མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བཙན་བཟུང་བྱས་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཌོ་སེར་ཊི་བོད་ཀྱི་དྲ་གནས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་སི་པན་(Spain)རྒྱལ་ཡོངས་མཐོ་རིམ་ཁྲིམས་ཁང་གིས་བོད་ལ་རྒྱ་ནག་གིས་བཙན་བཟུང་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པར་ངོས་ལེན་ཐོབ་ཡོད་ཅིང་། ངོས་ལེན་དེ་ནི་རང་བཙན་ཡིན་པའི་བོད་དེ་སྐབས་ཤིག་ནས་རྒྱ་ནག་དམར་པོས་བཙན་བཟུང་བྱས་པ་ཞིག་ཡིན་པར་ཁྲིམས་ཐོག་ནས་ངོས་ལེན་ཞུས་པ་ཞིག་ཀྱང་ཆགས་ཡོད། ཁྲིམས་ཁང་གིས་ ༢༠༡༠ ཕྱི་ཟླ་ ༩ ནང་སི་པན་བོད་དོན་རྒྱབ་སྐྱོར་ཚོགས་པ(Comité de Apoyo al Tíbet) དང་བོད་མི་ཐུབ་བསྟན་དབང་ཆེན་ཟེར་བའི་མིང་ཐོག་ནས་ཁྲིམས་གཏུག་བྱས་པའི་གྱོད་གཞི་ཐག་གཅོད་བྱུང་པ་ཞིག་ཡིན་འདུག

༢༠༡༠ ལོའི་ཕྱི་ཟླ་ ༩ ནང་གི་ཁྲིམས་གཏུག་གྱོད་གཞིའི་ནང་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པ་མ་ཟད། ལྷག་པར་དུ་ ༡༩༤༩ ཟླ་ ༩ ཚེས་ ༡༢ ཉིན་གཏན་འབེབས་བྱས་པའི་ཇེ་ནཱི་ཝ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་དོན་ཚན་ ༤  (the Geneva Convention IV of Aug 12, 1949) དང་འགལ་ཡོད་པ། ༡༩༥༠ ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཡོད་པར་ངོས་ལེན་བྱ་དགོས་པའི་འབོད་སྐུལ། དེ་བཞིན་རྒྱ་རིགས་འབོར་ཆེན་བོད་དུ་གནས་སྤོར་བྱེད་པ་དེ་ནི་ཇེ་ནཱི་ཝ་རྒྱལ་སྤྱིའི་ཁྲིམས་ཀྱི་དོན་ཚན་༤ པའི་ཡིག་ཆ་ཨང་ ༤༩ དང་འགལ་ཡོད་པའི་གནད་དོན་བཅས་ཀྱི་ཐད་ནས་སི་པན་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་ཞིག་རེད་འདུག

དེ་སྔོན་ ༢༠༠༥ ལོར་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་དང་གྲྭ་བག་གྲོ་སོགས་མཉམ་འབྲེལ་ཐོག རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་སོགས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་སྣ་ཚོགས་ལག་བསྟར་བྱེད་ཀྱི་ཡོད་པར་ཁྲིམས་གཏུག་བྱས་ཡོད་པ་དེའང་ཐེངས་འདིའི་གྱོད་དོན་ཞུ་གཏུག་པའི་ཁོངས་སུ་ཚུད་ཡོད་འདུག

སི་པན་ཁྲིམས་ཁང་གིས་གནད་དོན་འདིའི་ཐད་ཁྲིམས་དཔོན་དང་ཞུ་གཏུག་པ་ཚོས་ཕྱོགས་ཞེན་དང་། གཞན་གྱི་གནོན་ཤུགས་ལ་མ་བལྟས་པར་ཁྲིམས་ཐོག་ནས་བདེན་དཔང་ར་སྤྲོད་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་འདི་བདེན་དོན་ཐག་གཅོད་ཡོང་པར་ཡིད་ཚིམ་པ་ཞིག་བྱུང་། རྒྱལ་སྤྱིའི་ཁྲིམས་ལུགས་ལག་བསྟར་བྱ་སྐབས་སྲིད་གཞུང་བྱེ་བྲག་པའམ། ཡང་ན་གཞན་གྱི་དབང་ཤུགས་དང་དཔལ་འབྱོར་སོགས་ཀྱི་ཐེ་ཇུས་ལས་བརྒལ་ཏེ། ཡོངས་ཁྱབ་འགྲོ་བ་མིའི་དྲང་བདེན་ནི་ནམ་ཡང་ཡོངས་ཁྱབ་རང་བཞིན་ཞིག་ཏུ་གནས་དགོས་པ་རེད། ཅེས་བསྒྲགས་ཡོད་པར་སི་པན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ཨ་ལན་(Alan Cantos) ལགས་ཀྱིས་དགའ་བསུ་ཆེན་པོ་བྱས་འདུག

སི་པན་ཁྲིམས་ཁང་ནི་རྒྱལ་སྤྱིའི་གྱོད་དོན་རིགས་ཐག་གཅོད་དང་། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་དང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆ་གཞིར་བཞག་སྟེང་། ཁྲིམས་འགལ་ཉེས་དོན་རིགས་ཐག་གཅོད་བྱེད་སའི་ཁྲིམས་ཁང་ཞིག་ཡིན།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།
Mobile App

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

༢༠༢༥/༡༢/༠༦
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉམས་ཞིབ་པ་རྣམ་པས་་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།
Mobile App

ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བཅོས་སྒྲིག་དང་རྫུན་བཟོས་བྱས་ཡོད་སྐོར་བརྗོད།

༢༠༢༥/༡༢/༠༦
Photo Credit : Free Tibet
Mobile App

ཚེ་རིང་མཚོ་ལགས་བཟང་བཙོན་འོག་བཅུག་ཡོད་འདུག

༢༠༢༥/༡༢/༠༦
Mobile App

རྒྱ་ནག་གཞུང་གི་མདའ་སྐད་གླིང་བསྒྱུར་གྱི་མི་རིགས་སྲིད་ཇུས་གསར་བ། 

༢༠༢༥/༡༢/༠༦
Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༠༥
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

༢༠༢༥/༡༢/༠༥

མཆན། 2

  1. མཚོ་པདྨ། says:
    ལོ་ 15 སྔོན།

    ང་ཚོའི་བོད་རྒྱལ་ཁབ་ཆེན་པོ་དེ་རྒྱ་དམར་པོས་བཙན་འཛུལ་གྱིས་ད་བར་བཙན་འོག་ཏུ་ཡོད་པ་འཛམ་གླིང་འདིའི་མི་མང་ཕལ་ཆེ་བའི་ཤེས་ཀྱི་ཡོད་ནའང་རྒྱལ་ཁབ་ཆེ་ཆུང་སུ་གང་གིས་བོད་རྒྱལ་ཁབ་དེ་རང་བཙན་གཙང་མ་ཡིན་པ་ད་བར་ཁས་མ་ལེན་པའི་སྐབས་འདིར་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་དྲང་བདེན་དང་ལྡན་པའི་ཁྲིམས་ཐོག་ནས་ངོས་ལེན་བྱུང་བ་དེ་གནས་ཚུལ་ཧ་ཅང་གི་བཟང་པོ་ཡིན། འབྲས་བུ་བཟང་པོ་འདི་སྨིན་དུ་བཅུག་མཁན་གྱི་འབྲེལ་ཡོད་མི་སྣ་ཡོངས་ལ་བསྔགས་བརྗོད་ཚད་མེད་ཞུ་བཞིན་ཡོད།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ལེན་བྱེད་མཁན་ཐོག་མ་འདི་མིན་པར་ཨ་རིའི་རྒྱལ་ཁབ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese