མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་འཐབ་རྩོད་དེ་གཞུང་མང་གཉིས་ཀྱི་འཐབ་རྩོད་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་བོད་གཞུང་མང་གཉིས་ཀ་སྐྱབས་བཅོལ་དུ་ཡོང་དོན་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་ཡིན་སྟབས། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གང་ཡིན་ཡང་། མི་མང་ཁོ་ན་མིན་པར་གཞུང་ཞབས་ལས་བྱེད་ཚང་མ་མཉམ་ཞུགས་ཀྱིས་འཐབ་རྩོད་ཀྱི་འགན་ལེན་དགོས་ཟེར།  

ཁ་སང་ཕྱི་ཚེས་༢༢ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦པའི་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཉེ་བའི་དུས་ནས་བཟུང་རྒྱ་ནག་གཞུང་གིས་མུ་མཐུད་རྔ་པ་ཀིརྟི་དགོན་པར་དྲག་གནོན་བྱས་ཏེ་དགེ་འདུན་པ་༣༠༠འཛིན་བཟུང་བཙན་ཁྲིད་དང་། དགོན་པ་སྲུང་སྐྱོབ་བྱེད་མཁན་གྱི་མི་སྐྱ་རྒན་རྒོན་༢འདས་གྲོངས་སུ་བཏང་པའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཆེད། བཞུགས་སྒར་རླངས་འཁོར་ས་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་མར་མེ་ཁྲོམ་བསྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་།ལས་འགུལ་དེའི་སྟེང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་གཙོས།གཞུགས་སྒར་ཁུལ་གྱི་དགེ་འདུན་པ་དང་བཙུན་མ། བཞུགས་སྒར་མི་མང་བཅས་མི་༣༠༠ལྷག་འདུ་འཛོམས་བྱུང་ཡོད།

སྐབས་དེར།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གཏམ་བཤད་གནང་དོན།ཉེ་ཆར་ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས། བོད་རང་བཙན་ཆེད་རྩ་ཆེའི་སྐུ་སྲོག་བློས་གཏོང་གནང་བ་ནས་ད་ལྟའི་བར་རྔ་པ་ཀིརྟི་དགོན་པ་ཛ་དྲག་གི་གནས་འོག་ལྷུང་སྟེ། ཕྱི་ཚེས་༢༡ཉིན་རྒྱ་གཞུང་གིས་ཀིརྟི་དགོན་པའི་གྲྭ་བ་༣༠༠ལྷག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པར་མ་ཟད།ཉིན་མཚན་དབྱེར་མེད་དུ་དགོན་པར་སྲུང་སྐྱོབ་བྱེད་ཀྱིན་པའི་མི་སྐྱ་༢༠༠ལྷག་ཡོད་པ་དེ་དག་ལ་གཅར་རྡུང་ཚད་ལས་བརྒལ་བ་བཏང་སྟེ།རང་ལོ་༦༠ཡིན་པའི་རྒན་རྒོན་གཉིས་འདས་གྲོངས་སུ་བཏང་འདུག་ལ།དེ་རིང་ཆུ་ཚོད་ཁ་ཤས་ཀྱི་སྔོན་འདིར་ཀིརྟི་དགོན་པའི་ནང་ཡང་བསྐྱར་ཨང་རྟགས་མེད་པའི་སྤྱི་སྤྱོད་རླངས་འཁོར་ལྔ་ལྷག་འབྱོར་ཡོད་པའི་གནས་ཚུལ་བྱུང་ཡོད་སྟབས།ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་བསྐྱར་དུ་གྲྭ་བ་མང་པོ་འཛིན་བཟུང་བཙན་འཁྲིད་བྱེད་སྲིད་པའི་བློ་འཚབ་སྐྱེ་བཞིན་ཡོད།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱུན་དུ་མིག་གཅིག་དང་ཨ་ཅོག་གཅིག་བོད་གཞིས་ལུས་རྒྱ་ཆེ་མི་མང་ལ་གཏད་ཡོད།ཅེས་བཤད་ཀྱིན་པ་ལྟར།བོད་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་གི་མཐོང་ཆུང་དང་བརྙས་བཅོས།ཁྱད་གསོད་འོག་མི་ལོ་༥༢ འགྲོ་བཞིན་ཡོད་ལ།ཐེངས་འདིར་ཡང་རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་གྲོང་གཉིས་ལ། “ ཁྱེད་ཚོ་ཡག་པོ་མ་བསྡད་པ་ཡིན་ན།ང་ཚོས་ག་རེ་བྱེད་ཀྱང་བྱ་ཆོག་གི་རེད། ” ཅེས་འཇིག་སྐུལ་བྱེད་ཀྱིན་ཡོད།ང་ཚོའི་ངོས་ནས་དེ་ལ་རྩ་བ་ནས་ངོས་ལེན་བྱ་ཐུབ་ཐབས་མེད།བོད་ནང་གི་བོད་མི་ཚོས་ཛ་དྲག་གི་གནས་སྟངས་དེ་འདྲའི་འོག་ཏུའང་སྲོག་བློས་བཏང་སྟེ་མགོ་སྒུར་གྱིན་མེད་སྟབས།ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་མགོ་རྩ་བ་ནས་སྒུར་མི་སྲིད།ད་ལྟའི་བར་ང་ཚོས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་ཡང་། མ་འོངས་པར་ཡང་འདི་ལས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་ཡོད།ཅེས་གཏམ་བཤད་གནང་བྱུང་།
དེ་བཞིན། མར་མེ་ཁྲོམ་བསྐོར་འདི་དང་སྟབས་བསྟུན་དེ་བོད་ནས་མཁོ་གཏོང་བྱས་པའི་རྔ་པ་ཀིརྟི་དགོན་གྲོང་གཉིས་ལ་དམ་དྲག་བྱས་པའི་སྐོར་གྱི་སྐར་མ་གསུམ་རིང་གི་དངོས་བྱུང་བརྙན་པར་ཞིག་གཟིགས་འབུལ་ཞུས་རྗེས།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་བརྙན་པར་སྟེང་གི་གནས་ཚུལ་དང་སྦྲགས་ཏེ། ཟླ་སྔོན་མའི་ཕྱི་ཚེས་ ༡༦ ནས་ཁ་སང་བར་གྱི་གནས་སྟངས་བཅས་ཀྱི་སྐོར་ནས་གཏམ་བཤད་གནང་དོན། ད་ལྟའི་ཆར་དུས་རབས་ཉེར་གཅིག་ནང་གི་གདུག་རྩུབ་ཀྱི་བྱ་སྤྱོད་ཚབས་ཆེ་ཤོས་དེ་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལག་ལེན་བསྟར་གྱིན་པའི་གནས་སྟངས་ཆགས་ཡོད་ལ། རྔ་པ་ཀིརྟི་དགོན་དང་རྔ་པ་མི་མང་ད་ལྟའི་ཆར་ཡང་དུས་རབས་ཉེར་གཅིག་གི་བཙོན་ར་ལྟ་བུའི་གནས་སྟངས་འོག་འཚོ་གནས་བྱེད་དགོས་བྱུང་ཡོད། ད་ལྟའི་གནས་སྟངས་དང་དཀའ་སྡུག་གི་ཉིན་མོ་དེ་འདྲ་ཞིག་བསྐྱལ་དགོས་པ་དེ་རྔ་པ་ཀིརྟི་དགོན་གྲོང་གཉིས་ཁོ་ནའི་ཆེད་དང་གཞིས་ལུས་རྒྱ་ཆེའི་མི་མང་ཁོ་ནའི་ཆེད་དུ་མ་རེད་ལ། གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གོ་སྒྲིག་བྱེད་དགོས་པ་དེ་ཡང་གཞོན་ནུ་ལྷན་ཚོགས་ཁོ་ནའི་ཆེད་དུ་མ་རེད། དེ་དག་ཡོངས་རྫོགས་མི་ས་ཡ་དྲུག་གི་ཆེད་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་པ་ཚང་མས་མཁྱེན་དགོས་ཀྱི་འདུག་ལ། ལྷག་པར་དུ་ངྷ་ས་མི་མང་གིས་མཁྱེན་དགོས་ཀྱི་འདུག ཅེས་བརྗོད་བྱུང་ལ།
ཡང་ཁོང་གིས། ང་ཚོ་སྐྱབས་བཅོལ་དུ་ཡོང་དོན་ནི་ཚོང་ཁང་དང་ཟ་ཁང་། དབང་ཆ་འཛིན་པའི་ཕྱིར་དུ་སྐྱབས་བཅོལ་ལ་ཡོང་བ་མ་རེད། ང་ཚོ་མི་རིགས་དང་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཕྱིར་དུ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བ་རེད། རྒྱུ་ཆེ་ཆུང་དང་དབང་མཐོ་དམན་གང་ཡིན་ཡང་། ང་ཚོ་རྒྱ་གར་ལུང་པའི་ནང་འདུག་ཐུབ་པ་དེ་ཡང་སྐྱབས་བཅོལ་གྱི་མིང་ཐོག་ནས་འདུག་ཐུབ་ཀྱིན་པ་དེ་ང་ཚོས་མཁྱེན་དགོས་པ་རེད། ང་ཚོའི་མི་མང་པོ་ཞིག་གིས་ཁ་ནས་༸རྒྱལ་བ་རིན་པོ་ཆེ་དང་གཞིས་ལུས་རྒྱ་ཆེ་མི་མང་ཞེས་བཤད་བསྡད་ཡོད་པ་རེད། ༸གོང་ས་མཆོག་གིས་ཉིན་མཚན་དབྱེར་མེད་དུ་སྐུ་ལུས་སྐྱོན་གྱིན་པ་དེ་བོད་མི་རིགས་དང་རྒྱལ་ཁབ་བོད་མིའི་འཐབ་རྩོད་ཀྱི་ཆེད་དུ་གནང་གི་ཡོད་པ་རེད། ༸གོང་ས་མཆོག་ལ་ཡིད་ཆེས་ཡོད་ན་འཐབ་རྩོད་ལ་འགན་ལེན་དགོས་པ་རེད་ལ། གཞིས་ལུས་རྒྱ་ཆེ་མི་མང་སེམས་ལ་བཟུང་ཡོད་ན་ཁོང་ཚོའི་འབོད་སྒྲ་ལ་འགན་ཁུར་ཏེ་འཛམ་གླིང་མི་མང་ལ་བརྡ་ལན་སྤྲོད་དགོས་པ་རེད། དེ་ཡང་མི་མང་གཅིག་པུ་མིན་པར་གཞུང་འབྲེལ་ལས་བྱེད་ཡིན་ཡང་འཐབ་རྩོད་ཀྱི་ནང་ལ་མཉམ་ཞུགས་བྱ་དགོས་པ་རེད། གཞུང་སྐྱབས་བཅོལ་ཡོང་དོན་འཐབ་རྩོད་ཀྱི་ཆེད་དང་མི་མང་སྐྱབས་བཅོལ་དུ་ཡོང་དོན་ཡང་འཐབ་རྩོད་ཀྱི་ཆེད་དུ་ཡིན་པ་ཚང་མས་མཁྱེན་དགོས་པ་རེད། ཅེས་བརྗོད་བྱུང་བར་མ་ཟད། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་མི་མང་པོ་མཉམ་ཞུགས་གནང་དགོས་པའི་རེ་སྐུལ་ཡང་གནང་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཕྱི་ཟླ་ ༣ པའི་ཚེས་ ༡༦ ནས་བཟུང་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ལ་གཞིགས་ཏེ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་། འདས་པའི་དུས་ནས་བཟུང་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་བཞུགས་སྒར་ཁུལ་དུ་མགོ་འཛུགས་གནང་ཡོད་པར་མ་ཟད། གཞོན་ནུའི་ས་གནས་ཁག་མང་པོའི་ནང་དུས་ཚོད་ངེས་མེད་དུ་སྤེལ་བཞིན་ཡོད་ལ། མ་འོངས་པར་བོད་ནང་གི་གནས་སྟངས་ལ་གཞིགས་ཏེ་མུ་མཐུད་གཞི་རྒྱ་ཆེ་བའི་ལས་འགུལ་བསྟུད་མར་སྤེལ་རྒྱུ་ཡིན་འདུག 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese