མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྨྱོ་ཧམ་ལ་གདོང་ལེན།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་ཉི་ཧོང་། རྒྱ་གར་གསུམ་གྱིས་ད་ལྟའི་རྒྱ་ནག་གི་སྨྱོ་ཧམ་ལ་གདོང་ལེན་བྱས་ཏེ། ཨེ་ཤ་ཡའི་མངའ་ཁུལ་གྱི་བདེ་འཇགས་ཐད་མཉམ་འབྲེལ་ནུས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཉི་ཧོང་ཕྱི་སྲིད་བློན་ཆེན་གཞོན་པ་ཁེ་ནེ་ཆོ་རའོ་ས་སའེ(Kenichiro Sasae)དང་། རྒྱ་གར་ཕྱི་སྲིད་བློན་ཆེན་གཞོན་པ་(Nirupama Rao) བཅས་ཀྱིས་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་མོལ་སྐབས། ཉི་ཧོང་དང་ཨ་རི། རྒྱ་གར་གསུམ་གྱི་མཉམ་འབྲེལ་ཐད་གྲོས་ཆོད་ཅིག་བཞག་ཡོད་ཅིང་། ཕྱི་ཚེས་ ༡༠ ཉིན་ཉི་ཧོང་སྤྱི་འབྲེལ་གསར་ཁང་གིས་གཞུང་ཕྱོགས་ཀྱི་མི་སྣའི་སྐད་ཆ་ལུང་འདྲེན་བྱས་ཡོད་པའི་ནང་། ཉི་ཧོང་དང་ཨ་རི། རྒྱ་གར་གསུམ་གྱི་མཉམ་འབྲེལ་གྲོས་ཆོད་ཀྱི་ནང་དོན་གཙོ་བོ་དམག་དོན་དང་དཔལ་འབྱོར་སོགས་མགྱོགས་མྱུར་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་དམག་དོན་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་དབྱེ་ཞིབ་དང་གདོང་ལེན་བྱ་ཆེད། མ་འོངས་པར་རྒྱ་ཁབ་གསུམ་གྱིས་གྲོས་ཆོད་དེའི་རྨང་གཞིའི་ཐོག ཨེ་ཤ་ཡའི་མངའ་ཁུལ་གྱི་བདེ་འཇགས་ལས་དོན་ཐད་མཉམ་འབྲེལ་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་ཡིན་ཚུལ་བརྗོད་འདུག     

མ་གཞི་ཨེ་ཤ་ཡའི་མངའ་ཁུལ་གྱི་བདེ་འཇགས་ཐད་ཨ་རི་དང་ཉི་ཧོང་། རྒྱ་གར་གསུམ་མཉམ་འབྲེལ་གྱི་འཐབ་ཇུས་ལངས་ཕྱོགས་འཛིན་རྒྱུ་དེར་རྒྱ་གར་གྱི་ངོས་ནས་དེ་ཙམ་འདོད་མོས་བྱེད་ཀྱི་མེད་ཀྱང་། ཉེ་བའི་ལོ་འགའི་ནང་རྒྱ་ནག་གིས་མ་དངུལ་འབོར་ཆེན་བཏང་སྟེ། མངོན་གསལ་དོད་པོ་མིན་པའི་ཐོག་དམག་དོན་རྒྱ་བསྐྱེད་དང་། ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དང་མཐའ་འཁོར་རྒྱལ་མཚམས་ཁག་གི་བདག་དབང་ཐད་རང་སྣང་གང་དྲན་གྱིས་ཧམ་བཤད་དང་རྒྱལ་ཁབ་མང་པོར་སུན་གཙེར་ཡང་ཡང་བཟོས་ཏེ། ཨེ་ཤ་ཡའི་མངའ་ཁུལ་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོར་བློ་འཚབ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ལ་གཡོ་འགུལ་སློང་བསླངས་ཡོད་པར་བརྟེན། ཐེངས་འདིར་རྒྱ་གར་གྱིས་གྲོས་གཞི་བཏོན་ཏེ་ཨ་རི་དང་ཉི་ཧོང་། རྒྱ་གར་གསུམ་མཉམ་འབྲེལ་ཐད་གྲོས་ཆོད་བཞག་པ་ཞིག་ཡིན་འདུག 

དེ་བཞིན་ཕྱི་ཚེས་ ༧ ཉིན་ཨ་རིའི་མཚོ་ཐོག་དམག་སྤྱི་ཝེ་ལེར་ཌི་(Robert Willard) ལགས་ཀྱིས་ནེའུ་ཡོག་བཟོ་སྐྲུན་སློབ་ཆེན་ནང་། རྒྱ་ནག་གི་དམག་དོན་རྒྱ་བསྐྱེད་སྐོར་ལ་གསལ་བཤད་ཅིག་བྱས་སྐབས། རྒྱ་ནག་གིས་གསང་བའི་ཐོག་མས་མི་རྣམས་ཀྱི་བློ་ཡུད་ལས་འདས་པའི་དམག་དོན་རྒྱ་བསྐྱེད་བྱས་ཡོད་པ་མ་ཟད། འདས་པའི་ལོ་འགའི་རིང་རྒྱལ་སྤྱིའི་སྒང་སྟོན་བཞིན་པའི་རྣམ་འགྱུར་ངན་པ་དེས། མཐའ་འབྲེལ་རྒྱལ་ཁབ་ཚང་མར་བློ་འཚབ་བསླངས་ཡོད་ལ། ཨེ་ཤ་ཡའི་མངའ་ཁུལ་གྱི་བདེ་འཇགས་ལ་གནོད་གཞི་གཙོ་བོ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཡིན་ལ། རྒྱ་ནག་ནི་བྱང་ཀོ་རི་ཡའི་མཛའ་འབྲེལ་རྒྱལ་ཁབ་གཙོ་བོ་དེ་ཡིན་སྟབས།  བྱང་ཀོ་རི་ཡའི་བྱ་སྤྱོད་མཐའ་དག་ཐག་གཅོད་ཐུབ་མིན་གྱི་གཞི་རྩ་དེའང་རྒྱ་ནག་ཆགས་ཡོད། ཉེ་སྔོན་ཨ་རིའི་རྒྱལ་སྲུང་བློན་ཆེན་གྷེ་ཚི་ ( Robert Gates) ལགས་ཀྱིས་འཛམ་གླིང་གི་རྡུལ་མཚོན་འཐབ་ཇུས་དང་། དྲ་བའི་ལག་རྩལ། མཁའ་ཐོག་གི་ལག་རྩལ་སོགས་ཀྱི་ཐད་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་གླེང་མོལ་བྱ་འདུན་ཡོད་སྐོར་སྔ་རྗེས་ཐེངས་གཉིས་ལ་བརྗོད་ཀྱང་། རྒྱ་ནག་གིས་བསམ་བློ་གཏོང་དགོས་ཚུལ་གྱིས་ནར་འགྱངས་བྱས་ཏེ་མཉམ་འབྲེལ་བྱས་མེད། དེར་བརྟེན། ཨ་རིའི་ཕྱོགས་ནས་རྒྱ་ནག་གིས་དྲ་རྒྱ་དང་མཁའ་ཐོག་གི་ལག་རྩལ་སོགས་འཛམ་གླིང་བདེ་འཇགས་ཁྱབ་ཁོངས་ཀྱི་འབྲེལ་ལམ་ཐད། སྔར་གྱི་རྣམ་འགྱུར་ལ་བཅོས་བསྒྱུར་བྱས་ཏེ་འགན་ལེན་ཡོད་པའི་རྒྱལ་ཁབ་ཅིག་གི་རྣམ་པ་གསལ་བོ་སྟོན་རྒྱུར་རེ་བ་ཡོད་ཅེས་བརྗོད་ཡོད།  

གཞན་ཡང་། དམག་སྤྱི་ཝེ་ལེར་ཌི་ལགས་ཀྱིས་རྒྱ་གར་ནི་མི་གྲངས་ཆེས་མང་བའི་དམངས་གཙོའི་རྒྱལ་ཁབ་ཅིག་དང་།   དཔལ་འབྱོར་ཡར་རྒྱས་དང་ལྷོ་ཤར་ཨེ་ཤ་ཡའི་ནང་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་ཡིན་ལ། ཨ་རི་དང་རྒྱ་གར་བར་སྔར་ནས་མཛའ་འབྲེལ་ཞིག་གནས་ཡོད་པས།  མ་འོངས་པར་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་།  ཨ་རིའི་ངོས་ནས་སྔར་ལས་ལྷག་པར་ཨོ་སི་ཊོ་ལི་ཡ་དང་ཉི་ཧོང་། ལྷོ་ཀོ་རི་ཡ། ཧྥེ་ལི་པེན། ཐེ་ལན་ཌི་སོགས་དང་མཉམ་འབྲེལ་གྱིས་ཨེ་ཤ་ཡའི་མངའ་ཁུལ་གྱི་ཞི་བདེ་ལས་དོན་ཐད། སྔར་ལས་ལྷག་པར་མཉམ་ཞུགས་བྱས་ཏེ་ཉེན་ཚབས་ལ་གདོང་ལེན་དང་། ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་ཆེད་ནུས་པ་གང་ཡོད་འདོན་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese