མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་གྲངས་ཕྱིར་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp
བཀའ་ཁྲིའི་འོས་ཐོན་རྒྱལ་ཁ་བློ་བཟང་སེང་གེ་ལགས་ལ་ཐོབ་ཡོད་པ་དང་།སྤྱི་འཐུས་རྙིང་པའི་རྩ་འབོར་གྱི་བརྒྱ་ཆ་ ༦༠ ཙམ་སྐབས་བཅོ་ལྔ་པའི་སྤྱི་འཐུས་གསར་བའི་ཁྲོད་བསྐྱར་འདེམས་བྱུང་ཡོད་སྐྱོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱུང་འདུག
ཕྱི་ཚེས་༢༠ཉིན་གྱི་རྒྱ་གར་བང་ཆེན་གསར་ཤོག་སྟེང་སྐབས་གསུམ་པའི་བཀའ་ཁྲིའི་དངོས་གཞིའི་འོས་གྲངས་ཕྱིར་བསྒྲགས་བྱུང་པ་ལྟར་ན།  བློ་བཟང་སེང་གེ་ལགས་ལ་འོས་གྲངས་༢༧༠༠༠ཐོབ་ཡོད་པ་དང་།བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་འོས་གྲངས་༡༨༠༠༠།བཀྲ་ཤིས་དབང་འདུས་ལགས་ལ་འོས་གྲངས་༣༠༠༠བཅས་ཐོབ་འདུག  ཐེངས་འདིའི་དངོས་གཞིའི་འོས་བསྡུའི་སྐབས་བཙན་བྱོལ་མི་མང་བརྒྱ་ཆ་ ༦༠ ལྷག་གིས་ཆ་ཤས་བླངས་ཡོད་པ་དང་།    སྐབས་བཅུ་བཞི་པའི་སྤྱི་འཐུས་ཁྲོད་ཀྱི་བརྒྱ་ཆ་ ༦༠ ཙམ་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཁྲོད་བསྐྱར་འདེམས་བྱུང་ཡོད་འདུག   དེ་མིན་ཕྱི་ཚེས་༢༡ཉིན་གྱི་རྒྱ་གར་དུས་བབ་སྟེང་དུ་བཀའ་ཁྲིའི་འོས་གྲངས་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་བློ་བཟང་སེང་གེ་ལགས་ལ་འོས་གྲངས་༢༨༠༠༠ཐོབ་ཡོད་སྐོར་བཀོད་ཡོད་པར་མ་ཟད།   རྒྱ་གར་བང་ཆེན་གསར་ཤོག་ཐོག་བཀོད་པའི་བཀའ་ཁྲིའི་འོས་གྲངས་ཕྱིར་བསྒྲགས་ཀྱི་གསར་འགྱུར་དེའི་མཇུག་ཏུ། བོད་མི་མང་སྤྱི་འཐུས་རྙིང་པ་གཉིས་ནས་གསུང་པའི་བཀའ་ཁྲིའི་འོས་མི་དང་འབྲེལ་བའི་སྐོར་གྱི་བསམ་ཚུལ་ཁག་གཉིས་ཀྱང་བཀོད་འདུག
ཕྱི་ཟླ་༤ཚེས་༡༥ཉིན་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་ཤོག་ཕྱོགས་བསྡོམས་གྲངས་བཤེར་གྲུབ་རྗེས། ཕྱི་ཚེས་༢༧ཉིན་གཞུང་འབྲེལ་ཐོག་འོས་བསྡུའི་མཇུག་འབྲས་ཡོངས་ཁྱབ་གསལ་བསྒྲགས་བསྐྱང་གཏན་ཁེལ་ཡོད་པ་རེད། ཡིན་ནའང་། ཉེ་སྔོན་རྒྱ་གར་གསར་ལམ་ཁག་ཏུ་བཀའ་འཁྲིའི་འོས་བསྡུའི་མཇུག་འབྲས་ཕྱིར་བསྒྲགས་བྱུང་འདུག   
ཕྱི་ཚེས་ ༢༢ ཉིན་འདི་ག་གསར་འགོད་པ་དབུས་འོས་བསྡུ་ལས་ཁུངས་ལ་བཅར་ཏེ།གཞུང་འབྲེལ་གསལ་བསྒྲགས་མ་གནང་གོང་འོས་གྲངས་ཕྱིར་བསྒྲགས་བྱུང་འདུག་པ་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་མེད་སྐོར་ལ་བཀའ་འདྲི་ཞུས་པར།དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་ཀྱིས་བརྗོད་དོན།འོས་བསྡུ་ལྷན་ཁང་གི་ངོས་ནས་ཕྱི་ལོ་༢༠༡༠ལོའི་ཟླ་༤པའི་ནང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་མགོ་འཛིན་དང་འོས་བསྡུའི་ཚོགས་མི་རྣམས་འབོད་འགུགས་ཀྱིས་ཚོགས་འདུ་ཚོགས་ཏེ་འོས་འདེམས་སྟངས་དང་།གསང་རྒྱ།ཟུར་དཔང་སོགས་འོས་བསྡུའི་སྒྲིག་མཐའ་དག་ངོ་སྤྲོད་བྱས་ཡོད།དེ་བཞིན་ཕྱི་ཟླ་༦པའི་ཚེས་༢ནས་དངོས་གཞི་མགོ་བཙུགས་ཏེ་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་།འགན་འཛིན་ལས་འཕར་གཉིས་བཅས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ལ་བསྐྱོད་དེ་འོས་བསྡུའི་སྒྲིག་གཞི་རྣམས་གཅིག་གཅིག་གཉིས་གཉིས་བྱས་ཏེ་གསལ་བཤད་བྱས་ཡོད།   ཡིན་ནའང་།ཉེ་ལམ་རྒྱ་གར་གསར་ལམ་ཁག་ཏུ་འོས་གྲངས་ཕྱིར་བསྒྲགས་བྱུང་བའི་གནས་ཚུལ་ཐོན་པ་དེ་ནི།འོས་བསྡུའི་ཚོགས་མི་དང་ཟུར་དཔང་པ་སུ་ཞིག་ཀྱང་རུང་གང་ཟག་སོ་སོའི་ངོས་ནས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞིར་བཞག་གཏན་ལ་ཕབས་པའི་འོས་བསྡུའི་སྒྲིག་གཞི་ཁག་ལ་བརྩི་སྲུང་མ་བྱས་པ་དང་།སྤྱི་དོན་ལ་འགན་མ་ཁུར་བ་ཞིག་ཆགས་བསྡད་ཡོད་པ་རེད།དངོས་གཞིའི་འོས་ཤོག་རྣམས་ཕྱོགས་བསྡོམས་གྲངས་བཤེར་སྐབས་སུ་འོས་བསྡུའི་ཚོགས་མི་རྣམས་དང་།ཆོས་རྒྱུད་ཁག་ལྔ་དང་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཟུར་དཔང་རྣམས་ཚང་མ་ལྷན་འཛོམས་ཐོག ཉིན་རེ་རེ་བཞིན་གྲངས་བཤེར་ཕྱོགས་བསྡོམས་བྱས་ཏེ་ས་རྟགས་བསྐྱོན་ཡོད་པ་རེད།ཅེས་བརྗོད་སོང་།  
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་ལྔ་པའི་ནང་གསལ་ལྟར་ན།སྐྱེ་བོ་གང་ཞིག་ནས་འོས་བསྡུའི་སྒྲིག་གཞིའི་དོན་ཚན་གང་རུང་དང་འགལ་རིགས་བྱུང་ཚེ།འགལ་ཚབས་ཆེ་ཆུང་ལ་གཞིགས་ཏེ།སྐྱེ་བོ་དེར་ལོ་གསུམ་ནས་བཅུ་བར་འོས་འཕེན་རྒྱུའི་ཐོབ་ཐང་འཕྲོག་ཆོག་པ་དང་། འོས་བསྡུའི་ལས་བྱེད་གང་རུང་ནས་གོ་དབང་བེད་ལོག་ཏུ་སྤྱད་པའམ།འོས་བསྡུའི་གསང་རྒྱ་དགོས་རིགས་ཕྱི་གྱར་བྱས་པ་ཡིན་ན།ལམ་སེང་འོས་བསྡུའི་ལས་འགན་ནས་གནས་དབྱུང་གཏོང་དགོས་པ་འཁོད་ཡོད་པར་མ་ཟད། དོན་ཚད་སོ་དགུ་པའི་ནང་བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་སྒྲིག་གཞི་ཅི་རིགས་དང་མ་འགལ་བ་ཞིག་དགོས་པའི་སྐོར་བཀོད་འདུག    
 
གསར་འགོད་པ།ཚེ་རིང་རྒྱལ།
 

མཆན། 36

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    སྤྱི་འཐུས་གཉིས་ཀྱིས་འོས་གྲངས་ཕྱིར་བསྒྲགས་བྱས་པར་གྲགས།

    Reply
  2. སྐྱ་ཀ says:
    ལོ་ 12 སྔོན།

    བཀའ་ཁྲིད་ཐོབ་བབས་ཡོད་པ་དེ་ཐོབ་དུས་ངོས་ལེན་སྨོས་མི་དགོས།
    ཡིན་ཡང་ད་དུང་བོད་མི་སྤྱི་འཐུས་སོགས་གང་མང་ཞིག་ཡར་འཇོག་རྒྱུ་ཡོད་པའི་དེའི་ནང་དུ་ནད་ཡོམས་འདྲ་བྱུང་མི་ཡོང་ངམ་སྙམ་ནས་སེམས་འཁྲེལ་ཞིག་ཟུར་དུ་སླེབས་སོང་དེ་ནི་བོད་མི་འགྲོ་ལམ་གྱི་སྣེ་རུ་བཀག་རྡོ་ཆེན་པོ་ཞིག་སྔོན་ནས་ལྷག་ཡོད་ལ་ད་དུང་ཡང་དེའི་ལྷག་མ་ལུས་ཡོད་ན་བཀའ་བློན་ཇི་ལྟར་བཟང་ཡང་བྱེད་ཐབས་ཁག་ཙམ་འོང་རྐྱེན་ཡོད།

    Reply
  3. བྱ་གཞུང་འཇམ་དབྱངས། says:
    ལོ་ 12 སྔོན།

    ང་ཚོ་གཞུང་ལ་ཐུབ་ཚོད་འདྲ་གཏོང་གི་འདུག་་་་་རང་གཞུང་གི་ངོས་ནས་ཕྱིར་བསྒྲགས་མ་བྱས་སྔོན་ལ་ཚོགས་པ་དང་མི་སྒར་རེ་ཟུང་ཕྱིར་བསྒྲགས་བྱས་ཡོང་གི་འདུག་་་་
    འདི་ལ་ཡོང་ཁོངས་ལ་རྟགས་དཔྱད་ཅིག་བྱ་དགོས་ཀྱིན་འདུག་

    Reply
  4. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    རྒྱ་གར་གྱི་ཚགས་ཤོག་ཐོག་མཁས་དབང་བློ་བཟང་སེང་གེ་ལགས་མ་འོང་བཀའ་ཁྲི་རྒྱལ་ཁ་
    ཐོབ་པ་ངོས་འཛིན་བྱས་ནས་གསལ་བསྒྲགས་བྱས་པ་དེ་གནས་དོན་ཆེན་པོ་ཞིག་དང་།གསང་བ་ཕྱི་ལ་ཤོར་བའི་གཉེན་ཁ་ཡོད་པ་དང་བོད་ཀྱི་རྩ་དོན་ལ་གནོད་ཐུབ་པའི་གནས་དོན་ཞིག་དེ་
    བས་མིན།མཁྱེན་ལྡན་རྣམས་ཀྱིས་ཐུབ་ཁྲལ་གནང་དགོས་དོན་གང་ཡང་མེད།
    བོད་གཞུང་གིས་གསལ་བསྒྲགས་མ་གནང་གོང་རྒྱ་གར་ཚགས་ཤོག་ཐོག་མི་གཞན་
    ཞིག་ནས་གསལ་བསྒྲགས་བྱས་པ་དེ་ལ་གཞིགས་ན་མ་འོང་བཀའ་ཁྲི་སུ་ཡིན་མིན་རྒྱ་ཁབ་གཞན་གྱིས་ཀྱང་དོ་སྣང་དང་སེམས་ཁྲལ་བྱེད་བཞིན་པ་རྟོགས་ཐུབ། གནས་ཚུལ་དེ་ནི་ཡག་པོ་རེད་སྙམ།
    བོད་གཞུང་གི་རྩ་་ཁྲིམས་ནང་འཁོད་བའི་ནང་དོན་ལྟར་ན་འོས་གྲངས་ཤེར་ཚར་བའི་རྗེས་དུས་རིང་པོར་གསང་བ་བྱེད་དགོས་དོན་གང་ཡིན། དགོས་པ་དང་རྒྱུ་མཚན་གང་ཡང་མི་འདུག།

    Reply
  5. དབྱངས་ཅན་སྒྲོལ་མ། says:
    ལོ་ 12 སྔོན།

    རྒྱ་གར་གྱི་འོས་གྲངས་ཕྱིར་བསྒྲགས་བྱས་ཡོད་དེ་ལ་སེམས་ཁྲལ་བྱེད་དགོས་ས་ཞིག་རེད་མི་འདུག གསང་བ་ ཕྱིར་ཤོར་བ་ཞིག་ཡིན་ན་གྲངས་ཀ་མཐུན་དགོས་ལ། ང་ཚོ་ས་ཆ་གང་དུ་སོང་ན་གཉོམ་ཆུང་ཡིན་རྟགས་རེད། རྒྱ་གར་གསར་ཁང་ལ་ཐོབ་ཐེངས་ཡོད་པ་ཞིག་ཡང་མ་རེད་ལ་འོས་གན་ཡོད་པ་ཞིག་ཀྱང་མ་རེད། སེམས་ཁྲལ་ཡོད་ན་ང་ཚོ་གཉོམ་ཆུང་རེ་བསམ་ནས་སེམས་ཆེའི།

    Reply
  6. དབྱངས་ཅན་སྒྲོལ་མ། says:
    ལོ་ 12 སྔོན།

    མཁས་དབང་བློ་བཟང་སེངྒེ་མཆོག་ལ་རྒྱལ་ཁ་འཐོབ་ཡོད་པ་དགའ་བསུ་ཡོད། ཡིད་ཆེས་ཡོད། རེ་བ་ཆེན་པོ་ཡང་ཡོད། བོད་རྒྱལ་ལོ།

    Reply
  7. རྒྱང་རིང་། says:
    ལོ་ 12 སྔོན།

    གནས་ཚུལ་འདི་ཞིབ་འཇུག་བྱས་ན་ལས་སླ་བོ་རེད་དྲན་ཀྱིན་འདུག
    རྒྱ་གར་གྱི་གསར་འགོད་པ་ཁོང་གཉིས་ལ་སྐད་ཆ་ནན་མོ་ཞིག་དྲིས་ན་གསལ་པོ་ཆགས་འགྲོ ཡིན་ཡང་འོས་བསྡུ་ལྷན་ཚོགས་ཀྱིས་གསང་ཕྱིར་ཤོར་མེད་པའི་རེ་བ་དང་ཡིད་ཆེས་ཡོད། ཡ་ཡ་་་་ད་ང་ཚོས་སང་ཉིན་ལ་བལྟ་རྒྱུ་རེད།

    Reply
  8. གྲྭ་རྒོད says:
    ལོ་ 12 སྔོན།

    བཀའ་ཁྲི་བློ་སངས་སེང་གེ་ལགས་སུ་རྒྱལ་ཁ་ཐོབ་པ བདེན་པ་ཡིན་ན་རྟེན་འབྲེལ་བཟང་རེ་བ་འང་ཡོད་བཀྲ་ཤིས་བདེ་ལེགསཞུ། བདེན་པ་མིན་ན་ངས་སེམས་ཕམ་སོང་རེ་བ་མེད།སྡིག་སྐད་རེ་གཏོང་རྒྱུ་ལས་གཞན་གྱི་་་་་་་་་་་་་་

    Reply
  9. རྟ་བོར་བ། says:
    ལོ་ 12 སྔོན།

    འོས་བསྡུ་ལྷན་ཁང་གི་ནང་དུ་རྒྱ་གར་ནག་གང་རུང་གི་གསང་ཉུལ་བ་ཅིག་ཡོད་ཐག་ཆོག་རེད།
    ད་ནི་བོད་གཞུང་གི་ལས་བྱེད་ཚོའི་ནང་དུ་དོགས་པ་ཆེན་པོ་ཡོད།
    ང་ཚོ་ཚང་མའི་བསམ་བློ་གཏོང་དགོས་པར་འདུག
    ཚང་གཟབ་ནན་མ་བྱས་ན་མགོ་སྟེང་སློག་ཉེན་འདུག་ད།

    Reply
  10. སྨྲ་བརྗོད་རང་དབང་། says:
    ལོ་ 12 སྔོན།

    གང་ལྟར་ད་ཐེངས་ཀྱི་འདི་བདེན་པ་ཡིན་ས་རེད། སྔོན་གྱི་དེ་ལ་ཡིད་ལྟོན་བྱེད་ཐུབ་མ་སོང་། བློ་བཟང་སེང་གེ་ལ་དགའ་བསུ་དང་རྟེན་འབྲེལ་ཞུས་པ་ཡིན་རྙིང་བ་མང་ན་ཡང་རིན་ཐང་ཅན་ཚོ་ལྷག་ཡོད་ན་བཟང་གི།

    Reply
  11. སྨར་ཀླུང་དཔའ་ལ། says:
    ལོ་ 12 སྔོན།

    བློ་སེང་ལགས་སུ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ལ་བཀྲ་ཤིས་བདེ་ལེགས་དང་འབྱུང་འགྱུར་གྱི་ཕྱག་ལས་ཡོད་དོ་ཅོག་མི་རིགས་ཀྱི་བདེན་པའི་འཐབ་རྕོད་དང་ཤེས་རིག་ཕུག་མདུན་བཟང་པོ་རྣམས་ཉམས་དམས་དང་འཐུས་ཤོར་མི་འགྲོ་བར་ཐུགས་བསམ་རྒྱ་ཆེན་པོ་གནང་བ་ལ་མ་འཆུག་ཞེས་ཞུ་བསྐུལ་ཡང་ཡང་ཞུ་གི་ཡོད།

    དབུས་འོས་བསྡུ་ལྷན་ཁང་ནས་གསང་བ་ཕྱི་ལ་གྱར་བ་དེ་ཅུང་མ་ལེགས་པར་ཆག་འདུག་སྙམས།

    Reply
  12. བློ་བཟང་རྒྱལ་མཚན། says:
    ལོ་ 12 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པར་དགའ་སྤྲོ་ཚད་མེད་སྐྱེས་བྱུག་ལ་བཀྲ་ཤིས་བདེ་ལེགས་ལུས་ཞུ།    འོན་ཀྱང་རྒྱ་གར་གྱི་ཚགས་ཤོག་ཐོག་ཏུ་འོས་་གྲངས་བཤད་སྟངས་འདིར་བདེན་པ་ཡིན་པར་ངོས་འཛིན་བྱེད་ཐབས་མི་འདུག་
    གལ་སྲིད་དེ་འདྲ་ཡིན་པའི་དབང་དུ་བཏང་ན་འོས་ཤོག་སུམ་སྟོང་ལྷག་ཞིག་ག་བར་ཕྱིན་པ་ཡིན་ནམ།
    ཚ་བློ་བཟང་རྒྱལ་མཚན།    ནོར་གླིང་།

    Reply
  13. བསྟན་འཛིན་འཕགས་པ། says:
    ལོ་ 12 སྔོན།

    ད་ལྟས་ངན་རེད་་་་་་

    Reply
  14. བསྟན་འཛིན་འཕགས་པ། says:
    ལོ་ 12 སྔོན།

    བོད་གཞུང་འོས་བསྡུ་ལྷན་ཁང་ནས་གསང་བ་ཕྱི་སྒྲག་ཤོར་བ་ལྟས་ངན་རེད་།
    ཨོ་ཡིན་རྒྱུ་རེད་བོད་གཞུང་ལས་བྱེད་ནང་རྒྱ་གར་སོ་པ་དང་རྒྱ་ནག་སོ་པ་ཡོད་ཟེར་བ་དེ་འདྲ་ཡིན་འགྲོ་།
    ཧཧཧཧཧ་་་་་་བོད་གཞུང་འོས་བསྡུ་ལྷན་ཁང་ནས་གསལ་སྒྲག་བྱེད་ཡ་ཕྱི་ཚར་སོང་ཧཧཧཧ

    Reply
  15. ཇ་མ་ says:
    ལོ་ 12 སྔོན།

    བཀའ་ཁྲི་བློ་བཟང་སེང་གེའི་བཀྲ་ཤིས་ཤོག
    འོས་བསྡུ་ཞབས་འདྲེན་ལྷན་ཁང་གི་ལས་མི་ཡོད་ཏོ་ཅོག་ནས་བོད་གཞུང་མང་གཉིས་ཀྱི་ཤེས་བར་བྱས་ནས་ལས་མི་རེ་རེ་ནས་གནས་ཆུང་ཆོས་སྐྱཽངས་སྲུང་མའམ་༧གོང་ས་མཆོག་གི་སྐུ་མདུན་ནས་མནའ་བསྐྱལ་དུ་འཇུག་དགོས། བོད་གནའ་མིའི་གཏམ་དཔེ་ལ་མིའི་མི་ཟ་བ་མནའ་དང་ཁྱིའི་མི་ཟ་བ་རྡོ་ཟེར་སྲོལ་ཡོད། ཡང་ན། བསྟན་དགྲ་ཚར་མ་བཅད་ནས་བསྟན་འཛིན་སངས་མི་རྒྱ་ཟེར་བ་ལྟར། མི་ངན་དེ་རིགས་གཙང་བཟོ་མ་བྱས་ན་རྗེས་སུ་བོད་རྒྱལ་ཁབ་བཙོང་མཁན་ཡང་ཡོང་སྲིད་པ་རེད།

    Reply
  16. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལགས་སུ་ཐོབ་པར་དགའ་སྤྲོའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། འབྱུར་འགྱུར་ང་ཚོའི་ཡིད་ཆེད་དང་རེ་བ་ཆུད་ཟོས་སུ་མི་གཏོང་བར་བོད་མི་རིགས་ཀྱི་ཆེད་དུ་རང་ནུས་གང་ཡོད་འདོན་རྒྱུའི་རེ་བ་ཡོད།

    Reply
  17. ཁ་བའི་བུ། says:
    ལོ་ 12 སྔོན།

    ཞབས་འདྲེན་རང་རེད། བཙན་བྱོལ་བོད་གཞུང་གི་འོས་གྲངས་གསལ་བསྒྲགས་བྱེད་མཁན་རྒྱ་གར་རེད། ད་འོས་བསྡུ་ལྷན་ཁང་སྒོ་རྒྱབ་ཏེ་རྒྱ་གར་གསར་འགོད་པར་རྩིས་སྤྲད་ན་ད་ག་མ་རེད་པས།

    Reply
  18. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    ཨ་རི་ནང་གི་སྙན་གྲགས་ཤིན་ཏུ་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་མཁས་དབང་གི་གོ་གནས་གནང་བའི་ངེས་དོན་གྱི་མཁས་དབང་བློ་
    སེང་གེ་ལགས་བཀའ་ཁྲིའི་རྒྱལ་ཁ་ཐོབ་པ་ལ་འཚམས་འདྲི་དང་སྦྲགས་རེ་བ་གཞི་ཡོད་པ་ནི་ཕྱག་སྦྲེལ་བཀའ་བློན་རྣམས་ངེས་པར་དུ་མ་ནོར་ལདེམས་དགོས་པ་དང་བཀའ་ཤག་གི་འཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་པ་ནི་གོམ་པ་དང་པོའི་ཕྱག་ལས་གལ་ཆེ་ཤོས་ཤིག་ཆགས་ཡོད་
    པས་ཁ་ཕྱོགས་དང་པོ་ལ་འཁྲུལ་བ་མི་ཡོང་བར་གནང་དགོས།

    Reply
  19. གཟི་མིག་༣པ says:
    ལོ་ 12 སྔོན།

    བཀའ་ཁྲི་བློ་སངས་སེང་གེ་ལགས་སུ་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་དང་བོད་དོན་གྱི་བདེན་མཐའ་མྲུར་དུ་སྒྱུབ་པའི་རེ་བ་བྱ་བཞིན་ཡོད་ འོས་བསྡུའི་ལས་མི་ཡོངས་དང་ཟུར་དཔང་ཡོངས་ལ་གུས་པའི་ངོས་ནས་ངོ་བརྒོལ་མཐའ་ཅིག་ཏུ་ཡོད་་་་གང་ལ་ཞེས་ན་བོད་གཞུང་ངོས་ནས་་བཀའ་ཁྲིའིའོས་གྲངས་་ཁྱབ་བསྒྲགས་མ་བྱས་གོང་རྒྱ་གར་གསར་ཤོག་ནང་དོན་པ་ནི་ཐབས་སྐྱོ་པོ་དང་ཞབས་འདྲེན་ལངས་ནས་ཞུས་པ་རེད་་་་གནས་ཚུལ་དེ་ཚོའི་ངོས་ནས་མི་འདི་རིགས་ཀྱིས་༸གོང་ས་མཆོག་གི་བཀའ་ལ་མི་བརྩི་བ་དངོས་བསལ་དོད་པོ་རེད་དེར་བརྟེན་བོད་མི་ཡོངས་ཀྱིས་ད་མི་མི་རེ་ངོ་རེའི་ལས་འགན་འཁྱེར་ནས་མི་འདི་རིགས་ལ་ཉེས་པ་ངེས་པར་དུ་གཏོང་དགོས་ཞེས་གཞུང་ལ་འབོད་བསྐུལ་བྱ་དགོས་

    Reply
  20. གངས་སྨྱུག says:
    ལོ་ 12 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་སུ་བཀའ་ཁྲིའི་འོས་ཐོབ་ལ་འཚམ་དྲིའི་བཀྲིས་བདེ་ལེགས་སྙིང་ནས་གྲངས་མེད་ཞུ། འབྱུང་གྱུར་བོད་མིའི་བདེན་རྩ་མྱུར་སེལ་ལ་གེགས་མེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་སོགས།
    གངས་སྨྱུག་ནས།

    Reply
  21. sansara says:
    ལོ་ 12 སྔོན།

    ད་ཐེངས་དབུས་འོས་བསྡུ་ལྷན་ཁང་ནས་ངེས་པར་དུ་མི་དམངས་ཀྱི་ལས་འགན་སྤྲད་པ་དེར་འགན་འཁུར་ནས་གནས་ཚུལ་དེའི་ཐོག་དམངས་ཚོགས་ལ་བསལ་བཤད་གཙང་མ་ཞིག་དང་གསལ་པོ་ཞིག་མ་རྒྱབ་ན་ལྷན་ཁང་རང་ཉིད་ནས་མངོ་གནོང་དགོས་པའི་ལས་ཀ་བྱས་པར་དངོས་འཛིན་བྱེད་རྒྱ་དང་ཡང་ན་གང་ཟག་གྱེར་སུ་ཡིན་རུང་གཞིས་བྱེས་བོད་མི་ཚང་མར་བློ་ཕམས་ཅུག་པའི་གནས་ཚུལ་དེ་འདྲ་བཟོས་པར་ངེས་བར་དུ་བརྩལ་བཅོས་བྱེད་ནས་བོད་མིའི་སྤྱི་ཚོགས་ནས་འཕུད་རྒྱུ་ཡིན་།།།།།།

    Reply
  22. རང་དབང་ཕོ་ཉ། says:
    ལོ་ 12 སྔོན།

    བོད་གཞུང་དབུས་འོས་བསྡུ་ལས་ཁང་གསང་བ་ཡག་པོ་ཉར་མ་ཐུབ་པ་དེ་ཁོ་ཚོའི་ལས་དོན་ཚགས་ཚུད་ག་འདྲ་བྱེད་ཀྱི་ཡོད་མེད་མངོན་རྟགས་ཤིག་རེད།་རང་དབང་ཅན་གྱི་སྡེ་ཚན་ཞིག་གི་བྱེད་སྟངས་འདི་ཐབས་སྐྱོ་པོ་རེད།

    Reply
  23. གླིང་ཚང་བྱ་གླག says:
    ལོ་ 12 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་གཅིག་ཏུ།
    ཁྱེད་ཀྱི་ང་ཚོ་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ནས། ༸ གོང་ས་སྐྱབས་མགོན་མཆོག་གཙོས་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་མྱུར་བ་མྱུར་དུ་བོད་ཀྱི་རྒྱལ་ས་ཕོ་བྲང་པོ་ཏ་ལ་རུ་གདན་འདྲེན་ཞུ་ཐུབ་པའི་སྨོན་འདུན་དང་བཅས།

    Reply
  24. སྟོང་སྐོར་ཐུབ་བསྟན། says:
    ལོ་ 12 སྔོན།

    བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། བོད་རྒྱལ་ལོ།

    Reply
  25. གངས་སྐྱེས། says:
    ལོ་ 12 སྔོན།

    དོན་དེ་ལ་དངོས་གནས་བློ་ཕམ་སྐྱེས་དགོས་པ་ཞིག་རེད། དབུས་འོས་བསྡུ་ལྷན་ཁང་ནས་རྒྱ་གར་ཚགས་པར་གསར་འགོད་པ་དེ་ལ་སྐད་ཆ་དྲིས་ནས་བོད་སྤྱི་བའི་དོན་ལ་འགན་ཁུར་མཁན་དང་བོད་མི་གཡོ་ཚོང་བྱེད་མཁན་དེ་དག་སྤྱི་ཚོགས་ནང་ལ་གསལ་སྟོན་བྱེད་དགོས། དབུས་འོས་བསྡུ་ལྷན་ཁང་ལ་རེ་བ་དང་བཅས་ཏེ།

    Reply
  26. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 12 སྔོན།

    འོས་བསྡུ་ལྷན་ཁང་ནས་གཟབ་གཟབ་བྱོས་ན་མ་གཏོགས་མི་ངན་རེ་ཟུང་གིས་འོས་བསྡུ་ལ་བར་ཆད་གཏོང་བའི་ཉེན་ཁ་ཆེ།
    དཀྲོག་གཏམ་གྱི་སྐད་ཆ་བདག་པོ་མ་རྒྱབ་ན་ཡག་གི་རེད།

    Reply
  27. གངས་འབྲོང་བུ། says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལགས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་ཆབས་ཅིག་ཏུ་སྐུ་ཉིད་ཀྱིས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཕྱག་ལས་ཅི་གནང་ཐམས་ཅད་བྱ་བ་ལམ་འགྲོ་ཡོངས་བའི་སྨོན་འདུན་དང་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་རེ་བ་དང་བཅས་་་་་

    Reply
  28. GYAMTSO says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལགས་སུ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་གོ་འཕང་ཐོབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་ཀྱི་ཐུགས་དོན་ཇི་བཞིན་འགྲུབ་པ་དང་། ཁྱེད་ཀྱི་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་པའི་དུས་སྐབས་དེར་བོད་ཀྱི་བདེན་མཐའ་སེལ་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད་པས་འབད་བརྩོན་གནང་རོགས་ཞུ་རྒྱུ་མ་ཟད་མགྱོགས་ནས་མྱུར་དུ་བོད་མདོ་སྨད་ཨ་མདོ་རྔ་བའི་ཀིརྟིའི་དགོན་དང་རྔ་བ་མི་མང་གི་ཆེས་་ཛ་དྲག་གནས་སྟངས་སོགས་ཐབས་བརྒྱ་ཇུས་སྟོང་གིས་སྐྱབས་རོགས་ཞུ།

    Reply
  29. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    གསང་བ་ཕྱི་ལ་ཤོར་ན་ང་ཚ་རེད། འོས་བསྡུ་འགན་འཛིན་རྣམ་གསུམ་ཁ་འཁྱམ་ནས་མགོ་འཁོར་ནས་བསྡད་པ་མིན་ན། དེ་ཐེངས་ལོ་རྒྱུས་ལ་འགན་ཁུར་ནས་གསལ་བཤད་ཡང་དག་ཅིག་དགོས་ཀྱི་རེད།

    Reply
  30. རང་རྟོན། says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལགས་སུ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་གོ་འཕང་ཐོབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་ཀྱི་ཐུགས་དོན་ཇི་བཞིན་འགྲུབ་པ་དང་། ཁྱེད་ཀྱི་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་པའི་དུས་སྐབས་དེར་བོད་ཀྱི་བདེན་མཐའ་སེལ་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད་པས་འབད་བརྩོན་གནང་རོགས་ཞེས་སྙིང་དབུས་ནས་རེ་སྐུལ་ཞུ་རྒྱུ་ཡིན།།
    བཙན་བྱོལ་བོད་མིའི་འོས་བསྡུའི་དེབ་སྐྱེལ་སྐབས་སུ་༨༠༠༠༠ཡོད་རབས་བཤད་བསྡད་པ་རྣམས་ག་པ་ཕྱིན་པ་རེད་དམ། རྒྱ་གར་གྱི་ཚགས་ཤོག་ཐོག་ཏུ་འོས་གྲངས་བཤད་སྟངས་འདིར་བདེན་པ་མི་འདུག་སྙམ་མོ།

    Reply
  31. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལགས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། བོད་ཀྱི་བདེན་འཐའ་གསལ་བའི་སྨོན་འདུན་ཀྱང་གྲངས་མེད་ཞུ། བོད་རྒྱལ་ལོ།

    Reply
  32. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    གསང་པ་ཕྱི་ལ་ཤོར་བ་ལྟས་ངན་རེད

    Reply
  33. ཅོ་རི་ཉི་མ། says:
    ལོ་ 12 སྔོན།

    དེ་ཐེངས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་དེབ་སྐྱེལ་བྱེད་མཁན་མི་གྲངས་༧༩༡༡༡ བྱུང་ཡོད་པ་དང། དེབ་སྐྱེལ་འཕར་མའི་དུས་སྐབས་སུ་བསྐྱར་དུ་དེབ་སྐྱེལ་བྱེད་མཁན་མི་གྲངས་༤༢༨༨ བྱུང་བར་བརྟེན། ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་མི་གྲངས་༨༣༣༩༩ བྱུང་ཡོད་པ་རེད། དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཏུ་འོས་བསྡུ་སའི་ས་གནས་ཁག་༥༦ ཡོད་པ་དང། དེའི་ནང་ནས་མཐོ་སློབ་ཁག་༥ བཅས་བསྡོམས་འོས་བསྡུའི་ས་གནས་ཁག་༦༡ ཡོད་པ་རེད།།

    Reply
  34. ཇ་མ་ says:
    ལོ་ 12 སྔོན།

    བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་ཁྱེད་ཀྱི་དབུ་ཁྲིད་པའི་འོག་གཞིས་བྱེས་ལྷན་འཛོམས་དང་བོད་དོན་བདེན་མཐའ་གསལ་བའི་སྨོན་ལམ་འདེབས།

    Reply
  35. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལགས་སུ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་གོ་འཕང་ཐོབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་ཀྱི་ཐུགས་དོན་ཇི་བཞིན་འགྲུབ་པ་དང་། ཁྱེད་ཀྱི་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་པའི་དུས་སྐབས་དེར་བོད་ཀྱི་བདེན་མཐའ་སེལ་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད་པས་འབད་བརྩོན་གནང་རོགས་ཞེས་སྙིང་དབུས་ནས་རེ་སྐུལ་ཞུ་རྒྱུ་ཡིན།།

    Reply
  36. ཅོ་རི་ཉི་མ། says:
    ལོ་ 12 སྔོན།

    བློ་སེང་གི་འོས་༢༧༠༠༠+བཀྲ་ཤིས་དབང་འདུས་ཀྱི་༣༠༠༠་ཁྱོན་སྡོམ་༣༠༠༠༠རེད། དེའི་ཐོག་ཏུ་བཀྲས་མཐོང་གི་འོས་༡༨༠༠༠བརྒྱབས་ན་སྡོམ་༤༨༠༠༠རེད།

    བཙན་བྱོལ་བོད་མིའི་འོས་བསྡུའི་དེབ་སྐྱེལ་སྐབས་སུ་༨༠༠༠༠ཡོད་རབས་བཤད་བསྡད་པ་རྣམས་ག་པ་ཕྱིན་པ་རེད་དམ། རྒྱ་གར་གྱི་ཚགས་ཤོག་ཐོག་ཏུ་འོས་གྲངས་བཤད་སྟངས་འདིར་བདེན་པ་མི་འདུག་སྙམ་མོ།

    ཉིན་གཉིས་རྗེས་སུ་ཤེས་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist