མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཤི་རྟ་འགྱེད་ཀྱི་དོན་རྐྱེན་ཞིག་འབྱུང་ཉེན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

ནགས་ལྷ་གནས་རི་ནི་ཨོ་རྒྱན་པདྨའི་གཏེར་རི་དང་། ས་གནས་ཡུལ་མིས་ཟས་ཁམ་གང་ཟ་དུས་ཀྱང་མཆོད་ཁ་འཕེན་ཡུལ་ཡིན། གལ་སྲིད་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པ་ཡིན་ན། རང་སྲོག་གཏོང་དགོས་ཀྱང་མཐའ་གཅིག་ཏུ་ངོ་རྒོལ་བྱ་ངེས་རེད་ཟེར། 

ན་ནིང་སྟོན་མཇུག་འབྲི་རུ་རྫོང་གི་ནགས་ལྷ་གནས་རིར་གཏེར་ཁ་སྔོག་འདོན་བྱ་རྒྱུར་ས་གནས་མི་མང་གིས་ངོ་རྒོལ་ཞུ་འབོད་བྱས་སྐབས། རྒྱ་གཞུང་གིས་མི་མང་ ༣༠༠ འཇུ་བཟུང་བྱས་ཏེ་གཅར་རྡུང་འདྲི་གཅོད་ཚ་ནན་བྱས་རྗེས་ཀློད་ཡོད་ཀྱང་། རང་ལོ་ ༣༠ ཙམ་ཡིན་པའི་དཀོན་མཆོག་ཐར་པ་དང་། རང་ལོ་ ༤༠ ཡས་མས་ཡིན་པའི་ཁྲོ་བྷོ། དེ་མིན་ཚྭ་ཆུ་ཞང་གི་མི་གཉིས་བཅས་རྒྱ་གཞུང་གི་བཀག་ཉར་འོག ད་ལྟའང་གར་ཡོད་གསལ་ཁ་མེད་པ་ཆགས་ཡོད། དེ་བཞིན། ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་རྫ་སེར་ཤུལ་དགོན་པའི་བླ་མ་ཁྲི་པ་རིན་པོ་ཆེ་མཆོག་ནགས་ཤོད་ལུང་བར་ཕེབས་ཏེ་མི་མང་གིས་མཇལ་ཁ་ཞུ་སྐབས། ཉེན་རྟོག་དམག་མིས་མང་ཚོགས་བླ་མར་མཇལ་མི་ཆོག་པའི་བཙན་བཀའ་བཏང་སྟེ་བཀག་སྡོམ་བྱས་ཡོད་ཅིང་། སྐབས་དེར་མི་མང་གིས་ཆོས་དད་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་སྐབས། ཉེན་རྟོག་པས་ཧོར་རྨེ་ས་ཁུལ་གྱི་མི་ ༥ འཇུ་བཟུང་བྱས་རྗེས་མི་གཅིག་ཕྱིར་ཀློད་ཡོད་ནའང་། གཞན་དག་མུ་མཐུད་བཀག་ཉར་གྱིས་ད་ལྟ་ཁོང་ཅག་གང་དུ་ཡོད་པ་དང་གནས་སྟངས་ག་རེ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཟེར།
ཕྱི་ཚེས་ ༡༧ ཉིན་འདི་གའི་གསར་འགོད་པ་དབུས་སྣེ་ལེན་ཁང་དུ་བསྐྱོད་དེ། ཉེ་སྔོན་བོད་ནས་གསར་དུ་འབྱོར་བའི་འབྲི་རུ་རྫོང་གི་ཡུལ་མི་ཆོས་དགའ་ལགས་སུ། ན་ནིང་སྟོན་མཇུག་འབྲི་རུ་རྫོང་གི་ནགས་ལྷ་གནས་རིར་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་སྐབས་རྙོག་ཟིང་ལངས་པའི་སྐོར་ལ་བཅར་འདྲི་ཞུས་སྐབས་ཁོང་གིས་ངོ་སྤྲོད་གནང་དོན། ན་ནིང་སྟོན་མཇུག་འབྲི་རུ་རྫོང་སྡ་ཐང་ཞང་དུ་ཡོད་པའི་ནགས་ལྷ་གནས་རིར་རྒྱ་གཞུང་གིས་གློག་ཁང་གསར་རྒྱག་ལ་ཁ་གཡར་ཏེ་གཏེར་ཁ་སྔོག་འདོན་བྱས་པར། ས་གནས་མི་མང་ ༧༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་རྒྱ་མི་གཏེར་བརྐོ་བ་རྣམས་ཕྱིར་ལོག་དགོས་བྱུང་ཡོད་ནའང་། རྗེས་སུ་རྒྱ་གཞུང་གི་ཉེན་རྟོག་པས་ཞིབ་བཤེར་རྩད་གཅོད་བྱས་ཏེ། སྐབས་དེའི་ངོ་རྒོལ་ཁྲོད་ཞུགས་མཁན་ ༣༠༠ ལྷག་འཇུ་བཟུང་གིས་གཅར་རྡུང་འདྲི་གཅོད་བྱས་སོང་།
    ད་དུང་བཙན་ཤེད་ཀྱིས་གཏེར་ཁ་སྔོག་འདོན་ལ་མོས་མཐུན་ཡོད་པའི་ཡིག་ཆའི་སྟེང་མཛུབ་ཐེལ་རྒྱག་ཏུ་བཅུག་པ་དང་། མི་རེའི་ལག་ནས་རྒྱ་སྒོར་ཁྲི་བཞི་ལྔ་རེ་གཏའ་མར་བླངས་རྗེས། གནམ་ནི་གུང་བྲན་ཏང་གི་གནམ་ཡིན་པ་དང་། ས་ནི་གུང་བྲན་ཏང་གི་ས་ཡིན་པས། ལོ་རྗེས་མར་གཏེར་ཁ་སྔོག་འདོན་བྱེད་སའི་གནས་རིའི་ཉེ་འཁོར་དུ་མི་སུ་ཞིག་སོང་བ་ཡིན་ན། དེ་ཆབ་སྲིད་ཀྱི་གནད་དོན་ལ་བརྩིས་ཏེ་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་ལ། མི་སུ་ཞིག་གིས་ཕྱི་ཕྱོགས་སུ་སྐད་ཆ་འདྲ་མིན་བཤད་པ་ཡིན་ན་གཏའ་མར་བླངས་པའི་སྒོར་མོ་ཕྱིར་སྤྲོད་རྒྱུ་མིན་པ་སོགས་བཙན་དྲག་འཇིགས་སྐུལ་སྣ་ཚོགས་བྱས་མཐར་མི་མང་རྣམས་ཕྱིར་ཀློད་སོང་།
    སྐབས་དེར་རང་ལོ་ ༣༠ ཙམ་ཡིན་པའི་འབྲུ་རི་རྫོང་གི་དཀོན་མཆོག་ཐར་པ་ལགས་དང་། རང་ལོ་ ༤༠ ཡས་མས་ཡིན་པའི་འབྲུ་རི་རྫོང་གི་ཁྲོ་བྷོ་ལགས། གཞན་ཚྭ་ཆུ་རྫོང་གི་བོད་མི་གཉིས་བཅས་ཀྱིས་གཏེར་ཁ་སྔོག་འདོན་གྱི་མོས་མཐུན་ཡིག་ཆར་མཛུབ་ཐེལ་མ་བརྒྱབ་པར་བརྟེན། ད་ལྟ་རྒྱ་གཞུང་གི་བཀག་བསྐྱིལ་འོག་གར་སོང་ཆ་མེད་དུ་གྱུར་ཡོད། ཅེས་བརྗོད་བྱུང་།     
    གཞན་ཡང་། ཁོང་གིས་བརྗོད་པ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་རྫ་སེར་ཤུལ་དགོན་པའི་བླ་མ་ཁྲི་པ་ཆེན་པོ་ཆེ་ལགས་ནགས་ཤོད་དུ་ཕེབས་ཏེ་མང་ཚོས་ཀྱིས་མཇལ་ཁ་ཞུ་སྐབས། རྒྱ་ནག་གི་ཉེན་རྟོག་པས་བཀག་སྡོམ་བྱས་ཏེ་བླ་མར་མཇལ་ཁ་ཞུ་བཅུག་མེད་སྟབས། མང་ཚོགས་ཀྱིས་ང་ཚོར་ཆོས་དད་རང་དབང་མི་འདུག་ཅེས་སྐད་འབོད་ངོ་རྒོལ་བྱས་ཤིང་། སྐབས་དེར་ཉེན་རྟོག་པ་ཚོས་ནག་ཆུ་ཧོར་མེ་ས་ཁུལ་གྱི་མི་ ༥ འཇུ་བཟུང་བྱས་ཡོད་པ་དང་། རྗེས་སུ་མི་གཅིག་ཀློད་གྲོལ་བཏང་ཡོད་ནའང་། རོགས་པ་གཞན་རྣམས་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་ད་ཆར་གར་སོང་ཆ་མེད་ཆགས་ཡོད། ཅེས་བརྗོད་སོང་།
    མཇུག་མཐར་ཁོང་གིས་འབོད་སྐུལ་གྱི་ཚུལ་དུ་བརྗོད་རྒྱུར། དེང་སྐབས་འབྲི་རུ་རྫོང་གི་རི་སྒང་གང་སར་གཏེར་ཁ་འཚོལ་བཤེར་བྱེད་མཁན་རྒྱ་མི་རེ་གཉིས་མེད་སའི་ལུང་བ་གཅིག་ཀྱང་ཡོད་པ་མ་རེད། རྒྱ་གཞུང་གིས་ད་ལོའི་དཔྱིད་ཀ་ས་གཞིར་དྲོད་བབས་རྗེས་ནགས་ལྷ་གནས་རིའི་གཏེར་ཁ་བསྐྱར་དུ་བསྔོག་རྒྱུ་ཡིན་སྐོར་གོ་སོང་། མང་ཚོགས་ཀྱི་ངོས་ནས་གནས་རི་འགངས་ཆེན་གྱི་གཏེར་ཁ་སྔོག་འདོན་དང་། ཆུ་མཛོད་བརྒྱབ་སྟེ་གློག་ཁང་སོགས་འཛུགས་སྐྲུན་བྱས་ཏེ། གནས་རི་དང་ས་གཞིར་གཏོར་སྐྱོན་བཏང་བ་ལ་བརྟེན་ཏེ། ས་འགུལ་དང་ས་རུད་ཆུ་ལོག་སོགས་རང་བྱུང་གི་གནོད་འཚེ་འབྱུང་རྒྱུར་སེམས་འཚབ་ཆེན་པོ་བྱེད་ཀྱི་འདུག ལྷག་པར་དུ་ནགས་ལྷ་གནས་རི་ནི་ཨོ་རྒྱན་པདྨའི་གཏེར་རི་ཡིན་པས། ས་གནས་ཡུལ་མི་རྣམས་ཀྱིས་ཟས་ཁམ་གང་ཟ་དུས་ཀྱང་མཆོད་ཁ་འཕེལ་ཡུལ་ཡིན། འབྲི་རི་རྫོང་གཅིག་པུ་ཙམ་མ་ཡིན་པར། པ་ཆེན་དང་སོག་རྫོང་། ལྷ་རི་རྫོང་སོགས་ཀྱི་ཡུལ་མི་ཚང་མས་གལ་སྲིད་ནགས་ལྷ་གནས་རིར་གཏེར་ཁ་སྔོག་འདོན་བྱས་པ་ཡིན་ན། རང་སྲོག་གཏོང་དགོས་ཀྱང་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཅེས་དམ་བཅའ་བརྟན་པོ་བཟུང་ཡོད་པ་རེད། གལ་སྲིད་རྒྱ་གཞུང་གིས་མི་མང་གི་སྐད་ཆར་ཉན་འཇོག་མ་བྱས་པར་སྔར་བཞིན་གཏེར་ཁ་བརྐོས་པ་ཡིན་ན། ཡུལ་དེར་མི་ཤི་རྟ་འགྱེད་ཀྱི་དོན་རྐྱེན་ཆེན་པོ་ཞིག་འབྱུང་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་རེད། ཅེས་བརྗོད་སོང་། 
 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

སྐར་མ ༥༦ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མི་ཤི་རྟ་འགྱེད་ཡིན་ནམ། མི་ཤི་རྟ་འགྱེལ་ཞེས་བྲིས་མི་དགོས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese