མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་བྷག་བྷོ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨའེ་ཝོ་རཱེའི་སྲིད་འཛིན་རྙིང་པ་བྷག་བྷོ་ཡི་སྒེར་གཅོད་སྲིད་དབང་དྲག་ཤུགས་ཀྱིས་བླངས་ཚར་ཡང་། ད་ཆར་མི་ཚང་མས་སེམས་འཚབ་བྱེད་ཀྱིན་པ་ནི་སྲིད་འཛིན་གསར་པ་ཨ་ལཱ་སན་གྱི་བཤད་སྤྱོད་རེད།

ཁ་སང་གཟའ་ཟླ་བའི་ཉིན་ཨའེ་ཝོ་རཱེ་ཁཱོ་སིཊ་(Ivory Coast) ནང་རྒྱལ་སྤྱིའི་ངོས་འཛིན་ཐོབ་པའི་སྲིད་འཛིན་གསར་བ་ཨ་སན་(Alassane Ouattara) ཤོག་ཁག་དང་རྒྱལ་ཚོགས་བདེ་འཇགས་དམག་དཔུང་མཉམ་སྒྲིལ་ཐོག ཨ་བྷེཌ་ཇན་ (Abidjan) གྲོང་ཁྱེར་ནང་ཡོད་པའི་སྲིད་འཛིན་རྙིང་པ་བྷག་བྷོ་(Gbagbo) ཡི་སྡོད་གནས་ལ་ཕར་རྒོལ་བྱས་མཐར། ས་འོག་ཡིབ་ཁང་ཞིག་ནས་བྷག་བྷོ་རྙེད་སོན་གྱིས་འཛིན་བཟུང་བྱས་ཡོད་འདུག

ཐེངས་འདིར་བྷག་བྷོ་འཛིན་བཟུང་བྱེད་མཁན་གཙོ་བོ་ནི་རྒྱལ་ཚོགས་བདེ་འཇགས་དམག་དཔུང་གི་ཡན་ལག་ཧྥ་རན་སིའི་ཆེད་མངགས་དམག་དཔུང་ཤོག་ཁག་དང་ཨ་ལཱ་སན་དམག་མི་ཡིན་ཞིང་། འཛིན་བཟུང་བྱས་པའི་སྲིད་འཛིན་རྙིང་པ་བྷག་བྷོ་དང་ཁོང་གི་བཟའ་ཟླ། བུ་བཅས་ད་ལྟ་གྲོང་ཁྱེར་དེ་གའི་ཌུ་གྷོལ་ཧྥི་ (Hotel du Golf) ཞེས་པའི་མགྲོན་ཁང་དུ་བཀག་ཉར་བྱས་ཡོད་འདུག སྲིད་འཛིན་རྙིང་པ་བྷག་བྷོ་ཡི་མགྲིན་ཚབ་པ་ཞིག་གིས་བརྗོད་ན། དམག་མི་སྲིད་འཛིན་ཡུབ་སར་འབྱོར་མ་ཐག་བྷག་བྷོ་ཡིས་ཁ་གཏད་འགོག་རྒོལ་མ་བྱས་པར་མགོ་འདོགས་ཞུས་སོང་ཟེར།

 

བྷག་བྷོ་འཛིན་བཟུང་བྱས་རྗེས་སྲིད་འཛིན་གསར་བ་སྐུ་ཞབས་ཨ་ལཱ་སན་གྱིས། ད་ནི་ང་ཚོར་རེ་བས་ཁེངས་པའི་དུས་རབས་གསར་བ་ཞིག་གི་སྐྱ་རེངས་འཆར་བ་རེད། བྷག་བྷོ་ཁོང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྦྱོར་དགོས་ལ། ཁོང་གི་བཟའ་ཟླ་དང་དཔུང་རོགས་ཡོངས་ལ་ཉེས་དོན་ཞིབ་བཤེར་བྱ་དགོས། གནད་དོན་འདི་དག་ཐོག་ཨའེ་ཝོ་རེ་ཡིས་གཙོ་འགན་འཁུར་ཏེ། ཞིབ་བཤེར་སྐབས་ཁོང་ཅག་གི་གཟུགས་གཞིའི་བདེ་ཐང་ལ་ཁག་ཐེག་དང་། ཆེས་མཐོང་དང་རྩ་བའི་ཐོབ་ཐང་རིགས་ལ་སྲུང་སྐྱོབ་བྱ་ངེས་ཡིན། ཞེས་དང་། དེ་བཞིན་དྲག་ཆས་དམག་དཔུང་ཕྱིར་འཐེན་གྱིས་དངོས་ཐོག་བདེན་འཚོལ་གྱི་བར་སྡུམ་ཚོགས་ཆུང་ཞིག་འཛུགས་འཆར་ཡོད་ལུགས་ཀྱང་བསྒྲགས་འདུག

བྷག་བྷོ་འཛིན་བཟུང་བྱས་པར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་དགའ་བསུ་དང་སྦྲགས། དེ་ནི་ཨའེ་ཝོ་རཱེ་མི་མང་གི་འདོད་མོས་ལྟར་དམངས་གཙོའི་རྒྱལ་ཁ་ཞིག་རེད་ལ། རྒྱལ་ཁབ་བསྐྱར་འཛུགས་དང་དམངས་གཙོ་སྲ་བརྟན། དཔལ་འབྱོར་ཉམ་ཉེས་སླར་གསོ་བྱ་རྒྱུའི་གོ་སྐབས་བྱུང་པ་ཞིག་ཀྱང་རེད། ཅེས་བསྔགས་བརྗོད་བྱས་འདུག

དེ་སྔོན་ ༢༠༡༠ ཟླ ༡༡ ནང་གི་ཨའེ་ཝོ་རཱེ་ཁཱོ་སིཌ་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ལ་དཀའ་ངལ་རིམ་པར་ཕྲད་ཡོད་པ་དང་། རྒྱལ་ཡོངས་འོས་བསྡུ་ལས་ཁུངས་ཀྱིས་གྲུབ་འབྲས་ཁྱབ་བསྒྲགས་བྱས་པར་སྐུ་ཞབས་ཨ་ལཱ་སན་ལ་འོས་གྲངས་བརྒྱ་ཆ་ ༥༥ ཟིན་ཡོད་སྟབས། རྒྱལ་ཁབ་དེ་གའི་མི་མང་དང་རྒྱལ་ཚོགས། རྒྱལ་སྤྱིའི་སྲིད་གཞུང་ཕལ་ཆེ་བས་སྐུ་ཞབས་ཨ་ལཱ་སན་ལགས་ཨའེ་ཝོ་རཱེའི་སྲིད་འཛིན་གསར་བར་ངོས་འཛིན་ཐོབ་ཡོད། འོན་ཀྱང་། སྲིད་འཛིན་རྙིང་པ་བྷག་བྷོ་ཡིས་རང་ཉིད་ཀྱི་དྲག་ཤུགས་ལ་བརྟེན་ནས་སྲིད་འཛིན་གྱི་གོ་གནས་རྩིས་སྤྲོད་མ་བྱས་པ་མ་ཟད། འོས་བསྡུའི་སྐབས་ཁོ་རང་ལ་འོས་ཤོག་ཐོབ་ཡོད་པའི་ཁྱབ་བསྒྲགས་རྫུན་མ་བྱས་ཡོད་པ་རེད།

 

འདས་པའི་ཟླ་ངོ་བཞི་ལྷག་གི་རིང་སྲིད་འཛིན་གསར་རྙིང་བར་གྱི་དབང་ཆའི་འཐབ་རྩོད་ཟིང་འཁྲུག་ཁྲོད། ཤོག་ཁག་ཕན་ཚུན་གྱི་དྲག་ཆས་དམག་མི་དང་མི་སེར་ལ་ཤི་རྨས་ཚབས་ཆེན་ཐེབས་ཤིང་། རིམ་བཞིན་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་སྟབས། རྒྱལ་ཚོགས་བདེ་འཇགས་དམག་དཔུང་དངོས་སུ་ཨའེ་ཝོ་རཱེའི་ལ་བཏང་སྟེ། གསར་དུ་འདེམས་ཐོན་བྱུང་པའི་སྲིད་འཛིན་ཨ་ལཱ་སན་ལ་སྲུང་སྐྱོབ་དང་། ཁོང་གི་ཤོག་ཁག་དང་མཉམ་འབྲེལ་ཐོག་སྲིད་འཛིན་རྙིང་པ་བྷག་བྷོ་ལ་འཐབ་འཛིང་བྱས་ཡོད།

ད་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བློ་འཚབ་དང་དོགས་གཞི་བྱ་ཡུལ་ཞིག་ནི། རྒྱལ་ཚོགས་བདེ་འཇགས་དམག་དཔུང་གིས་ཨ་ལཱ་སན་ལ་རོགས་འདེགས་དང་སྲིད་འཛིན་རྙིང་པ་བྷག་བྷོ་འཛིན་བཟུང་བྱས་པ་དེ། དང་པོ། དམངས་གཙོའི་རྩ་དོན་དང་མཐུན་གྱི་ཡོད་མེད་དང་། གཉིས་པ། ཨ་ཝོ་རཱེ་རྒྱལ་ཁོངས་གཅིག་གྱུར་ལ་ཕན་གནོད་མཇུག་འབྲས་གང་འདྲ་འབྱུང་མིན་བཅས་རེད། ད་དུང་རྒྱལ་སྤྱིའི་ཆབ་སྲིད་དཔྱད་རྗོད་པ་མང་པོ་ཞིག་གིས་ཨ་ལཱ་སན་ནི། མང་མོས་འོས་ཤོག་ཐོབ་པ་ཞིག་ཡིན་ཡང་། ཟླ་ངོ་བཞིའི་རིང་གི་དྲག་རྒོལ་བྱེད་སྟངས་དང་། ད་ལྟ་བྷག་བྷོ་འཇུ་བཟུང་གིས་ཁྲིམས་བཤེར་བྱ་ཕྱོགས་བཅས་ལ་གཞིགས་ན། ཁོང་ནི་དྲག་སྤྱོད་དབང་འཛིན་པ་གསར་བ་ཞིག་སླར་ཡང་སྲིད་སྟེགས་སུ་སླེབ་བཞིན་ཡོད་པའི་བློ་འཚབ་གསར་པ་ཞིག་སྐྱེ་བཞིན་ཡོད།

ཁ་སང་ཕྱི་ཚེས་ ༡༡ ཉིན་སྲིད་འཛིན་རྙིང་པ་བྷག་བྷོ་འཛིན་བཟུང་བྱས་ཡོད་ཀྱང་། ཉིན་དེའི་དགོང་མོར་མུ་མཐུད་ས་ཁུལ་མང་པོ་ཞིག་ཏུ་བྷག་བྷོ་ཕྱོགས་གཏོགས་པ་དང་ཨ་ལཱ་སན་ཤོག་ཁག་བར་འཐབ་འཁྲུག་བྱུང་ཡོད་འདུག་ལ། གནས་ཚུལ་དེའི་རྐྱེན་པས་མང་ཚོགས་མང་པོ་ཞིག་བསྐྱར་དུ་སྲིད་འཛིན་རྙིང་པར་དགའ་མོས་ཡོད་པར་འགྱུར་གྱི་ཡོད་པ་མ་ཟད། བྷག་བྷོ་ཕམ་ཉེས་འཛིན་བཟུང་བྱས་པ་དང་། ལྷག་པར་དུ་སྲིད་འཛིན་གསར་པའི་གཏམ་བཤད་ནང་། བྷག་བྷོ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་བསྐྱལ་རྒྱུ་ཡིན་ལུགས་བརྗོད་པ་དེ་དག་གིས་མི་མང་ལ་བློ་འགྱུར་ཆེན་པོ་བྱུང་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༦ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 1

  1. ནོར་འཛིན་དོན་འགྲུབ། says:
    ལོ་ 15 སྔོན།

    ད་དངོས་ནས་དོ་སྣང་སྤྲོད་དགོས་པའི་གནས་ཚུལ་ཞིག་བྱུང་འདུག་་་་་་་་་་་་་་་་་
    ་
    འབྱུང་འགྱུར་བོད་ཀྱི་སྲིང་དབང་འདི་དེ་ལྟར་བུར་མ་འགྱུར་བ་ཤོག་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese