མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགན་འཁུར་དགོས་པ་དེ་འཁུར་ཐུབ་སོང་བསམ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་འཐུས་མི་ནི་མི་མང་གི་སྐུ་ཚབ་ཡིན་སྟབས། མི་མང་གི་མངོན་འདོད་གཞིར་བཞག་ཐོག་གསོལ་བ་ཕུར་ཚུགས་སུ་འདེབས་པའི་གྲོས་ཆོད་ཅིག་འཇོག་ཐུབ་པ་དེ་ནི། ལོ་རྒྱུས་ནང་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་སྤྱི་འཐུས་ཚོགས་གཙོས་གསུངས།

ཁ་སང་ཕྱི་ཚེས་ ༢༥ ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ཡོངས་སུ་མཇུག་བསྒྲིལ་ཡོད་ཅིང་། ཐེངས་འདིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་བགྲེས་ཡོལ་དང་འབྲེལ་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་ཐོག་བགྲོ་གླེང་ཡང་ཡང་བྱས་མཐར་གྲོས་ཚོགས་ཀྱིས་རྒྱབ་གཉེར་གནང་སྟེ། མི་འགྱང་པའི་དུས་ཡུན་ནང་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བཙུགས་ཏེ། ཕྱི་ཟླ་ ༥ ཚེས་ ༢༡ ནང་ཚུན་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་བསྐངས་ཏེ་མང་ཚོགས་ལ་དགོངས་འཆར་བསྡུ་རྒྱུར་སྤྱི་མོས་གྲོས་ཆོད་བཞག་སོང་།

ཁ་སང་ཕྱི་དྲོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་མཇུག་བསྡོམས་གཏམ་བཤད་གནང་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་གཙོ་བོ་༸གོང་ས་མཆོག་གི་གསུང་འཕྲིན་ཐོག་ཉིན་བརྒྱད་ཀྱི་དུས་ཚོད་བཏང་སྟེ། ཚོགས་ཆུང་ཁག་གི་སྙན་ཐོ་དང་དྲི་བ་དྲིས་ལན། ཐུག་སྣང་གཞེན་སྐུལ་བཅས་དུས་ཚོད་ཏག་ཏག་ཞིག་གི་ནང་འགྲུབ་ཐུབ་པ་དེ་གཙོ་བོ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམ་པའི་མཐུན་འགྱུར་ལས་བྱུང་སྟབས་ཐུགས་རྗེ་ཞུ་རྒྱུ་ཡིན། ད་རེབ་༸གོང་ས་མཆོག་གིས་གྲོས་ཚོགས་སུ་ཕེབས་པའི་གསུང་འཕྲིན་དེ་ནི། བོད་མི་སུ་འདྲ་ཞིག་ཡིན་རུང་སེམས་ནང་མ་ཤོང་བ་ཞིག་དང་། གང་འདྲ་ཞིག་ཆགས་ཡོངས་ན་བསམ་པའི་བློ་འཚབ་ཀྱི་རང་བཞིན་ཞིག་ཆགས་ཡོད་སྟབས། གྲོས་ཚོགས་ཚོགས་བཞིན་དུ་མང་ཚོགས་ཀྱི་ཁྲོད་ནས་ཡི་གེ་མང་པོ་ཞིག་འབྱོར་བསྡད་ཀྱི་འདུག་ལ།  དེ་བཞིན་ས་གནས་ཁག་དང་མི་སྒེར་བ་བཅས་ཀྱི་བསམ་ཚུལ་མི་འདྲ་ཐོན་ཡོད་ཀྱང་། ད་ལྟའི་ཆབ་སྲིད་འཕོ་འགྱུར་གྱི་གནས་སྟངས་འདི་འདྲའི་སྐབས་སུ་ཐུགས་འཁུར་ཆེན་པོ་བཞེས་ཏེ་གྲོས་ཚོགས་དང་སྐུ་སྒེར་ཡིག་ཚང་། བཀའ་ཤག་བཅས་ལ་ཕུལ་བའི་གནས་སྟངས་ཆགས་ཡོད་སྟབས། མི་མང་གི་ངོས་ནས་བོད་པའི་ཆབ་སྲིད་ལ་ཐུགས་འགན་བཞེས་པར་ཐུགས་རྗེ་ཆེ་ཞུས་བ་ཡིན། ཞེས་དང་།  

ཡང་ཁོང་གིས་མུ་མཐུད་དོན། ༸གོང་ས་མཆོག་གི་གསུང་འཕྲིན་གྲོས་ཚོགས་ནང་སྙན་སྒྲོན་ཞུས་པར། བཙན་བྱོལ་གྱི་མང་ཚོགས་དང་གྲོས་ཚོགས་འཐུས་མི། འཛིན་སྐྱོང་བཀའ་ཤག་བཅས་ཚང་མ་སེམས་སྡུག་གི་དབང་གིས་གསུང་འཕྲིན་ལ་དགའ་བསུ་ཞུ་མ་ཐུབ་པའི་གནས་སྟངས་ཆགས་ཡོད། གསུང་འཕྲིན་ལ་ཞིབ་ཚགས་པོའི་ཐོག་ནས་དཔྱད་ཞིབ་གནང་ཆེད་ཉིན་མཐའ་མར་དུས་ཚོད་སྟོང་པ་དང་། ཚེས་ ༡༥ ཉིན་གང་བོར་གསུང་འཕྲིན་ཐོག་དགོངས་ཚུལ་གསུངས་བའི་གོ་སྐབས་གནང་སྟེ་ཚོགས་མི་བརྒྱ་ཆའི་ ༩༠ ལྷག་གིས་མུ་མཐུད་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་པའི་མངོན་འདོད་དང་། སྤྱི་འཐུས་སྒེར་གྱི་དགོངས་ཚུལ་གཞིར་བཅོལ་ཏེ་དགོངས་ཚུལ་གསུངས་ཡོད། ཡིན་ནའང་། གསུང་འཕྲིན་དེ་གལ་གནད་ཆེན་པོ་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གནས་ཚུལ་ཞིག་ཡིན་སྟབས། ཡང་བསྐྱར་ཚེས་ ༡༦ དང་ ༡༧ བཅས་ཉིན་གཉིས་རིང་གོ་བསྡུར་སྦྱང་བཤད་གནང་ཡང་། ཆབ་སྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་དགོས་ཞེས་བསྟན་བསྡད་པ་རེད། ཅེས་དང་།

ཕྱི་ཚེས་ ༡༨ ཉིན་བསྐྱར་དུ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་ཕེབས་ཏེ། ཉིན་གང་བོར་བགྲོ་གླེང་བྱས་མཐར་གྲོས་ཆོད་དོན་ཚན་གསུམ་གྱི་གཙོ་བོ། ༸གོང་ས་མཆོག་ལ་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མུ་མཐུད་བཞེས་དགོས་ཀྱི་འདུག་ཅེས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས། ཞེས་བསྟན་ཡོད་ཀྱང་། སྤྱི་ཚོགས་ནང་༸གོང་ས་མཆོག་གི་གསུང་འཕྲིན་ལ་གྲོས་ཚོགས་ཀྱིས་བདག་པོ་མ་བརྒྱབ་པར་གསོལ་བ་ཕུར་ཚུགས་སུ་བཏབ་པ་རེད་ཅེས་བཤད་ཡོད། བཤད་སྟངས་དེར་ལྟ་སྟངས་མི་འདྲ་བ་ཞིག་དང་སྡུག་ས་ཞིག་ནས་བལྟས་པའི་གནས་སྟངས་ཤིག་རེད། ཚོགས་གཙོ་སྦྲེལ་པོ་དང་གྲོས་ཚོགས་འཐུས་མིའི་གོ་བསྡུར་སྐབས་ང་ཚོས་འདི་ནི་ལོ་རྒྱུས་ལྡན་པ་ཞིག་བྱུང་སོང་བསམ་པ་དང་། གྲོས་ཚོགས་འཐུས་མི་ནི་མི་མང་གི་སྐུ་ཚབ་ཡིན་སྟབས། མི་མང་གི་མངོན་འདོད་གཞིར་བཞག་ཐོག་གསོལ་བ་ཕུར་ཚུགས་སུ་འདེབས་པའི་གྲོས་ཆོད་ཅིག་འཇོག་ཐུབ་པ་དེ་ནི། ལོ་རྒྱུས་ནང་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས་སོང་།

༧གོང་ས་མཆོག་གི་དགོངས་དོན་ཐག་གཅོད་གནང་སྟངས་ཐད། ཕྱི་ཚེས་ ༡༩ ཉིན་གྲོས་ཆོད་གང་བཞག་པ་དེ་སྐུ་སྒེར་དྲུང་ཆེ་བརྒྱུད་༸གོང་ས་མཆོག་ལ་སྙན་སེང་ཞུས་པ་དང་། ༸གོང་ས་མཆོག་གིས་གྲོས་ཆོད་དེ་ངོས་ལེན་མ་གནང་བའི་ཐོག་ནས་གསུང་འཕྲིན་རིན་པོ་ཆེའི་ནང་གང་འཁོད་པ་དེར་འགྱུར་བ་མེད་ཅེས་བཀའ་ཕེབས་པའི་ཐོག ཕྱི་ལོགས་སུ་སྒྲོ་བཏགས་ཏེ་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་རྩེད་མོ་རྩེད་བ་དང་ཟློས་གར་འཁྲབ་བཞིན་པའི་སྐོར་བཤད་པ་མ་ཡིན་པར། ༸གོང་ས་མཆོག་སྐུ་སྒེར་ངོས་ནས་ཐུགས་ཐག་ཆོད་པོས་ཐོག་ནས་བཀའ་ཕེབས་ཡོད་སྟབས། གྲོས་ཚོགས་ཀྱི་ངོས་ནས་གྲོས་ཆོད་ལ་བསྐྱར་ཞིབ་མི་བྱ་ཐབས་མེད་བྱུང་བ་ལས། གྲོས་ཚོགས་དང་བཀའ་ཤག་གི་ངོས་ནས་དགའ་དགའ་སྤྲོ་སྤྲོའི་ཐོག་ནས་དང་ལེན་ཞུས་པ་ཞིག་རྩ་བ་ནས་ཆགས་མེད། ཅེས་གསུང་བྱུང་།

མཐའ་མར་ཁོང་གིས། ཕྱོགས་གཅིག་ནས་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པའི་དགོངས་གཞི་དེར་ང་ཚོ་བློ་ཕམ་ཆེན་པོ་ཡོད་པ་ཞིག་དང་། ཕྱོགས་གཞན་ཞིག་ནས་སྐབས་བཅུ་བཞི་པའི་འགན་འཁུར་དགོས་པ་དེ་འཁུར་ཐུབ་སོང་བསམ་པའི་ཚོར་སྣང་ཐོག་མཇུག་བསྡུ་བའི་མཚམས་སུ་བསླེབས་ཡོད་ཀྱང་། ད་ལྟའང་ལས་རིམ་དེ་མཇུག་སྒྲིལ་མེད་པར། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐྱར་དུ་བཙུགས་ཏེ། ཕྱི་ཟླ་ ༤ པའི་ཚེས་ ༡༡ ལ་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས་པ་དང་། དེའི་ཐོག་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་ལྷན་རྒྱས་ལ་གོ་བསྡུར་ཞུ་དགོས་པ་ཞུས་ཏེ། གྲོས་ཆོད་བཞག་པ་གཞིར་བཟུང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་ཕྱི་ཟླ་ ༥ པའི་བདུན་ཕྲག་གསུམ་པའི་ནང་ཚུན་འཚོགས་ཐུབ་རྒྱུར་ཚོགས་གཙོ་སྦྲེལ་པོ་དང་ཚོགས་དྲུང་ལས་ཁུངས་ཀྱིས་ཧུར་བརྩོན་བྱ་རྒྱུ་ཡིན།  དེའི་བྱུང་རིམ་ཆ་ཚང་མང་ཚོགས་ནང་མཁྱེན་རྟོགས་ཡོང་ཆེད། བཀའ་ཤག་གི་ངོས་ནས་གང་མགྱོགས་༸གོང་ས་མཆོག་གིས་གསུང་འཕྲིན་ཕེབས་པའི་ལོ་རྒྱུས་སྙིང་བསྡུས་ཤིག་དེབ་ཐེར་དུ་བཀོད་དེ། ས་གནས་ཚང་མར་འགྲེམས་ཐུབ་པ་དང་བོད་ནང་གི་བོད་མི་ཚོར་གསལ་བོ་བཟོ་ཐུབ་པ་བྱ་རྒྱུ་དང་། གྲོས་ཚོགས་ནང་གི་གནད་དོན་མང་པོ་ཞིག་མང་མོས་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་ལ་གཟིགས་ཏེ། མ་འོངས་གྲོས་ཚོགས་ཚོགས་དུས་འཕར་མའི་སྟེང་སྤྱི་འཐུས་ཚང་མས་ཆ་ཤས་ལེན་རྒྱུ་དང་འཛོམ་ཐུབ་པ་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡

མཆན། 9

  1. milk says:
    ལོ་ 15 སྔོན།

    མི་བོ་སུ་ཞིག་གི་རྩོམ་ཡིག་དྲྭ་བསྐུར་བྱུང་ན། རྩོམ་རང་ངོས་ལ་བལྟ་དགོས་པ་ལས་རྩོམ་པ་པོ་སུ་ཞིག་ཡིན་མིན་ལ་བལྟས་ན་དེ་ནོར་བ་ཡིན།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ཚོགས་གཙོའི་སྐད་ཆར་ནང་འགལ་དང་རང་བདེན་ཙམ་ལས་བདེན་ལུགས་དེ་ཙམ་མི་འདུག འོན་གྱང་བོད་མི་མང་ལ་འགན་མ་ཁུར་བ་ཞིག་ཀྱང་ཡིན་མི་སྲིད།

    Reply
  3. ཤིང་ལོ། says:
    ལོ་ 15 སྔོན།

    དེ་བདེན་པ་རེད། འགན་འཁུར་ཐུབ་ཚོད་ཅིག་ལས་ཅི་ཞིག་འཁུར།
    རང་གིས་གང་འཇོན་དང་། གང་ཤེས་སྒྲུབ་པ་དང་བྱས་ན་ང་ཚོར་མདུན་ལམ་ལོས་ཡོད། རང་ཉིད་་ལྟོ་གོས་གཏམ་གསུམ་ལ་མགོ་འཁོར་ནས། གཞན་ལ་སྐྱོན་བརྗོད་རྐྱང་བྱས་བསྡད་ན་༸གོང་ས་མཆོག་གིས་བཀའ་གང་གནང་ཀྱང་སྟོང་བ་ཆགས་འགྲོ་ལ། དེ་དུས་ང་ཚོ་མུ་འཐུད་ནས་ཡར་རྒྱས་གང་ཡང་མེད། ༸གོང་ས་མཆོག་གིས་ཀྱང་གླང་ཆེན་གྱི་ཁལ་བྱི་ལར་ཁུར་གསུང་གི་མེད།

    Reply
  4. སེམས་པ་གཉོམ་པོ། says:
    ལོ་ 15 སྔོན།

    ཉེ་སྔོན་༧གོང་ས་མཆོག་གིས་བགྲེས་ཡོལ་གནང་རྒྱུར་མོས་མཐུན་ཡོད་མེད་ས་རྟགས་བསྡུ་རུབ་བྱེད་སྐབས་བདག་གིས་བགྲེས་ཡོལ་གནང་རྒྱུར་མོས་མཐུན་བྱས་ཏེ་མུ་མཐུད་དུ་ཐུགས་འགན་འཁུར་དགོས་ཞེས་ས་རྟགས་བརྒྱབ་མེད། དེར་རྒྱུ་མཚན་དང་དགོས་པ་མེད་པར་རང་དགར་བྱས་པ་ཞིག་མིན། འོན་ཀྱང་ད་དུང་ཐུགས་འགན་འཁུར་དགོས་ཟེར་མཁན་དག་ལའང་རྒྱུ་མཚན་མི་འདུག་ཅེས་བསམ་མྱོང་མེད། རང་རེའི་སྤྱི་ཚོགས་ཀྱི་ད་ལྟའི་གནས་བབ་ལ་ངེས་པར་དུ་ཕྱོགས་འདི་གཉིས་ཀ་དགོས་ཀྱི་འདུག ༧གོང་ས་མཆོག་གིས་ཡང་ཡང་བཀའ་གནང་བ་དང་མི་མང་དང་སྤྱི་འཐུས་གྲོས་ཚོགས་ཀྱིས་ཀྱང་མང་མོས་ཐོག་ཡང་ཡང་གསོལ་འདེབས་ཞུས་པ་དེ་ཡང་དགོས་ངེས་ཤིག་རེད། འདིར་དགོས་ངེས་ཀྱི་ལོ་རྒྱུས་རང་བཞིན་དང་འཐབ་རྩོད་ཀྱི་བྱེད་ཐབས་རང་བཞིན་ཡང་དག་པ་ཞིག་ལྡན་པ་འདུག

    Reply
  5. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་ཚེ་དང་། བཀའ་ཁྲི་ཟམ་གདོང་གཉིས་ནི་ལོ་རྒྱྲུས་ཐོག་ནག་ཉེས་ཆེས་གྲས་ཀྱི་བོད་པའི་འགོ་འཁྲིད་གཉིས་རེད། ཁོང་གཉིས་ཀྱི་གཙོ་སྐྱོང་ཆོལ་ཁའི་རྙོག་གྲས་གྲོས་ཚོགས་འཚོག་མི་ཐུབ་དང་། བོད་མི་རྣམས་སེམས་ཤུགས་ཆགས་པ། རྒྱལ་དབང་མཆོག་ནས་ཀྱང་ཆབ་སྲིད་འགན་དབང་མཚམས་འཇོག་བྱས་པ་སོགས་གང་ལྟར་ནམ་མཁར་མི་གཤོང་བའི་ནག་ཉེས་བསགས་པ་རེད། ད་དུང་སྐད་ཆ་བརྫིག་པོ་འདྲ་རེ་བཤད་རྒྱུར་ངོ་མི་ཚ་བའི་ཨོ་ཙམ་རེད།

    Reply
  6. ཡུལ་གྱར་གྱི་མཚེར་ས says:
    ལོ་ 15 སྔོན།

    ངས་མི་གཅིག་གི་གླ་ཟེར་བ་གྲོས་ཚོགས་ཚོགས་དུས་བརྒྱད་པའི་རྙོག་དྲ་ལས་འཕྲོས་ཏེ་བཤད་པ་མ་གཏོགས་སེ་རའི་གླ་འགོར་གྱི་རྙོག་དྲ་ལ་ཟེར་གྱི་མེད། གལ་སྲིད་རྡོ་རྗེས་དེ་ལ་འཁྲུལ་ན་གསལ་བཤད་ཡིན།

    Reply
  7. རྡོ་རྗེ says:
    ལོ་ 15 སྔོན།

    སེ་རའི་གླ་འཁོར་གྱི་རྙོག་དྲ་དེ་སེལ་ཐུབ་མཁན་ནི་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་གྲྭ་བ་རྣམས་ལས་གཞན་སུ་གཅིག་ཀྱང་མེད། ཧི་མ་ལ་ཡའི་རིགས་རྒྱུད་གྱི་གྲྭ་བ་རྣམས་གྱིས་ད་སོ་སོའི་ཐོབ་ཐང་རྩོད་པའི་དུས་ལ་སླེབས་པ་རེད། སོ་སོ་རྒྱ་གར་གྱི་ཡུལ་མི་ཞིག་ཡིན་པའི་ངོས་ནས་སོ་སོའི་ཐོབ་ཐང་རྩོད་དགོས། ཧི་མ་ལ་ཡའི་རིགས་རྒྱུད་རྣམས་གྱིས་བོད་དང་མཉམ་དུ་བརྙས་བཅོས་འཁུར་དགོས་དོན་མེད་པས་སོ་སོའི་ཐོབ་ཐང་རྩོད་ཞིག། ཁྱོད་ཚོ་ཅི་ཞིག་ལ་རྒྱ་གར་བ་ལ་སྐྲག་དགོས་བ་རེད།

    Reply
  8. ཡུལ་གྱར་གྱི་མཚེར་ས says:
    ལོ་ 15 སྔོན།

    ཁྱེད་ཅག་གིས་བསམ་ན་བཀའ་ཁྲིའི་རྒྱལ་ཁ་དེ་སུས་ཐོབ་བམ། བློ་སེང་ངམ། བཀྲས་མཐོང་། ཡང་ན་བཀྲ་ཤིས་དབང་འདུས། སྤྱི་འཐུས་འོས་གཞིའི་ནང་སྐབས་སྔ་མའི་དེ་ཚོ་ཙམ་ལས་འགྱུར་བ་ཆུང་བས་མི་གཅིག་གི་གླ་ལ་རྩོད་གླེང་གིས་དུས་ཚོད་བསྐྱེལ་བར་ངེས། ད་ལྟའི་ཚོགས་གཙོ་མཆོག་ནི་གསར་རྙིང་གཉིས་ཀས་ལྟ་བ་ཡོད་ལ་ཤེས་འབྱོན་ཡང་མི་དམན་པའི་ཐོགས་ལས་དོན་ཧུར་ཐག་བསྒྲུབས་སོང་སྙམ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འགན་འཁུར་དགོས་པ་དེ། འཁུར་ཐུབ་སོང་བསམ་ཡོད། ཅེས་པའི་འགོ་བརྗོད་འོག་གི ནང་གསལ། ལག་ལེན་དང་། བསམས་པ་གཉིས་ཀ་ལ། ང་ནི། དགའ་སྤོབས་ཅུང་ཟད་སྐྱེས་བྱུང་བས། བཀའ་དྲིན་ཆེ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese