མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རང་བཙན་དུས་སྟོན།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིས་ཚེས་ ༩ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ལྡི་ལི་བརྡ་འཕྲིན་ཞིབ་འཇུག་སློབ་གཉེར་ཁང་ཆེན་མོའི་བྱང་ཕྱོགས་སློབ་གླིང་དུ་བོད་རང་བཙན་དུས་སྟོན་ཞེས་པའི་ཚོགས་འདུ་ཞིག་བསྐོངས་ཡོད། ཚོགས་ཐོག་ཏུ་མི་གྲངས་ ༡༣༠ དང་། རྒྱལ་ཁབ་ ༦ གི་མི་སྣ་མཉམ་ཞུགས་བྱས་ཡོད།

བོད་རང་བཙན་དུས་སྟོན་ཐོག་ལྡི་ལི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པས་བསྒྲགས་གཏམ་སྤེལ་ཏེ། བོད་རྒྱལ་ཁབ་ཆེན་པོ་ནི་ལོ་རྒྱས་རིག་པ་དང་ས་རྒྱུས་རིག་པ། སྲིད་དོན་རིག་པ་སོགས་ཕྱོགས་གང་ཅིའི་ཐད་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཡོད་ལ། ལོ་རྒྱུས་ཀྱི་བདེན་དོན་འདིའི་ཆེད་དུ། བོད་པའི་མི་རབས་གསར་བ་དག་གིས་རྔམ་བརྗིད་ལྡན་པའི་བོད་རང་བཙན་སླར་གསོའི་ལས་དོན་ཐོག་མ་སྐུལ་དང་བླང་གིས་འཐབ་རྩོད་བྱེད་བཞིན་ཡོད་པ་གསལ་བཤད་གནང་ཡོད། དེའི་མཇུག་ཏུ་སྐུ་མགྲོན་གཙོ་བོ་རྒྱ་གར་བོད་དོན་ཉམས་ཞིབ་པ་དང་རྒྱ་གར་གྱི་གསར་འགོད་པ་གྲགས་ཅན་བིས་ཅཱ་ཁི་རིན་ཌ་མཆོག་གིས་༼ རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་རྒྱ་གར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་ལ།

མཇུག་ཏུ་དྲི་བ་དྲིས་ལན་གནང་མཐར་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་རྣམས་ཀྱི་དཀའ་ངལ་སྐོར་ཞིབ་ཕྲའི་ངོ་སྤྲོད་དང་། མཐའ་མཇུག་ཚོགས་ཞུགས་པ་ཡོངས་ལ་འབྲས་སིལ་གྱི་ཞལ་ལག་ཕུལ་ཏེ་ཚོགས་འདུ་མཇུག་སྒྲིལ་ཡོད་པ་རེད།

གསར་འགྱུར་མཁོ་གཏོང་པ་ནེ་རོ་མཐོ་སློབ་ཀྱི་སློབ་ཕྲུག་ཤེས་རབ་རྡོ་རྗེ།

མཆན། 2

  1. དབྱངས་ཅན་སྒྲོལ་མ། says:
    ལོ་ 12 སྔོན།

    བོད་རྒྱལ་ཁབ་ཆེན་མོ་ལོ་རྒྱུས་ཐོག་རང་བཙན་ཡིན་པ་བདེན་མོད། ད་ལྟ་དབུ་མའི་ལམ་ལ་སྐྱབས་བཅོལ་བའི་དུས་ཚོད་མ་རེད་དམ།
    གང་ལྟར་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་འདི་མཐོང་ཆེན་བྱས་ན་མི་ལེགས་སམ།
    གཞོན་སྐྱེས་ཚོར་འཆར་གཞི་ལྡན་པའི་ལས་གཞི་ཡོད་ན་ཧ་ཅང་ཡག་པོ་རེད།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 12 སྔོན།

    རྩོམ་སྒྲིག་པ་ལགས། བོད་རྒྱལ་ཁབ་ཆེན་པོ་ནི་ལོ་རྒྱས་རིག་པ་དང་ས་རྒྱུས་རིག་པ། ཞེས་པ་དེར་བོད་རྒྱལ་ཁབ་ཆེན་པོ་ནི་ལོ་རྒྱུས་རིག་པ་དང་ས་ཁམས་རིག་པ་ཞེས་གསུང་གོ་མ་རེད་དམ། གང་ལྟར་ཡང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་དོན་ལ་རྒྱབ་བསྐྱོར་དང་། རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན་ཐུགས་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist