དང་འབྲོག་པ་སོགས་ཀྱི་གནས་སྟངས་ཞིབ་ཕྲ་བཀོད་དེ། དུས་སྐབས་སོ་སོར་བོད་ནི་ལྷིང་འཇགས་ཀྱི་ཆོས་ལྡན་རྒྱལ་ཁབ་ཅིག་ཡིན་པ་གསལ་པར་བྱས་ཡོད། དེབ་འདིའི་བརྗོད་དོན་རྣམས་དངོས་ཡོད་ཁོ་ན་ཡིན་པ་ལས། ང་རང་གིས་རྟོགས་བཟོ་བྱས་པ་གཅིག་ཀྱང་མེད། ཅེས་བརྗོད་ངོ་སྤྲོད་བྱས་བྱུང་།

 

མཇུག་ཏུ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་གསུངས་དོན། རྒྱ་རིགས་ཤིག་གིས་བོད་ཀྱི་དངོས་ཡོིད་གནས་ཚུལ་དེ་སྒྲུང་བཤད་པ་ལྟར་མིན་པར། ད་ལྟ་གསོན་པོར་གནས་ཡོད་པའི་མི་སྣ་ཚོར་ཐད་ཀར་ངོ་ཐུག་སྟེ། དངོས་ཡོད་གནས་ཚུལ་ཐོག་རྒྱུས་ལོན་ཟབ་མོ་བྱས་ཡོད་པ་དང་། རྒྱ་གཞུང་གིས་བོད་པ་ཞེས་ལབ་དུས་འགྲོ་སྟངས་མི་ཤེས་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་རྒྱ་རིགས་ཤིག་གིས་ལྷ་ཀླུའི་ལྕམ་དབྱངས་འཛོམས་ཚེ་རིང་ལགས་ཀྱི་མི་ཚེའི་ལོ་རྒྱུས་ལས་འཕྲོས་ཏེ། བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་དུ་ནང་ཆོས་ཀྱི་བཟང་སྤྱོད་ལྡན་པའི་བོད་མིའི་ཉིན་རེའི་འཚོ་བ་བསྐྱལ་སྟངས་གསལ་པོར་བྲིས་ཡོད།

ཅེས་དང་།  འདས་པའི་མི་ལོ་ ༥༠ རྗེས་སུའང་བོད་མི་ཚོ་ད་དུང་འཇིགས་སྣང་འོག་གནས་བཞིན་པའི་སྐབས་འདིར། རྒྱ་མི་ཞིག་གིས་དངོས་ཡོད་གནས་ཚུལ་ཇི་བཞིན་བརྗོད་པར་བསྔགས་བརྗོད་ཡོད། ཅེས་གསུངས་སོང་། རྩོམ་པ་པོ་ཀྲུའུ་རེའུ་ལགས་ནི་རྒྱ་ནག་ནས་བྲོས་བྱོལ་དུ་ཕེབས་པའི་དམངས་གཙོན་དོན་གཉེར་བ་ཞིག་དང་རང་དབང་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་གིས་དེ་སྔ་བོད་དོན་དང་འབྲེལ་བའི་དཔེ་དེབ་གསུམ་བརྩམས་ཡོད་ལ། ༼དུས་བཟང་གི་ལྷ་ས༽ཞེས་པའི་དཔེ་དེབ་འདི་ནི་ཁོང་གིས་བརྩམས་པའི་དེབ་ཕྲེང་བཞི་པ་དེ་ཆགས་ཡོད།

                                                                                         གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༧ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༧ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

མཆན། 7

  1. གནས་ཚང་། says:
    ལོ་ 15 སྔོན།

    རྒྱ་མི་ཞིག་གི་ངོས་ནས་བོད་དོན་བྲིས་པ་ཡག་པོ་འདུག ཡིན་ནའི། གཅིག་བྱས་ན་བཙན་བྱོལ་སྤྱི་ཚོགས་ནང་དུ་སྐུ་དྲག་ལ་ལྟ་སྟངས་གང་འདྲ་ཞིག་འདུག་མིན་གྱི་ཡིག་ཚད་ཅིག་ལེན་གྱི་ཡོད་སྲིད་པས། ཧྲིལ་བོ་ཟ་བའམ་ཧྲིལ་བོ་འདོར་བ་ནི་སྐྱོན་ཆེན་པོ་ཞིག་ཡིན་ཙང་། ཟ་ཤེས་འཐུང་ཤེས་བྱེད་པའི་དུས་ཚོད་ལ་ཐོན་མེད་པའང་མ་རེད།

    Reply
  2. ཡུལ་གྱར་གྱི་མཚེར་ས says:
    ལོ་ 15 སྔོན།

    དེབ་དེ་བོད་ཡིག་ཐོགས་ཡོད་མེད་བྲིས་མི་འདུག་ཀྱང་རྩོམ་པ་པོས་ངོ་སྤོད་སྟངས་ལ་གཞིགས་ན་མོས་སྐུ་དྲག་ཚོའི་བྱ་སྤོད་ངོ་མ་ཤིས་མེད་པ་འདྲ། རྒྱ་གཞུང་གིས་གུང་ཁྲན་ཏང་ཡང་དག་པ་ཡིན་རབས་བཤད་པ་ནི་མཐའ་གཅིག་ཏུ་ཧམ་བཤད་ཁོ་ན་ཡིན་ཡང་སྐུ་དྲག་གི་སྐོར་གྱི་འགྲེལ་བཤད་ལ་བདེན་ཆ་མི་ཉུང་བ་ཡོད། ཐག་རིང་པོར་དཔྱོད་མི་དགོས་པར་གོང་ས་སྐུ་ཕ྄ེང་བཅུ་གསུམ་པ་ནས་བཟུང་ང་དགུའི་བར་གྱི་སྐུ་དྲག་གི་ལས་སྟངས་ལ་དཔྱོད་ན་ཤིས། འོན་ཀྱང་རང་རེའི་སྐོར་ལ་རྩོམ་ཡིག་བྲིས་པར་དགའ་བསུ་ཞུ།

    Reply
  3. ཡུལ་གྱར་གྱི་མཚེར་ས says:
    ལོ་ 15 སྔོན།

    སྐུ་དྲག་གི་གཞུང་འཛིན་སྟངས་དང་ད་ལྟའི་Libya གཞུང་འཛིན་པ་ Gaddafi གཞུང་འཛིན་སྟངས་གཉིས་མི་འདྲ་ས་ལས་འདྲ་ས་མང་གི་རེད།

    Reply
  4. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    ཁོ་མོའི་སྐད་ཆ་ལ་གནས་ལུགས་ཅི་ཡང་མི་འདུགབོད་ལ་སྐུ་དྲག་མང་སོང་པས་བོད་མང་ཚོགས་ལ་རྒྱུ་ནོར་དང་ས་ཞིང་ཅི་ཡང་མེད་པར་མནར་གཅོད་འོག་འཚོ་བ་མྱོང་དགོས་བྱུང་པ་རེད།

    Reply
  5. ཡུལ་གྱར་གྱི་མཚེར་ས says:
    ལོ་ 15 སྔོན།

    འོན་ཀྱང་རང་རེའི་སྐོར་ལ་རྩོམ་ཡིག་བྲིས་དགའ་བསུ་ཞུ།

    Reply
  6. ཡུལ་གྱར་གྱི་མཚེར་ས says:
    ལོ་ 15 སྔོན།

    དེབ་དེ་བོད་ཡིག་ཐོགས་ཡོད་མེད་བྲིས་མི་འདུག་ཀྱང་རྩོམ་པ་པོས་ངོ་སྤོད་སྟངས་ལ་གཞིགས་ན་མོས་སྐུ་དྲག་ཚོའི་བྱ་སྤོད་ངོ་མ་ཤིས་མེད་པ་འདྲ། རྒྱ་གཞུང་གིས་གུང་ཁྲན་ཏང་ཡང་དག་པ་ཡིན་རབས་བཤད་པ་ནི་མཐའ་གཅིག་ཏུ་ཧམ་བཤད་ཁོ་ན་ཡིན་ཡང་སྐུ་དྲག་གི་སྐོར་གྱི་འགྲེལ་བཤད་ལ་བདེན་ཆ་མི་ཉུང་བ་ཡོད། ཐག་རིང་པོར་དཔྱོད་མི་དགོས་པར་གོང་ས་སྐུ་ཕ྄ེང་བཅུ་གསུམ་པ་ནས་བཟུང་ང་དགུའི་བར་གྱི་སྐུ་དྲ་གི་ལས་སྟངས་ལ་དཔྱོད་ན་ཤིས།

    Reply
  7. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    རྣམ་དཔྱོད་དང་ལྡན་པའི་རྒྱ་མོ་ཁོང་ལ་ཐུགས་བརྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། དེ་ནི་དེང་སང་ཆོལ་གསུམ་ཁ་གཏོར་དུ་གཏོང་སྙམ་པའི་མི་རབས་གསར་རྙིང་དང་། སྐུ་དྲག་མི་དཀྱུས། སོགས་ཆབ་སྲིད་ཀྱི་ཚིག་རྫུས་མང་དག་གཅིག་གིས་མི་མང་བསླུ་ཁྲིད་བྱ་བཞིན་པར་ཏོག་ཙམ་ཕན་རེ་སྙམ། མྱུར་བ་བོད་ཡིག་ཏུ་བསྒྱུར་ཐུབ་པའི་རེ་འབོད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese