མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་ཁྲོའི་གནས་སྐབས་སུ་ཕྱོགས་ལྷུང་གི་བསམ་བློ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

དངུལ་ལ་མཐའ་གཅིག་ཏུ་བློ་གཏད་པ་ཡིན་ན་རང་ཉིད་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པས། བྱམས་དང་བརྩེ་བར་གཞི་བཅོལ་བའི་བདེ་སྐྱིད་འཚོ་བ་ཞིག་སྐྱེལ་ཐབས་ལ་འབད་དགོས། ཞེས་༧གོང་ས་མཆོག་གིས་གསུངས་ཡོད།

ཨར་ལན་ཌི་བྱིས་པའི་ཐེབས་རྩ་ཁང་གཙོས་པའི་ཚོགས་པ་ཁག་གསུམ་ཐུན་མོང་གི་གདན་ཞུ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་ཡུ་རོབ་ཨར་ལན་ཌིའི་གྲོང་ཁྱེར་ཌོབ་ལིན་ Dublin  དུ་འཚོགས་བཞིན་པའི་༼ ༢༠༡༡ ལོའི་བསྒྱུར་བཅོས་ཀྱི་གོ་སྐབས་ ༽ཞེས་པའི་ཚོགས་འདུའི་སྟེང་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཡུལ་དེའི་སྲིད་འཛིན་ཟུར་བ་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་ཟུར་པ་ལྕམ་མེ་རི་རོ་བྷིན་སན་ Mary Robinson ལགས་གཙོས་པའི་ས་གནས་མང་ཚོགས་ ༢༠༠༠ ལྷག་ལ་བཀའ་སློབ་བསྩལ་ཡོད་འདུག

 སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། དེང་སང་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་འགྲོ་བ་མིས་བཟོས་པ་ཞིག་རེད། གལ་སྲིད། ང་ཚོས་འགྲོ་བ་མི་ཁོ་ན་ཙམ་མིན་པར་འཛམ་གླིང་སྟེང་འཚོ་གནས་བྱེད་བཞིན་པའི་སྲོག་ཆགས་གཞན་ལའང་གཅེས་སྐྱོང་བྱ་ཐུབ་ཚེ། མི་གཞན་ལ་འཛིན་པའི་བརྩེ་བའི་བསམ་པ་ཤུགས་ཆེ་རུ་འགྲོ་བ་རེད། དུས་རབས་འདི་མི་གསོད་ཁྲག་སྦྱོར་དང་ཞི་བདེའི་དུས་རབས་ཤིག་བསྐྲུན་ཐུབ་མིན་ནི་གཙོ་བོ་གཞོན་སྐྱེས་ཚོར་རག་ལས་ཡོད་སྟབས། གཞོན་སྐྱེས་ཚོའི་ཕྲག་སྟེང་དུ་ལས་འགན་ཆེན་པོ་ཞིག་བབས་ཡོད་པ་རེད། ད་བར་འཛམ་གླིང་ཐོག་འཁྲུག་རྩོད་ཀྱིས་རྐྱེན་པས་མི་མང་ས་ཡ་མང་པོ་དམར་གསོད་བྱས་ཡོད།  དུས་རབས་ ༢༡ འདི་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་རྒྱུུ་ནི་རྒྱུ་མཚན་ལྡན་པའི་ཐབས་ལམ་གཅིག་པུ་དེ་རེད། ཅེས་གསུངས་འདུག

ཁོང་གིས་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་ཐབས་སྐོར་ལ། དངུལ་གྱིས་མིའི་སེམས་ལ་བདེ་སྐྱིད་བསྐྲུན་ཐུབ་ཐབས་ཡོད་པ་མ་རེད། སྒོར་མོ་དུང་ཕྱུར་བརྒལ་བའི་འབྱོར་ལྡན་ཚོའི་སེམས་ལའང་ཞི་བདེ་ཡིས་ཕོངས་སྡོད་མཁན་མང་པོ་ཡོད། ཁོང་ཚོར་དབང་ཤུགས་ཆེན་པོ་ཡོད་ཀྱང་སེམས་ཀྱི་གཏིང་ལ་སེམས་ཁྲལ་དང་དངངས་འཚབ་ཀྱིས་ཁེངས་བསྡད་ཡོད། བདེ་སྐྱིད་བསྐྲུན་རྒྱུ་ནི་མཐར་ཐུག་ན་རང་རང་གི་ལག་ཏུ་ཡོད་པ་ཞིག་རེད། ངོས་ཀྱིས་དངུལ་གྱི་འགྲོ་སྟངས་སྐོར་དེ་ཙམ་ཤེས་ཀྱི་མེད་ཀྱང་། ངོས་ཀྱི་གྲོགས་པོ་ཚོས་བརྗོད་ན། འཛམ་གླིང་ནང་དཔལ་འབྱོར་གྱི་དཀའ་ངལ་ Global Recession འཕྲད་བཞིན་པའི་རྒྱུ་རྐྱེན་གཙོ་བོ། ཕུགས་རྒྱང་རིང་པོའི་བསམ་བློ་མེད་པ་དང་འགྲོ་བ་མིའི་འདོད་རྔམ་ལས་བྱུང་བ་ཞིག་རེད་ཟེར་གྱི་འདུག ཅེས་གསུངས།

ཡང་༧གོང་ས་མཆོག་གིས་འཚོ་བའི་དཀའ་སྡུག་ལ་གདོང་ལེན་བྱེད་ཕྱོགས་སྐོར་བཀའ་གནང་དོན། དངུལ་ལ་མཐའ་གཅིག་ཏུ་བློ་གཏད་པ་ཡིན་ན་རང་ཉིད་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པས། བྱམས་དང་བརྩེ་བར་གཞི་བཅོལ་བའི་བདེ་སྐྱིད་འཚོ་བ་ཞིག་སྐྱེལ་ཐབས་ལ་འབད་དགོས། ཨར་ལན་ཌིའི་ཡུལ་འདིར་ཡང་འཛམ་གླིང་སྤྱི་མཚུངས་ལྟར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཡོད་ཀྱང་། ཁྱོད་ཚོ་སེམས་ཤུགས་མ་ཆག་པར་མུ་མཐུད་བྱ་བཞག་ཐོག་དཀའ་ལས་རྒྱག་དགོས། བཟོད་བསྲན་བྱ་རྒྱུ་ནི་དྲན་པ་བརྗེད་དགོས་པའི་དོན་མིན་པར་ནོར་འཁྲུལ་བཟོ་མཁན་ཚོར་སྐྱོན་བརྗོད་དགོས་པ་ཞིག་ཡིན། ཡིན་ནའང་། ཁོང་ཁྲོ་ལངས་ན་འགྲིག་གི་མེད། ཁོང་ཁྲོའི་གནས་སྐབས་སུ་ཕྱོགས་ལྷུང་གི་བསམ་བློ་དེ་རང་བཞིན་གྱིས་སླེབ་ཡོང་གི་ཡོད། ཅེས་གསུངས།

སྐབས་དེར་༧གོང་ས་མཆོག་གིས་ཡུལ་དེར་གནས་སྡོད་བོད་རིགས་མང་ཚོགས་ལ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་ཐོག་དམིགས་བསལ་བཀའ་སློབ་ཞིག་གནང་ཡོད་ལ། དེའི་རྗེས་༧གོང་ས་མཆོག་བྷི་རི་གི་ཌི་ཡུ་ཤུའི་ལྷ་ཁང་ St Brigid`s Parish Church ཞེས་པར་ཕེབས་ཏེ། ས་གནས་མང་ཚོགས་ ༧༠༠ ལྷག་ལ་ ༼བྱམས་བརྩེའི་བསམ་བློ་༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་འདུག དེ་བཞིན། མ་འོངས་པའི་ཉིན་ཤས་ནང་སི་ཌན་དང་ཌན་མག་རྒྱལ་ཁབ་བཅས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་མུ་མཐུད་བསྐྱང་རྒྱུ་ཡིན་པ་རེད།

                                                                                                                     གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

སྐར་མ ༣༤ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨

མཆན། 2

  1. GYAMTSO says:
    ལོ་ 15 སྔོན།

    སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་་ཤོག་

    Reply
  2. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །སྐྱབས་སུ་མཆི། མཛད་འཕྲིན་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese