མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་སྟངས་དེར་ངོས་རང་ལ་བློ་འཚབ་ཧ་ཅང་ཆེན་པོ་ཡོད

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༡༦ ཉིན་བོད་གཞུང་དྲ་རྒྱའི་སྟེང་གནས་ཚུལ་བཀོད་གསལ་ལྟར་ན། ཉེ་ཆར་རྒྱ་གཞུང་གིས་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་དང་ཁུལ་དེར་གནས་སྡོད་བོད་རིགས་ཚོར་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་ཐད། ༧གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གཞུང་ལ་ཛ་དྲག་འབོད་སྐུལ་ཕྱག་འཕྲིན་ཞིག་བསྩལ་ཡོད་འདུག

འཕྲིན་ཡིག་དེའི་ནང་འཁོད་དོན། རྒྱ་ནག་ས་གནས་སྲིད་གཞུང་གི་དྲག་དམག་དང་ས་གནས་བོད་མིའི་བར་གདོང་ཐུག་བྱུང་བའི་སྟབས་ཀྱིས། ད་ལྟ་བོད་བྱང་ཤར་རྔ་པ་ཀིརྟི་དགོན་གྱི་གནས་སྟངས་ཧ་ཅང་ཚབས་ཆེན་ཆགས་ཡོད། རྒྱ་དམག་གིས་དགེ་འདུན་པ་ ༢༥༠༠ ཙམ་ཡོད་པའི་ཀིརྟི་དགོན་གྱི་མཐའ་བསྐོར་ཏེ། ཉིན་ཤས་རིང་དགོན་པའི་ནང་བཟའ་ཆས་ཉེར་མཁོའི་རིགས་ཅི་ཡང་སྐྱེལ་གཏོང་བྱས་མི་ཆོག་པར་བཟོས་ཡོད། རྒྱ་དམག་གིས་དགོན་པའི་མཐའ་སྐོར་བཞིན་པའི་གནས་སྟངས་དེར། ས་གནས་མང་ཚོགས་ཀྱིས་དགེ་འདུན་པ་མང་པོ་ཞིག་འཛིན་བཟུང་བྱ་རྒྱུར་དོགས་ཏེ། གཞུང་ལམ་དང་སྲང་ལམ་དུ་ཡོང་སྟེ་རྒྱ་དམག་གི་སྣུམ་འཁོར་རྣམས་དགོན་པའི་ཕྱི་ནང་གང་སར་འགྲོ་རུ་བཅུག་མེད།

ས་གནས་སྲིད་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན། ཀིརྟི་དགོན་པར་དམ་དྲག་བྱེད་དོན་གཙོ་བོ། ཀིརྟི་དགོན་པའི་གྲྭ་བ་ལོ་གཞོན་ཞིག་གིས་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་སྒེར་ལངས་བྱས་ཏེ། མི་ལོ་ ༣ འཁོར་བའི་དུས་དྲན་སྲུང་གཙི་ཞུ་ཆེད་རང་གི་ལུས་པོ་མེར་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། རྒྱ་མིའི་ཉེན་རྟོག་པས་མེ་གསོད་རྒྱུའི་ཚབ་ཏུ་ཁོང་ལ་ཉེས་རྡུང་བཏང་ཡོད་ལ། ཉེས་རྡུང་བཏང་སྟེ་ཉིན་གཅིག་ལས་མ་ཕྱིན་པར་ཁོང་འདས་གྲོངས་སུ་ཕྱིན་འདུག གནད་དོན་དེར་དགོན་པའི་དགེ་འདུན་པ་རྣམས་ཁོང་ཁྲོ་ཆེན་པོ་ལངས་སྟབས་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། གནས་སྟངས་དེར་ངོས་རང་ལ་བློ་འཚབ་ཧ་ཅང་ཆེན་པོ་ཡོད།

ད་དུང་གནས་སྟངས་ལ་ཡར་རྒྱས་གང་ཡང་མ་ཕྱིན་ཚེ་རྔ་པ་ཁུལ་གྱི་བོད་རིགས་ཚོར་དྲག་གནོན་ཚབས་ཆེན་ཕོག་ཉེན་ཆེ་སྟབས། ངོས་ཀྱིས་ཀིརྟི་དགོན་གྱི་དགེ་འདུན་པ་དང་བོད་རིགས་སེར་སྐྱ་མང་ཚོགས་ལ། ས་གནས་སྲིད་གཞུང་ལ་དྲག་གནོན་ལ་ཁ་གཡར་སའི་ལས་ཀ་རྩ་བ་ནས་མ་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱ་གཞུང་ལ་གནད་དོན་དེ་ཞི་འཇམ་ཐོག་སེལ་དགོས་པའི་འབོད་སྐུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན། འདས་པའི་མི་ལོ་ ༦༠ རིང་བོད་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་གཞུང་གིས་དྲག་པོའི་ཐབས་ལམ་ལག་བསྟར་བྱས་པ་དེས། དཀའ་ངལ་དང་བོད་མིའི་འཁོན་འཛིན་གྱི་རྣམ་པ་ཆེ་རུ་ཕྱིན་ཡོད་སྟབས། ངོས་ཀྱིས་རྒྱ་ནག་དཔོན་རིགས་ཚོས་བོད་མིའི་དངོས་ཡོད་དཀའ་ངལ་དེ་རྣམ་དཔྱོད་བེད་སྤྱོད་ཐོག་སེལ་ཐབས་གནང་རྒྱུ་ལས། དྲག་པོའི་བྱེད་ཐབས་ངེས་པར་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་འཁོད་འདུག

                                                                                                                དཔལ་ལྡན་གྱིས་བསྡུ་སྒྲིག་བྱས།



འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 1

  1. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྒྱ་དམར་དམར་གཞུང་ནི་མེ་མདའི་ཁ་ནས་སྲིད་དབང་སྐྱོང་མཁན་ཞིག་ཡིན་ལགས།
    ང་ཚོ་བོད་ནི་བདེན་པ་མདར་ནས་རང་གི་ཐོབ་ཐང་བརྩོད་མཁན་ཞིག་ཡིན། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཐོག་དོར་མཁུར་བཞེས་མཁན་ཞིག་ཡིན་ན་དཔལ་འབྱོར་དང་དབང་ཤུགས་ལ་མགོ་བོ་མ་འགུར་བ་བདེན་པ་ལ་རྒྱབ་སྐྱོར་གནང་ནས་བདེན་དོན་གསལ་ཐབས་ཀྱི་རོགས་རམ་གནང་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese