འབྱུང་འགྱུར་ཕྱི་ཟླ་ ༨ པའི་ཚེས་ ༡༢ ནས་ ༢༣ བར་རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་དུ་རྒྱལ་སྤྱིའི་སློབ་ཆེན་པའི་ལུས་རྩེད་འགྲན་ཚོགས་ཐེངས་ ༢༦ པ་དེ་འཚོགས་གཏན་འཁེལ་ཡོད་པར་བརྟེན། ཁ་སང་ཕྱི་ཚེས་ ༡༡ ཉིན་བར་རྒྱ་གཞུང་གི་ཉེན་རྟོག་པས་ཧྲིན་ཀྲུག་གྲོང་ཁྱེར་གྱི་མགྲོན་ཁང་དང་། གླུ་གར་ཁང་ ༧༠༠ ལྷག་གི་འགན་འཁུར་བ་དག་ལ། གཞུང་ཕྱོགས་ཀྱི་ལྟ་སྲུང་མི་སྣར་མཉམ་འབྲེལ་གྱིས་དོགས་ཡོད་རིགས་དུས་ཐོག་ཏུ་ཞུ་གཏུག་བྱ་དགོས་པའི་གན་རྒྱ་བཞག་འཇོག་ཏུ་བཅུག་ཡོད་འདུག
རྒྱ་ནག་གི་གཟའ་ཉི་མའི་མེ་ཏོག་བ་སྤྲུའི་གསར་བརྗེ་གོམ་བགྲོད་ལས་འགུལ་དང་། མི་མང་གིས་གཞུང་ལ་ངོ་རྒོལ་སྣ་ཚོགས་ཛ་དྲག་ཏུ་འགྲོ་བཞིན་པའི་རྐྱེན་གྱིས། རྒྱལ་སྤྱིའི་སློབ་ཆེན་པའི་ལུས་རྩེད་འགྲན་ཚོགས་སྐབས། ཡར་ལངས་དོན་རྐྱེན་འབྱུང་སྲིད་པར་དོགས་ཏེ། ཕྱི་ཟླ་ ༡ པོ་ནས་བཟུང་སློབ་ཆེན་ལུས་རྩལ་བདེ་འཇགས་དྲག་རྡུང་ཟེར་བའི་ལས་འགུལ་མགོ་བརྩམས་ཡོད་ཅིང་། ཉེན་རྟོག་པ་དང་སྐོར་སྲུང་དམག་མི་ཁྲི་ ༨ ལྷག་འགྲེམས་འཇོག་གིས་གྲོང་ཁྱེར་ཡོངས་ལ་བཀག་སྡོམ་ཞིབ་བཤེར་བྱས་ཏེ། ད་ལྟའི་བར་མི་ ༦༣༧༡ ལྷག་ལ་དོགས་ཡོད་འདྲི་གཅོད་དང་། མི་ ༡༧༣༡ བཀག་ཉར། དྲ་ཁང་དང་གླུ་ཁང་སོགས་མི་ཚོགས་འཛོམས་ཡུལ་ ༡༡༨༠ ལྷག་གི་སྒོ་བརྒྱབ་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།


![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)



ས་མིང་ནོར་འདུག ཧྲིན་ཀྲིན་རེད།