མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་བསྲུང་ན་རྒྱ་ནག་ལ་གནོན་ཤུཊ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ་ཚོར་ཆེད་དམིགས་ཀྱིས་ཉིན་འདི་འགའི་མདོ་སྨད་རྔ་པ་ཁུལ་གྱི་ཛ་དྲག་གི་གནས་སྟངས་སྐོར་ལ་བོད་དབྱིན་གཉིས་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ཤོད་རྒྱ་གར་འཚིག་ཇ་གསོལ་ཁང་ (Indian coffee house) ཞེས་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཚོགས་པ་ལྔ་ཐུན་མོང་ཐོག་ཛ་དྲག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གལ་བསྒྲགས་སྒྲོག་སྦྱོང་གནང་སོང་།

གསལ་བསྒྲགས་ནང་བཀོད་དོན། ༡༩༤༩ ལོར་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་གཏོར་བཤིག་དང་དམར་གསོད། བཀག་སྡོམ་བཅས་ཀྱི་སྲིད་ཇུས་རིམ་པར་སྤེལ་ཡོད་ལ། ༢༠༠༨ ལོར་བོད་རིགས་མང་ཚོགས་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་ངོ་རྒོལ་བྱས་པར། རྒྱ་གཞུང་གིས་ཉིན་དང་ཟླ་བསྟུད་དེ་དམར་གསོད་དང་ཁྲིམས་ཐག་སྣ་ཚོགས་བཅད་ཡོད། བོད་མདོ་སྨད་རྔ་པ་ཁུལ་དུ་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་བྱས་ཏེ། མི་ལོ་ཧྲིལ་པོ་ ༣ འཁོར་བའི་དུས་དྲན་སྟེ། འདི་ལོའི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་གྱི་རྒྱལ་གཅེས་དཔའ་པོ་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར། རྒྱ་དམག་གིས་ཁོང་མྱུར་སྐྱོབ་བྱ་རྒྱུའི་ཚབ་ཏུ་ཉེས་རྡུང་ཚབས་ཆེན་བཏང་སྟབས། མཐར་ལོ་ན་ ༢༠ ཙམ་སོན་པའི་གྲྭ་ཕུན་ཚོགས་ལགས་འདས་གྲོངས་སུ་ཕྱིན་ཡོད། ཅེས་བསྟན་འདུག

གསལ་བསྒྲགས་དེར་མུ་མཐུད་དོན། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ནས་ཕྱི་ཟླ་ ༤ ཚེས་ ༣ ཉིན་བར་ཉིན་གྲངས་ ༢༢ ཙམ་རིང་། རྒྱལ་གཅེས་དཔའ་པོ་ཕུན་ཚོགས་ལགས་དང་བུ་ལྷུག་ལགས། འཇམ་དབྱངས་སྦྱིན་པ་བཅས་སྔ་རྗེས་སུ་རྒྱ་གཞུང་གི་བཙན་གནོན་འོག་འདས་གྲོངས་སུ་སོང་ཡོད། ཕུན་ཚོགས་ལགས་ཀྱིས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་སྟབས། རྒྱ་གཞུང་ཁ་སྐྱེངས་ཏེ་ཀིརྟི་དགོན་དུ་ཆོས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པར་བཟོས་ཡོད། རྒྱལ་གཅེས་ཆོས་གཅེས་སློབ་གསོའི་ལས་འགུལ་ཟེར་བར་ཁ་གཡར་ནས། དགོན་པའི་ཕྱི་རུ་སོ་ཕག་ར་བ་བརྒྱབ་པ་དང་། ཕྱོགས་བཞིའི་སྒོ་ཆེན་ཁག་ལ་སྒོ་ལྕགས་བརྒྱབ་སྟེ། དགེ་འདུན་པ་ཚོ་ཕྱི་རོལ་དུ་སོང་མི་ཆོག་ཅིང་མང་ཚོགས་ཀྱང་དགོན་པར་འགྲོ་མཚམས་བཅད་ཡོད་སྟབས། ད་ལྟ་དགེ་འདུན་པ་ཚོ་ལྟོགས་སྐོམ་གྱི་སྡུག་བསྔལ་འོག་ལྷུང་ཡོད་ལ། ཞི་བདེ་དང་ནང་ཆོས་སློབ་གཉེར་བྱ་ཡུལ་ཀིརྟི་དགོན་པའང་ངལ་རྩོལ་བསྒྱུར་བཀོད་གྱི་བཙོན་ར་ཞིག་ཏུ་བསྒྱུར་ཡོད། ཅེས་སྒྲོག་སྦྱོང་གནང་སོང་།

གསལ་བསྒྲགས་ཀྱི་མཇུག་ཏུ། ཀིརྟི་དགོན་གྱི་རང་ལོ་ ༡༨ ནས་ ༤༠ བར་གྱི་དགེ་འདུན་པ་ཚོ་ས་གནས་གཞན་དུ་སློབ་སྦྱོང་ལ་ཁ་གཡར་ཏེ་བཙན་ཁྲིད་བྱ་འཆར་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་མང་ཚོགས་ཀྱིས་དགེ་འདུན་པར་སྲུང་སྐྱོབ་བྱ་ཆེད་རྒྱ་དམག་དགོན་ནང་དུ་འཛུལ་རྒྱུར་བཀག་འགོག་བྱས་པར། རྒྱ་དམག་གིས་མང་ཚོགས་ལ་གཅར་རྡུང་དྲག་པོ་བཏང་འདུག་ལ། སྐབས་དེར་མང་ཚོགས་ལ་ཁྱིས་རྨུག་ཏུ་འཇུག་པ་སོགས་ནི། དུས་རབས་ ༢༡ ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་ཀླ་ཀློའི་བྱ་སྤྱོད་ཅིག་ཡིན་ལ། རྒྱ་ནག་གིས་ “བཅིངས་འགྲོལ” ཟེར་བ་དེ་བཙན་འཛུལ་དང་ཀླ་ཀློའི་བྱ་སྤྱོད་རྗེན་པར་བསྟན་པ་ར་སྤྲོད་བྱུང་ཡོད། ཅེས་དང་།  

གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། གལ་སྲིད་རྒྱལ་ཚོགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་ཁ་བཤད་དོན་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཚེ་སྲོག་ལ་གཅེས་སྤྲས་བྱ་རྒྱུའི་ཆོད་སེམས་ཡོད་ན། ད་ལྟའི་བོད་མདོ་སྨད་རྔ་པ་ཁུལ་གྱི་ཛ་དྲག་གནས་སྟངས་འཕྲལ་དུ་མཚམས་འཇོག་ཡོང་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས། ཞེས་འབོད་ཞུས་སོང་།

མཇུག་ཏུ་གསར་འགོད་པས་མ་འོངས་པར་ཚོགས་པ་ཁག་གིས་ལས་འགུལ་སོགས་སྤེལ་རྩིས་ཡོད་མེད་དྲིས་པར་ཚེ་དབང་རིག་འཛིན་ལགས་གྱིས། ང་ཚོ་ལ་ངེས་པར་དུ་གྲ་སྒྲིག་དགོས་པ་རེད། ༢༠༠༨ ལོར་བོད་ཁྱོན་ཡོངས་སུ་གནས་ཚུལ་བྱུང་ཡོད་ལ། ཐེངས་འདིར་རྔ་པ་ཁུལ་དུ་གནས་ཚུལ་ཆེན་པོ་ཞིག་བྱུང་བ་རེད། ང་ཚོས་རྒྱུན་དུ་བོད་མི་ས་ཡ་དྲུག་གི་རྩ་དོན་ཆེད་ལས་འགུལ་སྤེལ་གྱིན་ཡོད་དུས། བོད་ནང་གི་གནས་ཚུལ་དངོས་ལ་ཞིབ་འཇུག་བྱས་ཏེ་གཞུང་ཚབ་ཁག་ལ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

 

                                                                                                            གསར་འགོད་པ་། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༣ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 1

  1. གནས་ཚང་། says:
    ལོ་ 15 སྔོན།

    ཡག་པོ་འདུག ལས་འགུལ་འདི་ལྟར་ཆུང་ས་ནས་ཆེ་སར་སྤེལ་ན་ནུས་པ་ཐོན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese