མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་གཏན་འཁེལ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣༡ ནས་ ༢༠༡༢ ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༡༠ པར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པ་དེ་གནང་རྒྱུ་ཡིན་འདུག 

ཉེ་ཆར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་དང་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་། དགེ་ལུགས་སྨོན་ལམ་ཚོགས་ཆུང་གསུམ་གཙོས་པའི་རང་རིགས་དད་ལྡན་པ་དང་ཕྱི་རྒྱལ་མི་སྣ་བཅས་ཀྱིས་༸གོང་ས་མཆོག་ལ་འདི་ལོའི་ལོ་མཇུག་ཏུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུའི་གསོལ་འདེབས་གནང་བ་ལྟར། ༸གོང་ས་མཆོག་གིས་ཞལ་བཞེས་ཐོབ་སྟེ། འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣༡ ནས་ལོ་རྗེས་མའི་ཕྱི་ཟླ་ ༡ པོའི་ཚེས་ ༡༠ བར་གནས་མཆོག་རྡོ་རྗེ་གནད་དུ་དུས་འཁོར་དབང་ཆེན་ཐེངས་སོ་གཉིས་པ་དེ་གནང་གཏན་འཁེལ་ཡོད་འདུག

ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ལས་རིམ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡ ཉིན་དང་ ༢ ཉིན་གཉིས་རིང་ས་ཆོག་དང་། ཚེས་ ༣ ཉིན་ནས་ ༥ བར་སྔོན་འགྲོའི་གསུང་ཆོས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་གནང་རྒྱུ་དང་། དེ་ནས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་བཅས་ཀྱི་བཀའ་དབང་བསྩལ་འཆར་ཡོད་པ་པ་དང་། ཕྱི་ཚེས་ ༦ ཉིན་མཆོད་གར་དང་། ཕྱི་ཚེས་ ༧ ཉིན་སྟ་གོན། ཕྱི་ཚེས་ ༨ ནས་ ༩ ཉིན་གྱི་ཉིན་གཉིས་རིང་བཀའ་དབང་དངོས་གཞི། ཕྱི་ཚེས་ ༡༠ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་བཅས་ཀྱི་ལས་རིམ་བསྒྲིགས་འདུག  

 

ཁ་སང་ཕྱི་ཚེས་ ༡༣ ཉིན་འདི་གའི་གསར་འགོད་པའི་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་ཐེངས་འདིའི་དུས་འཁོར་དབང་ཆེན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གི་ཐད་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ང་ཚོའི་ངོས་ནས་འདི་ལོའི་ཝར་ནའི་གསུང་ཆོས་ཀྱི་སྐབས་སུ་༸གོང་ས་མཆོག་གིས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་འཆར་ཡོད་པའི་བཀའ་སློབ་དང་། ༢༠༠༦ ལོར་དཔལ་ལྡན་འབྲས་སྤུངས་དུ་དུས་འཁོར་དབང་ཆེན་གནང་བ་ནས་ད་ལྟའི་བར་ལོ་གང་འཚམ་ཞིག་ལ་དུས་འཁོར་དབང་ཆེན་གནང་རྒྱུའི་གོ་སྐབས་བྱུང་མེད་སྟབས། ཐེངས་འདིར་ཨ་རི་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གིས་ཐེངས་མང་པོར་སྙན་སེང་ཞུས་ཡོད་པ་དང་། གཞན་དད་ལྡན་སྦྱིན་བདག་ཉི་ཤུ་རྩ་གྲངས་ཤིག་གིས་སྙན་སེང་ཞུས་པའི་གྲས་སུ་ང་ཚོ་དམིགས་བསལ་༸གོང་ས་མཆོག་གི་སྐུ་བཅར་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་ཡིན་པ་དང་། རྡོ་རྗེ་གདན་དུ་ང་ཚོའི་ཡན་ལག་ལྟ་བུའི་གྲྭ་ཚང་ཡོད་པ་བཅས་ལ་བརྟེན་ཏེ། ༸གོང་ས་མཆོག་གི་བཞུགས་གནས་སོགས་ཕྱོགས་མང་པོ་ཞིག་ལ་མཐུན་འགྱུར་ཞུ་ཐུབ་པར་དམིགས་ཏེ། ཐེངས་འདིའི་སྦྱིན་བདག་གི་གྲས་སུ་ཞུགས་པ་ཡིན།

ད་ལྟའི་ཆར་སྤྱི་ཡོངས་ཀྱི་གོ་སྒྲིག་འདི་འདྲ་རེད་ཅེས་བཤད་དཀའ་ཡང་། ཉེ་ཆར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཐོག་མར་ཨ་རུ་ནཱ་ཅལ་རང་དུ་དུས་འཁོར་དབང་ཆེན་གྱི་གྲྭ་སྒྲིག་ཚོགས་ཆུང་ཞིག་བཙུགས་ཏེ་ཁོང་ཚོ་རང་གིས་གོ་སྒྲིག་ཞུ་རྒྱུར་གྲ་སྒྲིག་ཅིག་བྱས་ཡོད་པ་འདྲ། ཁས་ཉིན་ང་ཚོའི་གྲྭ་ཚང་དང་དགེ་ལུགས་སྨོན་ལམ་ཚོགས་ཆུང་། གཞན་པའི་སྦྱིན་བདག་ཁག་བཅས་ཀྱིས་ཀྱང་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ཏེ་ཉིན་གཉིས་རིང་ཚོགས་འདུ་ཚོགས་པ་ཡིན། སྐབས་དེར་ང་ཚོས་སྦྱིན་བདག་གཙོ་བོ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ལས་གཞན་པའི་སྨོན་ལམ་ཚོགས་ཆུང་གི་ངོས་ནས་གདན་ས་གསུམ་གཙོས་པའི་བཙུན་མ་བཅས་ལ་དུས་འཁོར་དབང་ཆེན་སྐབས་གསོལ་ཇ་སོགས་གོ་སྒྲིག་གནང་རྒྱུ་དང་། ང་ཚོ་རྣམ་རྒྱལ་གྲྭ་ཚང་གི་ངོས་ནས་སྔོན་མ་ནས་དུས་འཁོར་དབང་ཆེན་ཁག་གི་དཀྱིལ་འཁོར་བཞེངས་རྒྱུ་དང་བསྒྲུབ་རྒྱུ་བཅས་སུ་སྐུ་འདུན་ལ་ཞབས་ཞུ་སྒྲུབ་བཞིན་པ་ལྟར། ཐེངས་འདིའི་དུས་འཁོར་དབང་ཆེན་སྐབས་ཀྱང་ལས་དོན་དེ་རིགས་ང་ཚོས་འགན་ལེན་བྱས་པ་ཡིན།  

དེ་ལས་གཞན། ད་ལྟའི་ཆར་དུས་འཁོར་དབང་ཆེན་གྱི་དུས་ཚེས་དང་ས་གནས་གཏན་འཁེལ་བ་ལས་སྤྱི་ཡོངས་ཀྱི་གོ་སྒྲིག་ཞུ་ཕྱོགས་ཞིབ་ཚགས་ཀྱིས་བཤད་ཁག་པོ་ཞིག་རེད། ཕྱི་ཟླ་ ༥ བའི་ཚེས་ ༡ ཉིན་བཞུགས་སྒར་དུ་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ཚང་མ་མཉམ་འཛོམས་ཀྱིས་གྲོས་བསྡུར་ཞིག་བྱ་འཆར་ཡོད་པ་རེད། སྐབས་དེར་མཛད་རིམ་ཞིབ་རྒྱས་འཆར་འགོད་དང་། ཆོས་ཞུ་བ་སོགས་སྤྱི་ཡོངས་ཀྱི་བདེ་འཇགས། ལྷག་པར་དུ་༸གོང་ས་མཆོག་སྐུ་གི་སྐུའི་བདེ་འཇགས་སོགས་ང་ཚོ་རྣམ་རྒྱལ་གྲྭ་ཚང་གི་གནང་འཆར་ཡོད་ལ། མངའ་སྡེ་བློན་ཆེན་ཁོ་རང་གི་ངོས་ནས་ཀྱང་ཐེངས་འདིའི་དུས་དབང་གི་སྐབས་སུ་གང་ཐུབ་གནང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། དོན་དག་གཞན་པ་ཞིག་ལ། མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གི་རེ་འདོད་ལྟར། ཐེངས་འདིའི་དུས་དབང་གི་སྐབས་ཆོས་བརྒྱུད་རིས་མེད་ཀྱི་སྨོན་ལམ་ཚོགས་གཏན་འཁེལ་ཡོད། ཅེས་གསུངས་སོང་།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༡ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

མཆན། 9

  1. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ང་ཡི་ཨ་མ་གཙོ་བྱས་ཕ་ཡུལ་ཀྱི་དད་ལྡན་ཆོས་ཞུ་བ་ཡོངས་ཀྱི་རེ་བ་ལྟར་༧རྒྱལ་བ་ཡིད་བཞིན་ནོར་བུའི་ཞལ་མཇལ་གསུང་ཐོས་པའི་སྐལ་བཟང་འཆར་བར་ཤོག། ལམ་ལ་བར་ཆད་མི་ཡོང་བར་ཤོག།

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་གི་དཀའ་དྲིན་རྩལ་གནང་བ་དེ་ནི་དེང་གི་སྤྱི་ཚོགས་ཟང་ཟིང་དང་རང་བྱུང་ཚོད་ཚེ་རྫོགས་རྒྱུ་མེད་པ་ཡོད་པའི་སྐབས་ལ་དུས་ཐོག་གི་ཆར་པ་རང་རེད།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་དང་འཇམ་དབྱངས་མི་ཡི་རྣམ་རོལ་ས་སྐྱ་གོང་མ་གཉིས་སྐུ་ཚེ་སྐལ་བརྒྱར་གནས་འགྱུར་ཅིག །

    Reply
  3. ཀརྨ་རྣམ་རྒྱལ། says:
    ལོ་ 15 སྔོན།

    ༧གོང་ས་ཡིད་བཞིན་ནོར་བུ་སྐུ་ཚེ་བསྐལ་བརྒྱར་བསྟན་ཅིང་མཛད་འཕྲིན་ཉི་ཟླ་ལྟར་ཡོང་བའི་སྨོན་འདུན་ཞུ།

    Reply
  4. མི་རབས་གསར་པ་ says:
    ལོ་ 15 སྔོན།

    ངོ་མ་གཏམ་བཟང་རེད། བར་ཆད་མེད་པར་ལེགས་འགྲུབ་ཡོང་བར་སྨོན།

    Reply
  5. སྟོང་བཙན་མགར་བུ། says:
    ལོ་ 15 སྔོན།

    ༸གོང་ས༸རྒྱལ་བའི་དབང་བོའི་སྐུ་ཚེ་བསྐལ་བརྒྱར་ཅིང་ཚེ་རབས་ནས་ཚེ་རབས་ཐམས་
    ཅད་དུ་རྗེས་སུ་འཛིན་པར་སྨོན་ལམ་འདེབས།
    ལྷག་པར་དུ།་་་་ང་ཚོ་བོད་མི་རིགས་གཙོ་བྱས་འཛམ་གླིང་མི་རིགས་སྟོང་ཕྲག་མང་པོ་ཞིག་གིས་༸གོང་ས་མཆོག་གི་བཀའ་ལུང་དབང་གསུམ་ལ་ཉན་པར་སྤྲོ་དགའི་ཐལ་མོ་སྦྱར་ཏེ་ཉི་མ་རེ་རེ་དང་སྐར་ཆ་རེ་རེལའང་འབྲེལ་འདོད་མེད་ནའང།

    ཁ་སྟོང་ནང་གི་ཚིག་སྟོང་བརྗོད་མཁན་ཁ་ཤས་ཞིག་དེ་ལས་ལྡོག་སྟེ་རང་སྐྱ་ཕེར་བར་སྡད་ཡོད་མདོག་གིས་ཕུག་མེད་པ༷འི་ལྟ་བ་དང། རྩ་བ་རུལ་བའི་སྡོང་སྐམ་བཞིན་འཚེ་བའི་ར་ལག་ཕྱོགས་བཞིར་བརྐྱངས་ཡོད་ཀྱང། མི་འདིའི་རིགས་ནི་ང་ཚོ་བོད་ཀྱི་གཏམ་དཔེར། ཁྱི་རྒྱག་ནམ་མཁའི་སྐར་མར་ཟུག་ཞེས་པའི་དཔེ་བཞིན་ལགས་པས། ཁྱི་འདིའི་རིགས་ཀྱིས་མཆེ་གཙིགས་བྱེད་ས་ནི་རང་གི་བདག་པོ་ཁོ་ན་རང་རེད།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ངོ་མ་གཏམ་བཟང་རེད། བར་ཆད་མེད་པར་ལེགས་འགྲུབ་ཡོང་བར་སྨོན།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །

    Reply
  8. མངའ་རིས་བུ། says:
    ལོ་ 15 སྔོན།

    འོ་ཡག་པོ་བྱུང།
    བོད་མི་རིགས་འདི་བཀའ་ལུང་དང་དབང་གིས་ཚོས་པ་ཞིག་བྱས་ནས་བྱང་ཆུབ་སེམས་དཔའ་ཞིག་བཟོ་ཐུབ་ན་བོད་རང་བཙན་དབུ་མའི་ལམ་གྱི་ལྟ་བ་མཐར་ཐུག་རྟོགས་པ་སོགས་ཀྱིས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་རྟོགས་ནས་མཐར་སངས་རྒྱས་ནས་རྒྱ་མི་དེ་ཚོ་བོད་ཡུལ་དུ་སྐྱིད་ཉལ་རྒྱབ་ཆོག་གི་རེད།

    Reply
  9. གནས་ཚང་། says:
    ལོ་ 15 སྔོན།

    དཔེ་ཡག་སོང་། གུས་པར་མཚོན་ན། སྒྲ་སྡུད་འཁོར་ལོ་ལས་བཀའ་ཆོས་ཉན་ཐུབ་པ་དང་། པཱ་ལེ་ཚོང་བྲིན་པོ་བྱུང་རྒྱུ་ཡིན་པས། སྐལ་བ་གཉིས་ལྡན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese