མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་འཇིཊ་སྐུལ་བ་མིན།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་མི་མང་ཉིན་རེའི་ཚགས་ཤོག་རྩོམ་སྒྲིག་པས་གཞོན་ལྷན་འཇིགས་སྐུལ་རིང་ལུགས་པ་དང་། མ་འོངས་བཙན་བྱོལ་བོད་གཞུང་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཆགས་རྒྱུ་ཡིན་སྐོར་གྱི་རྩོམ་ཡིག་དེར་གཞོན་ནུ་ལྷན་ཚོགས་ཀྱིས་ལན་འདེབས་གནང་ཡོད།

ཁ་སང་ཕྱི་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་བསྡུས་ཏེ། ཉེ་ཆར་རྒྱ་ནག་གཞུང་འབྲེལ་གསར་ལམ་མི་མང་ཉིན་རེའི་ཚགས་ཤོག་གི་རྩོམ་སྒྲིག་པ་ལི་ཧོང་མེ་ཡིས། གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་རིང་ལུགས་པ་དང་། འཇིགས་སྐུལ་རིང་ལུགས་པའི་མི་སྣས་བཙན་བྱོལ་བོད་གཞུང་མགོ་འཁྲིད་རྒྱུ་རེད། ཅེས་པའི་དཔྱད་གཏམ་དེར་ལན་འདེབས་ཤིག་བྱས་སོང་།

སྐབས་དེར་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་ལེན་འདེབས་ཡིག་ཆ་སྒྲོག་སྦྱོང་བྱས་པའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་པའི་འཁྱོག་བརྗོད་བསྐྱར་བཤད་ཡང་བཤད་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་ ༣ པའི་ཚེས་ ༢༢ ཉིན་གྱི་རྒྱ་ནག་མི་མང་ཚགས་ཤོག་གི་རྩོམ་སྒྲིག་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཡིན་པ་དང་། ཨལ་ཁ་དཱ་དང་འབྲེལ་བ་ཡོད་ཚུལ་གྱི་རྩོམ་ཡིག་སྤེལ་བ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཡོད་པའི་བོད་རྒྱ་ཆེའི་མི་མང་གི་ཡིད་ཆེས་དང་། རྒྱལ་སྤྱིའི་གདེང་འཇོག་ཉམས་བརླག་ཏུ་གཏོང་རྒྱུར་དམིགས་པ་ཞིག་རེད། ཅེས་དང་།

ལྷག་པར་དུ་ད་ལྟའི་༧གོང་ས་མཆོག་གི་སྲིད་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་གནང་གཏན་འཁེལ་བའི་སྐབས་འདིར། བཙན་བྱོལ་བོད་གཞུང་གི་བཀའ་སྤྱིའི་འོས་བསྡུ་ལས་འཕྲོས་ཏེ། གཞོན་ལྷན་འཇིགས་སྐུལ་རིང་ལུགས་པ་ཡིན་ཚུལ། བློ་བཟང་སེང་གེ་ལགས་དེ་སྔོན་གཞོན་ལྷན་གྱི་དབུས་རྒྱུན་བྱས་མྱོང་བས། འཇིགས་སྐུལ་རིང་ལུགས་པའི་མི་སྣས་མ་འོངས་བཙན་བྱོལ་བོད་གཞུང་མགོ་འཁྲིད་རྒྱུ་རེད། ཅེས་མ་འོངས་བཙན་བྱོལ་བོད་གཞུང་དེ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཆགས་རྒྱུ་ཡིན་སྐོར་གླེང་བ་ནི། ད་བར་རྒྱ་ནག་གིས་བོད་དོན་འཐབ་རྩོད་དེ་ཏཱ་ལའི་བླ་མ་མི་སྒེར་གྱི་འཐབ་རྩོད་རེད་ཟེར་བ་དང་། བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱ་ཆེད་རེད་ཟེར་བའི་ཧམ་བཤད་དྲིལ་བསྒྲགས་དེ་ད་ཆར་རྒྱལ་སྤྱིའི་ཁྱོན་ལ་ཁུངས་མེད་འཁྱོག་བརྗོད་ཡིན་པ་ར་འཕྲོད་གསལ་བོ་བྱུང་སྟབས། ད་ཆ་བོད་དོན་འཐབ་རྩོད་དང་བོད་གཞུང་ལ་ཁ་གཏད་གཅོག་པར་རྫུན་གཏམ་གྱི་ལག་ཆ་གསར་པ་ཞིག་སློང་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་བཀོད་འདུག

བསྒྲགས་ཡིག་དེར་མུ་མཐུད་དུ་བཀོད་དོན། ད་བར་ལོ་ངོ་ ༤༡ རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་འཐབ་རྩོད་ཀྱི་ལས་དོན་ཡོངས་རྫོངས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་བསྐྱོད་པ་ལས། དྲག་པོའི་ལས་དོན་ནམ་ཡང་བསྒྲུབས་མྱོང་མེད། དེ་བཞིན་ད་ལྟའི་བཀའ་ཁྲིས་འོས་མི་གསུམ་པོ་གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ་ཡིན་ཞིང་། འདས་པའི་ལོ་རྒྱུས་ནང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གཉིས་དབུས་རྒྱུན་ཟུར་པ་ཡིན་པ་ཙམ་མ་ཟད། གཞོན་ལྷན་ཐོག་མར་གསར་འཛུགས་གནང་མཁན་གྲས་ཀྱང་ཡིན། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་དབུས་རྒྱུན་ཟུར་པ་རེད། ཁོང་ཚོས་བཀའ་ཁྲི་གནང་རིང་འཇིགས་སྐུལ་རིང་ལུགས་པའི་ལས་དོན་ཅི་ཞིག་གནང་ཡོད། དེ་མེད་ན་གཞོན་ནུའི་དབུས་རྒྱུན་ཟུར་པ་ཡིན་པའི་རྒྱུ་མཚན་གྱིས་མ་འོངས་བཙན་བྱོལ་བོད་གཞུང་གི་ཁ་ཕྱོགས་འཇིགས་སྐུལ་རིང་ལུགས་པར་བསྒྲུབ་པ་ནི་གནས་ལུགས་མེད་པའི་ཧམ་བཤད་རེད། ཅེས་སྒྲོག་སྦྱོང་གནང་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 5

  1. རྩེ། ཆུ་མིག says:
    ལོ་ 15 སྔོན།

    ང་ཚོའི་ནམ་ཡང་འཇིགས་སྐུལ་བ་དང་དྲག་སྤྱོད་པའི་མིང་འདི་ཁྱེར་ནས་འགྲོ་དགོས་པ་རེད། གང་ཡིན་ཟེར་ན་ཁོ་ཚོ་ལ་དོན་རྫུན་མ་ཡིན་ཡང་ཁ་གསོན་པོ་རེ་ཡོད་པས་དྲག་སྤྱོད་པ་དངོས་མ་དེ་ང་ཚོ་མིན་ཡང་སུས་ཀྱང་མི་ཚོར་ས་ནས་ང་ཚོས་ཁས་ལེན་བྱས་པ་རེད། དོན་མེད་དུ་བོད་མི་མང་དམར་གསོད་དང་མི་མང་ལ་འཇིགས་བསྐུལ་ནས་གཏུམ་དྲག་གྱི་ལས་བྱེད་བཞིན་པ་དེ་དག་ལ་རྒྱ་ནག་གི་དྲག་སྤྱོད་དམག་མི་ལབ་མཁན་མི་འདུག་པ་ཅི་ཡིན་ན། ཨ་གནམ་རྒན་པ། དཀོན་མཆོག་མཁྱེན།་་་་་་་

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    འཇིགས་སྐུལ་ཞེས་པ་ནི་རིགས་གཉིས་ལ་འཇུག་པར་སེམས།
    རིགས་དང་པོ། དོན་དངོས་ཐོག་ནས་དེ་ཙམ་བྱེད་པར་ཕོད་པའི་སྟོབས་ཤུགས་དང་ནུས་སྤོབས་མེད་ན་ཡང་གཞན་ལ་བྱེད་དུ་བསྐུལ་ནས་ཕ་རོལ་པོ་སྐྲགས་སུ་བཅུག་པའི་རིགས་ཤིག་དང་།
    གཉིས་པ། རང་གི་དམ་བཅའ་བ་དེ་དོན་ཐོག་ཏུ་མ་ཁེལ་ན་དོན་རྐྱེན་ཆེ་ཆུང་གང་ལ་ཡང་ཇི་མི་སྙམ་པར་ཁོང་ཁྲོ་བ་ཤུགས་ཆེ་པའི་རྒྱུ་མཚན་གྱིས་ཉེས་མེད་ཕྱོགས་གཏོགས་ཀྱི་མི་རྣམས་ཀྱི་ཚེ་སྲོག་དུས་གཅིག་ཏུ་གཅོད་པ་ལ་འཇིགས་མི་ཞུམ་པ་གཏོར་བཅོམ་ཁོ་ན་ལ་འབད་བརྩོན་བྱེད་པའི་རིགས་ཏེ་མདོར་བསྡུ་ན་རིགས་འདི་གཉིས་སུ་འདུས་པར་སེམས། རྒྱ་མི་དམར་པོས་ཚིག་འདི་ལྟ་བུ་དག་བད་སྐྱོད་བཏང་ནས་ཉེས་མེད་སྐྱོན་འཛུགས་འདི་རྣམས་ཁོ་ན་གི་རྐྱེན་པས། བྲིས་པའི་ཡི་གེ་གྲི་མིན་ཀྱང་། མགོ་རྣ་གཅོད་ལ་གྲི་དང་མཚུངས་ཞེས་བོད་ཀྱི་དཔེ་ལ་ཡོད་པ་བཞིན་ནང་འགལ་དང་དོན་རྐྱེན་འཛིང་འཁྲུགས་སྐད་འབོད་ཡོད་ཚད་ཐམས་ཅད་ཀྱི་འབྱུང་ཁུང་འདི་དག་ནང་འགལ་ལྟག་སྤྲོད་ཁོ་ནས་རྐང་གཙུག་ནས་གནས་ཚུལ་མེད་ན་ཡང་དོན་རྐྱེན་དུ་བརྩི་ནས།
    ཚེ་འདས་ལུས་ལྷ་ལས་འདྲོགས། བོང་གུ་ཕུར་མ་ལས་འདྲོགས་ཟེར་སྲོལ་བཞིན་ལས་ཀ་ཐམས་ཅད་རི་བོང་ཅལ་རྒྱུག་ཁོ་ན་ལས་འགྲོ་བ་མི་ཡི་རིགས་ཀྱི་ཐོབ་ཐང་དང་འདྲ་མཉམ་རང་དབང་སོགས་བཙན་གྱིས་འཕྲོག་ནས་བཤད་ལོང་ཤོད་ལོང་མེད་པར་བྱ་ཁྲས་བྱིའུ་ཟིན་པ་ནང་བཞིན་བྱེད་ནས་བཙོན་ཁང་དང་མེ་མདའ་ལྕགས་དབྱུག་དང་གློག་དབྱུག་སོགས་ཀྱིས་མི་ཡི་ལུས་ཀྱི་རིན་ཐང་ཡོད་ཚད་རྡོག་སུབ་བཏང་ནས་གང་བྱུང་བྱུང་བྱས་པ་ལ་ཚོད་མེད་པའི་རྐྱེན་གྱིས་རྒྱ་མིས་ཕྱི་ཕྱོགས་ལ་བདེན་དོན་དང་ཆོ་ལོ་ག་ཚོད་བཤད་ན་ཡང་འཛམ་གླིང་འདིའི་སྒང་ལ་ཡིད་ཆེས་སུ་ལ་ཡང་མེད་པ་འདི་ནི།
    འདི་རིགས་ཀྱི་སྐད་ཆ་དང་བྱེད་སྟང་མ་ཤེས་ནས་རང་སྣང་མཐོན་པོས་སྟོང་བཤད་ཁོ་ན་ཉིད་དུ་ཡིན་པ་ལས་འདི་བཙན་བྱོལ་བའི་ངོས་ནས་གནད་དུ་རྩལ་འདོན་བྱེད་དགོས་པ་ཞིག་དེ་ཙམ་མིན་པར་སེམས། ཉེས་མེད་ཉེས་སུ་བརྩི་བ། དོན་མེད་དོན་རྐྱེན་དུ་བརྩི་བ་ནི་ཁོ་རང་ཚང་གི་རྒྱུན་སྤྱོད་ལྟ་བུ་ཆགས་ཟིན་པ་རེད། ཡིན་ན་ཡང་གནས་ཚུལ་དོ་སྣང་བྱེད་པ་འདི་ལ་གུས་པར་ཡི་རང་ཡོད།

    Reply
  3. གངས་སྨྱུག says:
    ལོ་ 15 སྔོན།

    ལན་ཞེ་གྲགས་སི་རྒྱག་ཤེས་མི་འདུག་ག ང་ཚོ་འཇིགས་སྐུལ་རིང་ལུགས་མིན་པའི་རྒྱུ་མཚན་ནམ་པང་རྟགས་གསལ་བོ་ཡོད་པ་བཞིན་རེ་རེ་བཞིན་ལན་རྒྱག་ཐུབ་ན་ཡག་པོ་འདུག མ་གཏོགས་ང་ཚོ་མིན་གཅིག་པུས་འགྲིག་གི་མ་རེད།
    རྒྱ་མིས་ཆབ་སྲིད་ཁ་ཕྱོགས་ཉིན་རེ་ནས་ཉིན་རེ་བསྒྱུར་འགྲོ་གིན་ཡོད་རེད་ལ། མ་ཟད་འགལ་ཟླའི་སྟོགས་ཤུགས་ཉམས་དམད་གཏོང་ཡག་གིས་ཚིག་གཏམ་གང་བྱུང་དང་། གཙོ་བོ་འམ་དམིགས་བྱ་གང་ཡིན་ན་དེ་ནི་འགྱུར་བ་མེད་པར་ངན་ཚིག་གཅིག་ཁོ་ན་ལས་བེད་སྤྱོད་བྱེད་ཀྱི་མ་རེད། དེ་ནི་ཆབ་སྲིད་ཚིག་རང་རེད། ང་ཚོས་མི་རེས་ཚིག་རེ་ཧ་ལམ་བེད་སྤྱོད་གཏོང་གིན་རེད། དེ་ནི་ཆབ་སྲིད་ལ་གོ་རྟོགས་མེད་པ་དང་ཡང་ན། སྲ་བརྟན་མེད་པ། ཆིག་སྒྲིལ་མེད་པ། སྒྲིགས་འཛུགས་མེད་པ། ཆར་གཞི་མེད་པའི་རྟགས་རང་རེད།
    བོད་མི་ཚང་མའི་ཆབ་སྲིད་གོ་རྟོགས་གོང་འཕེལ་ཡོང་བའི་རེ་བ་ཞུ།
    གངས་སྨྱུག་ནས།

    Reply
  4. གནས་ཚང་། says:
    ལོ་ 15 སྔོན།

    ཕར་མིན་ཞེས་ལབ་ན། ཚུར་རེད་ཅེས་ལབ་ཡོང་གི་རེད། མིན། རེད། མིན། རེད། མིན། རེད་ཅེས་རྫོགས་ཡ་ཞིག་ཡོག་མ་རེད། གོང་ས་མཆོག་གི་སྟེང་ནས་དེ་ལྟར་ཁ་བྲལ་བ་མིན། ཁ་བྲལ་བ་རེད་ཅེས་ཡོང་བ་ལྟར་རེད། ད་ཡིན་ན། ལབ་སྟངས་གསུམ་པ་ཞིག་འཚོལ་ཐུབ་ཀྱི་འདུག་གམ་མི་འདུག

    ལྷ་རབ་བྱུང་ན་དྲག་སྤྱོད་པ་ཞེས་པ་འདི་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཚད་གཞི་གང་རེད། གུས་པ་ནོར་མེད་ན། མང་ཚོགས་གསོད་མཁན་ཧ་ལམ་དྲག་སྤྱོད་པ་དང་དབང་འཛིན་པའི་ཤོག་ཁག་གསོད་མཁན་དྲག་སྤྱོད་པ་མ་ཡིན་པ་ཞིག་མིན་འགྲོ དེ་ན་ཚུར་དྲག་སྤྱོད་པ་ཟེར་བར་ཡིན་མིན་གྱི་ལན་མ་རྒྱབ་པར་ཕར་དྲག་སྤྱོད་སྲིད་གཞུང་ཞེས་ཞྭ་མོ་འདི་གཡོགས་ཨེ་ཐུབ་ལྟ་རན་མེད་འགྲོ། ད་གང་ལྟར་དྲ་མཁན་ང་ཡིན་ཁོ་ཡིན་ཟེར་མཁན་ཚོར་བསམ་ཚུལ་ང་ལས་ཡག་ག་ཡོད་སྲིད། ད་ཅིག་གླེང་རོགས་མི་ཞུ་ག་མེད་ཆགས་སོང་།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འཇིགས་སྐུལ་ རིང་ལུགས་པ་ དང་། ཞི་སྐུལ་ རིང་ལུགས་པ་ གཉིས་ ནོར་བ་ མིན་འགྲོ ཧ་ཧ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese