མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བྱུང་གི་གོད་ཆག

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རི་དང་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་དུས་མཉམ་དུ་དྲག་ཆར་རླུང་འཚུབ་ཀྱིས་གོད་ཆག་ཆེན་པོ་བཟོས་ཡོད་འདུག

འདས་པའི་ཉིན་གསུམ་རིང་ཨ་རིའི་ལྷོ་ཕྱོགས་ས་ཁུལ་ཁག་དང་ལྷག་པར་དུ་ཁཱརོ་ལཱེ་ནཱ་ (Carolina ) མངའ་སྡེའི་བྱང་ཁུལ་དུ་སེར་ཞགས་དང་རླུང་འཚུབ་དྲག་པོ་གཡུགས་ཏེ་མི་ ༢༡ རྐྱེན་ལམ་དུ་ཕྱིན་ཡོད་འདུག་ལ། ཁ་སང་གཟའ་ཉི་མའི་ཉིན་གྱི་རླུང་འཚུབ་དེ་ནི་ ༡༩༨༤ ལོ་ནས་ད་ལྟའི་བར་བྱུང་མ་མྱོང་བ་ཞིག་ཡིན་སྐོར་བརྗོད་འདུག ཁཱརོ་ལཱེ་ནཱ་མངའ་སྡེ་གཞུང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེན་སྐྱོབ་རུ་ཁག་གིས་ད་དུང་ས་ཁུལ་གཞན་དག་ལ་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། ཤི་རྨས་ཐེབས་པའི་གྲངས་ཚད་ཀྱང་འཕར་སྲིད་པ་རེད་ཅེས་བརྗོད་འདུག

ཐེངས་འདིའི་སེར་བ་ནི་ཤིང་ཏོག་རྒུན་འབྲུམ་གྱི་ཆེ་ཚད་ཙམ་ཡོད་འདུག་ལ། རླུང་འཚུབ་ཀྱིས་ས་རྡོ་དང་ཤིང་སྡོང་། རླངས་འཁོར། ཁང་ཁྱིམ་སོགས་ཁུར་ཡོད་པ་མ་ཟད། མཚོ་དང་མཚེའུ་རྒྱུག་ཆུ་སོགས་ཀྱང་རླུང་འཚུབ་ཀྱི་རྒྱུ་ཕྱོགས་ལྟར། མཁའ་དབྱངས་སུ་དྲངས་ཡོད་པའི་གནས་ཚུལ་བྱུང་འདུག  

ཨ་རིར་ཆར་རླུང་གི་དོན་རྐྱེན་འབྱུང་བཞིན་པའི་སྐབས་སུ་རྒྱ་ནག་གི་ས་ཁུལ་ཁག་ཅིག་ལའང་སེར་བ་དྲག་པོ་བབས་ཡོད་འདུག་ལ། རྒྱ་ནག་ཀོང་ཏུང་ཞིང་ཆེན་ནང་གནོད་ཚབས་ཆེས་ཤོས་ཐེབས་ཤིང་། ཤེས་རྟོགས་བྱུང་བར་མི་ ༡༢ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་ཅིང་། གཞན་མི་ ༢༧ ཙམ་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་འདུག

ཀོང་ཏུང་ཞིང་ཆེན་མི་དམངས་བདེ་དོན་བློན་ཆེན་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། གཟའ་ཉི་མའི་རང་བྱུང་གི་གོད་ཆག་དེས་ས་ཞིག་སྤྱི་ལེ་གྲུ་བཞི་མ་( ༥༠༦) ལྷག་ལ་གནོད་འཚེ་ཐེབས་ཡོད་པ་དེས་རྒྱ་སྒོར་ས་ཡ་ ༥༠ ལྷག་གི་གྱོང་གུད་ཕོག་ཡོད་ཚུལ་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༥ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 7

  1. འཇའ་ཐང་འབྲོག་བུ། says:
    ལོ་ 15 སྔོན།

    ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས།།
    སྒྱུ་ལུས་གཡར་པོ་འཇིགས་ལ་ཐུག་པའི་ཚེ།།
    ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
    ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས།།
    འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད།།
    ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    བོད་པས་རྒྱལ་ཁབ་གཞན་གྱི་སྐད་ཐོག་ཏུ་ཡོད་པ་ཐམས་ཅད་སྔགས་རེད་སྙམས་པ་རེད།
    རྒྱ་གར་གྱིས་སྐད་རྒྱབ་སྟེ་སྨོན་ལམ་རྒྱབ་པ་དང་བོད་སྐད་ཐོག་སྨོན་ལམ་བཏབས་པ་གཉིས་ལ་ཁྱད་པར་ཕྱེས་པ་རེད།
    ངས་ནི་དབྱིན་སྐད་ཐོག་སྨོན་ལམ་འདེབས་བཞིན་ཡོད།
    དག་ཞིང་དེ་ཡང་ཨ་རི་དང་དབྱིན་ཇི་ཡིན།
    please stope all bad for us

    Reply
  3. གོང་ཐུབ། says:
    ལོ་ 15 སྔོན།

    ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས།།
    སྒྱུ་ལུས་གཡར་པོ་འཇིགས་ལ་ཐུག་པའི་ཚེ།།
    ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
    ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས།།
    འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད།།
    ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
    ཞེས་པ་འདི་ནི། སློབ་དཔོན་པདྨས་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གསུངས་པའི་ནང་ནས་གཅིག་ཡིན། ཁོང་ལྷོ་ནུབ་སྲིན་ཡུལ་དུ་བྱོན་ཁར་གུང་ཐང་ལ་ཐོག་ནས་རྗེ་འབངས་ཉེར་ལྔ་ལ་གསུངས།

    Reply
  4. གོང་ཐུབ། says:
    ལོ་ 15 སྔོན།

    ཨོ་ ཨོ་ ཨོ། ངས་འདི་འདྲའི་སྨོན་ལམ་ཞིག་ནམ་ཡང་འདེབས་ཐུབ་ས་མ་རེད།

    ་་་་་མ་འོངས་པར་རྒྱལ་ཁམས་ཀུན་ཏུ་འབྱུང་འཁྲུགས་ཀྱི་གནོད་པ་ཐམས་ཅད་རྒྱུན་ཆད་ནས་ཞི་བེད་དང་རང་དབང་འཇིགས་སྐྲག་སོགས་ཀྱིས་ནམ་ཡང་འཚེ་བར་མི་འགྱུར་བར་ཐམས་ཅད་ལ་དཀར་པོ་དགེ་བཅུ་དར་ཞིང་རྒྱས་པར་གྱུར་ཅིག བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། མཆོ་དོ་སྐྱབས་སུ་མཆིའོ་་་་་༌༌༌༌༌༌༌

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ནོར་བཅོས། འབྱུང་བ་བཞི་ལ་བརྟེན་གནས་འཆའ་བའི་འགྲོ་བ་ཡོད་དོ་ཅོག་ལ་གནོད་འཚེ་ཆེས་དྲག་པོ་ཡ་ང་ལ་ཡི་མུག་པ་མཐའ་དག་རང་སར་ཞི་ནས་གནོད་འཚེས་ཉེན་པའི་ཡིད་ཅན་ཚེ་ལས་འདས་ཚད་ཐམས་ཅད་ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག་ཅིག
    མ་འོངས་པར་རྒྱལ་ཁམས་ཀུན་ཏུ་འབྱུང་འཁྲུགས་འཇིགས་པའི་གནོད་པ་ཐམས་ཅད་རྒྱུན་ཆད་ནས་ཞི་བེད་དང་རང་དབང་འཇིགས་སྐྲག་སོགས་ཀྱིས་ནམ་ཡང་འཚེ་བར་མི་འགྱུར་བར་ཐམས་ཅད་འདི་ཕྱི་ཀུན་བདེ་དཀར་པོ་དགེ་བཅུ་དར་ཞིང་རྒྱས་པར་གྱུར་ཅིག ༼བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། མཆོ་དོ་སྐྱབས་སུ་མཆིའོ། ཨོཾ་སུམྦྷ་ནི་སུམྦྷ་ཧ་ར་ཙ་ར་མ་ཧཱ་པ་ཤཱ་མ་རུ་ཏ་ཨཱ་མོ་གྷ་བཛྲ་ས་ཏྭ་སྭཱ་ཧཱ། ཨོཾ་ཀྵིཾ་ཏི་གྷརྦྷ་ཀྵིཾ་སྭཱ་ཧཱ།༽ བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ནི་དུས་སྙིགས་འདིར་འཇམ་དཔལ་ལ་སོགས་པའི་བྱང་སེམས་རྣམས་བསྐལ་པར་མཆོད་པ་ལས་ཀྱང་ས་ཡི་སྙིང་པོའི་བྱང་ཆུབ་སེམས་དཔའ་འདི་མཚན་ལན་གཅིག་ཡིད་ལ་དྲན་པ་དང་འདོན་ན་བསོད་ནམས་དང་ཡོན་ཏན་ཆེ་བར་གསུང་པས་གསོལ་བ་བཏབ་པ་དང་གཟུངས་སྔགས་བསྒྲང་ན་བྱིན་རླབས་ཤིན་ཏུ་ཆེ་བས། ཀུན་གྱིས་ལན་གང་མང་གསུང་ཀློགས་གནང་རོག་ཞུ།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    འབྱུང་བ་བཞི་ལ་བརྟེན་གནས་འཆའ་བའི་འགྲོ་བ་ཡོད་དོ་ཅོག་ལ་གནོད་འཚེ་ཆེས་ཡ་ང་ལ་ཡི་མུག་པ་མཐའ་དག་རང་སར་ཞི་ནས་གནོད་འཚེས་ཉེན་པའི་ཡིད་ཅན་ཚེ་ལས་འདས་ཚད་ནུབ་ཐམས་ཅད་ཕྱོགས་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག་ཅིག མ་འོངས་པར་རྒྱལ་ཁམས་ཀུན་ཏུ་འབྱུང་འཁྲུགས་ཀྱི་གནོད་པ་ཐམས་ཅད་རྒྱུན་ཆད་ནས་ཞི་བེད་དང་རང་དབང་འཇིགས་སྐྲག་སོགས་ཀྱིས་ནམ་ཡང་འཚེ་བར་མི་འགྱུར་བར་ཐམས་ཅད་ལ་དཀར་པོ་དགེ་བཅུ་དར་ཞིང་རྒྱས་པར་གྱུར་ཅིག བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། མཆོ་དོ་སྐྱབས་སུ་མཆིའོ། ཨོཾ་སུམྦྷ་ནི་སུམྦྷ་ཧ་ར་ཙ་ར་མ་ཧཱ་པ་མ་རུ་ཏ་ཨཱ་མོ་གྷ་བཛྲ་ས་ཏྭ་སྭཱ་ཧཱ། ཨོཾ་ཀྵིཾ་ཏི་གྷརྦྷ་ཀྵིཾ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ནི་དུས་སྙིགས་འདིར་འཇམ་དཔལ་ལ་སོགས་པའི་བྱང་སེམས་རྣམས་བསྐལ་པར་མཆོད་པ་ལས་ས་ཡི་སྙིང་པོའི་བྱང་ཆུབ་སེམས་དཔའ་འདི་མཚན་ལན་གཅིག་ཡིད་ལ་དྲན་ན་བསོད་ནམས་དང་ཡོན་ཏན་ཆེ་བར་གསུང་པས་གསོལ་བ་བཏབ་པ་དང་གཟུངས་སྔགས་བསྒྲང་ན་བྱིན་རླབས་ཤིན་ཏུ་ཆེ་བས། ཀུན་གྱིས་ལན་གང་མང་གསུང་ཀློགས་གནང་རོག་ཞུ།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    རྒྱ་ནག་ལ་གོད་ཆག་འཚབ་ཆེན་བྱུང་བ་ནི་ཧ་ཅང་ཡ་ང་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese