མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་གཅེས་པ་ཞིག་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཉིན་གུང་ཆུ་ཚོད་ ༢ སྟེང་བོད་མིའི་བདེན་དོན་འཐབ་རྩོད་པ་མདོ་སྨད་བླ་བྲང་དགོན་པའི་གྲྭ་པ་འཇམ་དབྱངས་སྦྱིན་པ་ལགས་རང་ཁྱིམ་ནས་འདས་གྲོངས་སུ་སོང་ཡོད་འདུག

གྲྭ་འཇམ་དབྱངས་སྦྱིན་པ་ལགས་ནི། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་བླ་བྲང་དགོན་པར་འབྱོར་སྐབས། རྒྱ་ནག་གཞུང་གི་དམ་དྲག་དང་གདུག་རྩུབ་ལ་མ་འཛེམས་པར། བོད་ནང་གི་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་།  ཆོས་ལུགས་དད་མོས་རང་དབང་མེད་སྐོར་གསལ་བཤད་དང་སྐད་འབོད་གནང་མཁན་གྲས་ཡིན་འདུག ལོ་དེའི་ཕྱི་ཟླ་ ༤ ཚེས་ ༩ ཉིན་རྒྱ་ནག་གི་ཉེན་རྟོག་པ་བླ་བྲང་དགོན་པའི་གྲྭ་ཤག་ཁག་ཏུ་འཛུལ་ཏེ། ཁོང་ལ་ཉེས་རྡུང་དྲག་པོ་བཏང་སྟེ་རྐང་ལག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པར་མ་ཟད། བཙན་ཁྲིད་ཀྱིས་ཉིན་བཅུ་གྲངས་རིང་ཚ་འདྲིའི་བཀག་ཉར་བྱས་ཡོད་ཅིང་། དེའི་རྗེས་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱང་། ཁོང་གི་ཕ་མ་རྒན་འཁོགས་གཉིས་གཙོས་པའི་ནང་མི་ཚོས་དུས་དེ་ནས་བཟུང་ལོ་ངོ་གསུམ་མ་ཟིན་ཙམ་རིང་སྨན་བཅོས་གང་ཡོང་བྱས་ཀྱང་། ལུས་པོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས་རིམ་གྱིས་ནད་གཅོང་དུ་གྱུར་ཏེ། ཁ་སང་ཕྱི་ཚེས་ ༣ ཉིན་རང་ཁྱིམ་ནས་འདས་གྲོངས་སུ་སོང་ཡོད་འདུག

གྲྭ་འཇམ་དབྱངས་སྦྱིན་པ་ལགས་ནི། ཨ་མདོ་བླ་བྲང་བསང་ཁོག་ཅེས་པའི་འབྲོག་སྡེ་ཞིག་ནས་སྐྱེས་ཤིང་། ད་ལྟ་རང་ལོ་ ༣༧ དུ་སོན་ཡོད།  ཁོང་གི་ཕ་མིང་ལ་བློ་བཟང་དང་མ་མིང་ལ་ཚེ་ལོ་ཞུ་གི་ཡོད་པ་དང་། ཁྱིམ་དུ་ཁྱོན་ཕྲུ་གུ་བཞི་ཡོད་པ་རེད། དམ་པ་ཁོང་ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇ་བོད་ཁྱིམ་དུ་སློབ་གཉེར་གནང་ཞིང་། ཕྱི་ལོ་ ༡༩༩༦ ལོར་བོད་དུ་ཕྱིར་ལོག་བྱས་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་སྨན་པ་གྲྭ་ཚང་ཁོངས་ཀྱི་ཆོས་མགོར་བཞུགས་སྐབས་དབྱིན་སྐད་ཕྲན་བུ་ཤེས་པར་བརྟེན། དགོན་པའི་ནང་ཕྱི་ཕྱོགས་ནས་གནས་སྐོར་བ་སོགས་ཡོང་སྐབས་སྣེ་ཤན་པའི་ལས་སྣེའང་ཞུ་མྱོང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 5

  1. གངས་ཅན་པ། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་དམ་པ་དེའི་དོན། ཨོ་མ་ཎི་པདྨེ་ཧྰུ། ཨོ་མ་ཎི་པདྨེ་ཧྰུ། ཨོ་མ་ཎི་པདྨེ་ཧྰུ།

    Reply
  2. ཁྱུང་དཀར says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་རེ་རེ་སྡུག་རྩུབ་གྱི་ལམ་ནས་འདི་ལྟར་རྐྱེན་ལམ་དུ་འགྲོ་དུས་ང་ཚོས་མྱ་ངན་གུས་འདུད་རེ་དང་སྨྲེ་ངག་སབ་སོབ་རེ་འདོན་རྒྱུ་ལས་ཅང་བྱེད་རྒྱུ་མི་འདུག ང་ཚོའི་མི་བུ་གལ་ཆེན་རེ་རེའང་མུ་མཐུད་དུ་འདི་ལྟར་འགྲོ་ས་རེད། ང་ཚོས་ཀྱང་མུ་མཐུད་དུ་མྱ་ངན་རེ་བྱས་ཏེ་སྡོད་རྒྱུ་ཡིན་པ་འདྲ། འདི་ནི་ང་ཚོའི་རང་དབང་རྩོད་སྟངས་ཤིག་ཡིན་པ་འདྲ་ལ་ལུགས་སྲོལ་ལྟ་བུ་ཞིག་ཀྱང་ཡིན་པ་འདྲ།

    Reply
  3. ཨརྱ། says:
    ལོ་ 15 སྔོན།

    ངོ་མ་སྐྱོ་བོ་རེད། ཉེ་སྔོན་བསང་ཁོག་གི་གྲྭ་སངས་རྒྱས་འདི་ལྟར་རྒྱ་ནག་གིས་མནར་གཅོད་རྐྱེན་གྱིས་འདས་སོང་ལ། ད་འཇམ་དབྱངས་སྦྱིན་པ་ཡང་འདས་སོང་།

    Reply
  4. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    ཨོ་མ་ཎི་པདྨེ་ཧྰུ། འདི་ལྟ་བའི་རྒྱལ་གཅེས་དཔའ་བོ་ཚོ་འདས་གྲོང་སུ་སོང་ན་ང་ཚོའི་གྱོང་ཀུད་ཆེན་པོ་རེད།
    རྒྱ་དམར་གི་བསམ་ཐོག་ལ་འགྲོ་ཁུ་ཡོད་པ་རེད། གནས་ཚུལ་འདི་ལྟ་བུའི་རིགས་ལ་དོ་སྣང་བྱས་ན་ཡག་པོ་འདུག་གྲྭ་གྲོགས་ཚོ།
    ཁོང་རང་གི་གཅེས་པའི་ལུས་སྲོག་ལ་མི་འཛེམ་པར་ང་ཚོ་བོད་མི་ས་ཡ་དྲུག་ཆེད་རླབ་ཆེན་གྱི་མཛད་རྗེས་བཞག་ཐུབ་ན་ང་ཚོའི་གནས་ཚུལ་འདི་ལྟ་བའི་སྐབས་སུ་གདུངས་སེམས་མཉམ་སྐྱེད་ཀྱི་ཚིགས་ཁ་ཤེས་ཀྱི་ཞལ་འདེབས་རེ་བྱས་ན་ལེགས་སྙམས།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ༈ རིང་ནས་སྙིང་ལ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ། །སྤྱོད་པའི་ཡང་སྲིད་ཞིང་འདིར་མྱུར་བྱོན་ནས། །བདེ་སྐྱིད་ངོམ་མེད་རྟག་ཏུ་སྦྱིན་གྱུར་ཅིག།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese