མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིང་བཀོད་སྦྱར་ཡིག

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༦ ཉིན་མདོ་ཁམས་རྫ་ཁོག་ག་ཡུལ་གྲོང་སྡེ་ནས་བོད་རིགས་གཞོན་སྐྱེས་གསུམ་གྱིས་བོད་དོན་དང་འབྲེལ་བའི་སྦྱར་ཡིག་མང་པོ་ཞིག་ཁྲོམ་གཞུང་དུ་སྦྱར་འགྲེམས་བྱས་ཡོད་པ་མ་ཟད། སྦྱར་ཡིག་དེའི་སྟེང་ཁོང་ཅག་གསུམ་གྱི་མིང་ཡང་གསལ་བོར་བཀོད་ཡོད་འདུག

མི་དེ་གསུམ་ནི། རང་ལོ་ ༢༥ ཡིན་པའི་ཚེ་རིང་སྐྱིད་པོ་དང་། རང་ལོ་ ༣༣ ཡིན་པའི་བྱམས་པ་དངོས་གྲུབ། རང་ལོ་ ༣༠ ཡིན་པའི་བློ་བཟང་ཐུབ་བསྟན་བཅས་ཡིན་ཞིང་། ཁོང་གསུམ་ནི་དེ་སྔ་ས་བྱི་ཞི་རྒོལ་ཆེན་མོའི་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་འདུག

སྦྱར་ཡིག་དེའི་ནང་། “ང་ཚོ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་དགོས”  ཞེས་བཀོད་ཡོད་ཅིང་། ད་ཆར་རྒྱ་གཞུང་གིས་འཛིན་བཟུང་བཀའ་རྒྱ་བཏང་ཡོད་འདུག་ཀྱང་། ཁོང་ཅག་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ཚེ་རིང་སྐྱིད་པོའི་ཕ་སངས་དཔའ་དང་། བྱམས་པ་དངོས་གྲུབ་ཀྱི་སྤུན་མཆེད་རྨོ་ལྕགས་གཉིས་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་ཅིག་གི་ནང་མིར་རྒྱ་སྒོར་ཉིས་ཁྲི་ ༢༠༠༠༠ རེ་ཡི་ཉེས་ཆད་ཀྱང་བཅད་ཡོད་འདུག

བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བཙན་བྱོལ་སྒྲིག་འཛུགས་འདི་ལྷའི་ཕོ་བྲང་མ་རེད་ལ་ནང་གི་ལས་བྱེད་རྣམས་ལྷ་དང་ལྷ་མ་ཡིན་མིན་ཙང་མི་འགྲིག་ན་འགྲིག་གི་མིན་འདུག་ལབ་དགོས་པ་རེད་མ་གཏོགས་མི་འགྲིག་བཞིན་དུ་ད་དུང་གསོལ་བ་འདེབས་ཞུས་ནས་བསྡད་ན་བོད་བསྟན་པ་ཆབ་སྲིད་ལ་ཕན་ཀྱི་མ་རེད་ལ། གཞིས་བཞུགས་གི་དཔའ་བོ་དཔའ་མོ་ཚོའི་སྲོག་ལ་རྩེད་མོ་རྩེད་བཅུག་ན་འགྲིག་གི་མ་རེད། 

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དཔའ་བོ་གསུམ་པོ་བྱས་རྗེས་ལ་ཡིད་རང་ཡོད།
    ང་ཚོས་བསྟོད་གླུ་འབུལ་དགོས་ས་ཞིག་ལ་འབུལ་དགོས་རེད།
    དམས་ར་གཏོང་དགོས་ས་ཞིག་ལ་དམས་ར་གཏོང་དགོས་རེད།

    Reply
  3. འཇམ་དབྱངས། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ། བཙན་བྱོལ་དུ་འབྱོར་བའི་བོད་མི་དང་ལྷག་པར་བཙན་བྱོལ་སྒྲིག་འཛུགས་འདིར་དེ་ཙམ་གྱི་སྡང་ཞུགས་མ་གནང་རོགས། དུས་ད་ལྟའི་རིང་མང་ཆེ་བས་རང་སེམས་དགའ་ན་བཙན་བྱོལ་གཞུང་ལ་བསྟོད་གླུ་འབུལ་མཁན་དཀོན་ཡང་། རང་སེམས་སྐྱོ་ན་སྡུག་སྐད་འདོན་ས་བཙན་བྱོལ་གཞུང་འདི་ཉིད་ཡིན་པས་བཀའ་དྲིན་ཅུང་ཟད་དྲན་ན་ཅིས་མི་ཆོག གལ་སྲིད་དེ་ལྟར་མ་བྱུང་ན་ཡང་བོད་ཕྱི་ནང་གཉིས་འབྲེལ་ཐག་གཅོད་པའི་སྐད་ཆ་དེ་འདྲ་ནམ་ཡང་མ་གསུངས་རོགས། གལ་སྲིད་ཁྱེད་ཅག་ལ་བོད་མི་རིགས་ལ་བཅངས་པའི་བརྩེ་སེམས་ཟེར་ན་ཡང་འདྲ། བོད་དོན་ལ་བཅངས་པའི་སེམས་ཤུགས་རེ་ཡོད་ན་བོད་ཕྱི་ནང་གི་གནས་ཚུལ་སྤེལ་རེས་བྱེད་ཐུབ་པའི་ཕོ་ཉ་ཞིག་ཆགས་ཐུབ་ན་ཅི་མ་རུང་།

    Reply
  4. འཇམ་དབྱངས། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་གདོང་ལ་དངོས་སུ་ཐོན་པའི་དཔའ་བོ་དེ་དག་གིས་མཚོན་པའི་གཞིས་བཞུགས་བོད་མིའི་སྙིང་སྟོབས་དེའི་དཔེ་ཞིག་གང་དུ་ཡང་རྙེད་མི་སྲིད་པས་ངས་ཁོང་ཚོར་ཅི་འདྲ་ཞིག་བཤད་དགོས་པ་ཡང་ཤེས་མ་སོང་། ཡིན་ན་ཡང་འུ་ཐུག་ཐབས་ཟད་དམ་མཐོང་ཆུང་བསྙས་དམོད་ཀྱི་འོག་ནས་ཅི་མི་སྙམ་པར་རང་སྲོག་འདོར་བ་དེ་སེམས་ཅན་སྤྱིའི་རང་གཤིས་ཤིག་རེད་མོད། ད་ལྟའི་ང་ཚོ་བོད་པ་ཚང་ལ་ཁྱོད་ཚོ་ལྟ་བུའི་མི་མང་གི་སྣེ་ཁྲིད་པ་ཧ་ཅང་དཀོན་པ་དང་། ཁྱོད་ཚོ་ལྟ་བུ་རྣམས་ནི་ནམ་ཡང་ང་ཚོར་དགོས་པས་ན། བོད་དོན་འཐབ་རྩོད་ལ་ཐབས་མཁས་གང་ཐུབ་གནང་རོགས་ཞེས་མིག་ཆུ་འགྲམ་ངོགས་ལ་བཞུར་བཞིན་འབོད་སྐུལ་དུའོ།། བོད་རྒྱལ་གྱུར་ཅིག

    Reply
  5. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་གི་རང་མགོ་རང་ཐོན་བྱེད་ཀྱིན་པ་ཧ་གོ་གི་མེད་ཚོད། དམྱལ་བ་སྙིང་རྗེ། ཁོང་གསུམ་ལ་རྐྱེན་དང་བར་ཆད་མི་འབྱུང་བར་སྨོན། མ་ཟད་གཞིས་བཞུགས་བོད་མི་ཚོ། ཁྱོད་ཚོས་བཙན་བྱོལ་སྒྲིག་འཛུགས་ལ་སྐྱབས་བཅོལ་ནས་རང་སྲོག་གི་སྦྱིན་པ་མ་གཏོང་རོགས། འདི་ན་ཁྲམ་པ་ཀྱང་ཀྱང་རེད། ཁ་སང་འོས་བླུགས་དུས་ངའི་འཇོན་དང་ཁོའི་འཇོན་ཟེར་གི། དེ་རིང་འགན་སྤྲད་དུས་མི་གཅིག་གཉིས་མ་གཏོགས་འཇོན་ནུས་མཁན་མིན་འདུག དེ་ལས་གཏིང་རིང་བ་བསམ་བློ་བཏང་མི་གཅིག་གཉིས་དེ་ནས་ཀྱང་ཁ་བཤད་དོན་སྟོང་ཇི་ཙམ་ཡོད་པ་ཚོད་པ་ཐུབ། གང་ལྟར་རང་མགོ་རང་ཐོན་ཁ་ནས་བཤད་པ་བཞིན། སོ་སོའི་ལྟོ་གོས་ཆེད་དུ་རྐུབ་སྟེགས་བཟུང་བ་ཙམ་ལས་སྤྱི་དོན་བསམ་མཁན་དང་། ཁྱོད་ཚོས་རེ་བ་བཅོལ་ས་རྫོགས་འདུག 

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    “ང་ཚོ་བོད་ལ་རང་དབང་དགོས། རྒྱལ་བ་རན་པོ་ཆེ་བོད་དུ་གདན་འདྲེན་དགོས”ཞེས་པ་དེ་“ང་ཚོ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་དགོས”བཅོས་རོགས། ཁོང་གསུམ་གྱི་བློ་སྟོབས་ལ་གུས་འདུད་དང་ནམ་ཡང་དགྲ་བོས་ལག་ཏུ་མི་ཐེབས་པའི་སྨོན་འདུན་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese