མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུན་རིང་གསོག་པའི་ན་ཟུག་མ་བཟོད་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྔ་པ་ཀིརྟི་དགོན་པ་དང་རྒྱ་ནག་དམར་གཞུང་བར་གྱི་ཛ་དྲག་གི་འབྲེལ་འདྲིས་བྱུང་རིམ་དང་། ལྷག་པར་དུ་ཉེ་ཆར་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་རྗེས་ནས་ད་ལྟའི་བར་གྱི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད།  

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་ཀིརྟི་བྱེས་བ་གྲྭ་ཚང་གི་ཚོགས་ཁང་དུ་ཀིརྟི་དགོན་པའི་གྲྭ་ཚེ་རིང་དང་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཐོག་མའི་བྱུང་རིམ་སློར་ལ་གྲྭ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་དོན། ད་ལྟའི་ཆར་རྔ་པ་ཀིརྟི་དགོན་པ་རྒྱ་ནག་གི་མེ་མདའི་འོག་ཏུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཆེན་པོ་འབྱུང་སྲིད་པའི་ཉེན་ཁའི་འོག་གནས་ཡོད། གནས་ཚུལ་འདི་དག་གི་བྱུང་རྐྱེན་གློ་བུར་བ་ཞིག་མིན་པར། ལོ་རྒྱུས་ཀྱི་བྱུང་རབས་ཞིག་གི་ཐོག་ནས་ཡོང་བ་རེད། འདས་པའི་ལོ་རྒྱུས་ལ་ཕྱི་བལྟས་བྱས་ན། ༡༩༤༩ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཆོལ་ཁ་གསུམ་ནང་མནར་གཅོད་རིམ་པར་བཏང་ཡོད་པ་ལྟར། ཨ་མདོ་རྔ་པར་མཚོན་ནའང་། སྐབས་དེ་ནས་བཟུང་རྒྱ་ནག་གི་དམག་མི་དང་ལས་བྱེད་མངགས་གཏོང་མནར་གཅོད་རིམ་པར་བཏང་ཡོད་ལ། ༡༩༨༨ ནས་ ༡༩༩༢ བར་རྔ་པ་ཁུལ་དུ་བོད་རང་བཙན་གྱི་སྦྱར་ཡིག་སྟོང་ཕྲག་ཁ་ཤས་དང་། བོད་ཀྱི་རྒྱལ་དར་ ༡༠༠ ལྷག་བསྒྲེངས་འཛུགས་བྱས་ཡོད། རྒྱུ་མཚན་དེ་དག་ལ་རྐྱེན་བྱས་ཏེ་རྒྱ་ནག་གཞུང་གིས་རྔ་པ་ཁུལ་གྱི་བོད་མི་འཛིན་བཟུང་དང་བཀག་ཉར། ཁྲིམས་ཐག་བཅད་དེ་མི་མང་པོ་དབང་བོ་སྐྱོན་ཅན་ཆགས་པའི་གནས་སྟངས་ཆགས་ཡོད།

༡༩༩༨ ལོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་མགོ་འཛུགས་སྐབས་ཀྱང་ཐེངས་དང་པོར་རྔ་པ་ཀིརྟི་དགོན་གྱི་གྲྭ་བ་རྣམས་ཀྱིས་ངོས་ལེན་མ་བྱས་པར་སྤྱར་ཡིག་དང་། རྒྱ་དར་བསྒྲེངས་འཛུགས་སོགས་ཀྱི་ལམ་ནས་རྣམ་འགྱུར་འདྲ་མིན་བསྟན་ཡང་། རྒྱ་ནག་གཞུང་གིས་དངོས་ཡོད་ཞི་འགྲིག་དང་ས་གནས་ས་ཐོག་གི་དཀའ་ངལ་སེལ་ཐབས་ལས་ལྡོག་ཏེ་དྲག་གནོན་དང་འཛིན་བཟུང་། ཁྲིམས་ཐག་བཅད་པ་སོགས་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་ཡོད། ཅེས་བརྗོད་བྱུང་།  

ཡང་ཁོང་གིས། ༢༠༠༣ ལོར་རྔ་པ་ཀིརྟི་དགོན་པའི་ནང་ཡོད་པའི་༼ ནང་བསྟན་གཞོན་ནུའི་རིག་སློབ་ཁང་ ༽ ཞེས་པའི་རང་ལོ་ ༡༨ ཅན་གྱི་གྲྭ་བ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། རྒྱ་ཡིག  རྩིས་འཁོར་སོགས་ལས་བོད་ཕྱི་ནང་བར་འབྲེལ་བ་དང་ཆབ་སྲིད་དང་འགལ་རིགས་གང་ཡང་བྱེད་ཀྱི་མེད་ཀྱང་། རྒྱ་གཞུང་གིས་བཙན་ཤེད་ཀྱིས་སྒོ་བརྒྱབ་སོང་། ༢༠༠༨ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པས་གསར་རྒྱག་བྱས་པའི་སློབ་གྲྭ་ཡང་སྒོ་བརྒྱབ་པ་སོགས། ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་མི་ཚོར་རང་གི་སྐད་ཡིག་རིག་གནས་དང་། ཆོས་ལུགས་རིག་གཞུང་སོགས་ལ་སློབ་སྦྱོང་གི་གོ་སྐབས་ཙམ་ཡང་སྤྲོད་ཀྱི་མེད།

རྒྱ་གཞུང་གི་བྱེད་སྟངས་འདི་དག་ས་གནས་བོད་མི་ཚོར་སེམས་ནང་གི་ན་ཚ་ཆེ་ཤོས་ཤིག་ཆགས་ཏེ། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཉིན་གཅིག་ལ་རྔ་པ་སྟོད་སྨད་བར་གསུམ་གྱི་སྐྱ་སེར་ ༢༣ གྱི་ཚེ་སྲོག་ཤོར་བ་དང་། འཛིན་བཟུང་དང་གཅར་རྡུང་བྱས་ཏེ་མི་ ༤ ལྷག་གི་ཚེ་སྲོག་ཤོར་ཡོད། སྐབས་དེ་ནས་རྔ་པ་ཁུལ་དུ་དམག་སྒར་ ༡༣ ལྷག་བརྒྱབ་སྟེ་དྲག་གནོན་ཁོ་ན་བྱས་སྟབས། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྲྭ་ཕུན་ཚོགས་ལགས་ཀྱིས་རྔ་པ་ཁུལ་དང་བོད་ནང་གི་བོད་མི་ཚོས་གནས་སྟངས་གང་འདྲ་ཡིན་མིན་རྒྱལ་སྤྱིའི་སྟེང་ལ་གསལ་སྟོན་བྱས་ཡོད་སྟབས། གནས་སྟངས་དེ་དག་ལོ་རྒྱུས་ཀྱི་བརྒྱུད་རིམ་མང་པོ་ཞིག་གི་བྱས་འབྲས་རེད་ལ། ནག་ཉེས་འདི་དག་གི་བྱུང་རྐྱེན་གཙོ་བོ་རྒྱ་ནག་གུང་ཁྲན་ཆགས་ཡོད། ཅེས་བརྗོད་བྱུང་། 

 

དེའི་རྗེས་སུ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་རྔ་པ་ཀིརྟི་དགོན་པའི་ད་ལྟའི་གནས་སྟངས་སྐོར་ནས་བརྗོད་དོན། ཀིརྟི་དགོན་པའི་མཁན་པོ་སོགས་གནད་ཡོད་མི་སྣ་དག་གིས་སྐྱ་སེར་གཉིས་ཀར་སློབ་གསོ་བཏང་སྟེ། ཞི་བདེ་ལྷིང་འཇགས་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་རྔ་པ་ཀིརྟི་དགོན་གྲོང་གཉིས་བཙོན་ཁང་ལྟ་བུ་བཟོས་ཡོད། ཟླ་གཅིག་ནང་ཚུད་དུ་ཉེས་མེད་གྲྭ་བ་ ༣༠༠ ཙམ་འཛིན་བཟུང་གིས་རྫོང་ཁག་མི་འདྲ་བ་གསུམ་ལ་ཁྲིད་ཡོད། ཁོང་ཅག་གི་སྐུ་གཟུགས་ཀྱི་གནས་སྟངས། སྡུག་སྦྱོང་མནར་གཅོད་ག་ཚོད་མྱོང་གི་ཡོད་མེད་ཐད་ང་ཚོར་སེམས་འཚབ་ཆེན་པོ་ཡོད་ལ། ཟླ་བ་དང་ལོ་ག་ཚོད་ཅིག་གི་རྗེས་སུ་ཕྱིར་དགོན་པ་དང་བོད་ཀྱི་ས་ཐོག་ཏུ་ལོག་ཐུབ་མིན་དང་། ཕྱིར་ལོག་རྗེས་གཟུགས་པོ་བདེ་ཐང་ངང་འཚོ་གནས་ཐུབ་མིན་བཅས་ལ་བློ་འཚབ་སྐྱེ་བཞིན་ཡོད།

རྒྱ་ནག་གཞུང་དང་འབྲེལ་ཡོད་མི་སྣ་ཞིག་གིས་ཉེ་ཆར་གྲྭ་ཕུན་ཚོགས་ལགས་མེར་བསྲེག་གཏོང་སྐབས་ལམ་སེང་སྨན་ཁང་དུ་བསྐྱལ་བ་ཡིན་ན། མྱུར་སྐྱོབ་བྱེད་ཐུབ་ཀྱིན་ཡོད་ཚུལ་བཤད་དེ་གྲྭ་ཕུན་ཚོགས་ལགས་ཀྱི་བེམ་པོ་དམག་མིས་ལག་ནས་འཕྲོག་མཁན་གྱི་གྲྭ་བ་ཚོར་མི་གསོད་ལག་དམར་གྱི་ཉེས་འཛུགས་བྱས་ཏེ་སྲོག་ཁྲིམས་གཅོད་པའི་ཉེན་ཁ་ཡོད་ཚུལ་བཤད་འདུག་ལ། ཉེ་སྔོན་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཅུས་གསལ་བསྒྲགས་བཏང་སྟེ། “ སི་ཁྲོན་ཞིང་ཆེན་མངའ་ཁོངས་ཀྱི་བོད་རིགས་འདུས་སྡོད་ས་ཁུལ་ཡོངས་སུ་དུས་ཚོད་ངེས་མེད་རིང་ཕྱི་ཕྱོགས་ཀྱི་མགྲོན་པོ་གཅིག་ལའང་སྣེ་ལེན་བྱ་རྒྱུ་མིན་པ་དང་། ད་ལྟ་ཡོད་བཞིན་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཚང་མ་སེམས་གསོ་དང་ཁ་ཏ་བསླབ་བྱའི་སྒོ་ནས་ཕྱིར་འགྲོ་རུ་འཇུག་དགོས། དེའི་རྒྱུ་རྐྱེན་རྗེས་སུ་ག་ལེར་འགྲེལ་བཤད་རྒྱག་གི་ཡིན། ”ཞེས་ཛ་དྲག་གི་གསལ་བསྒྲགས་སྤེལ་འདུག 

ད་ལྟའི་ཆར་རྔ་པ་ཀིརྟི་དགོན་གྲོང་གཉིས་ཀ་མུ་མཐུད་ཛ་དྲག་གནང་གནས་ཡོད་སྟབས། ང་ཚོའི་ངོས་ནས་སྔོན་མ་ནང་བཞིན་དགོན་པར་འཇབ་རྒོལ་དང་དྲག་རྒོལ་ཡོང་སྲིད་པའི་བློ་འཚབ་ཡོད་སྟབས། གོ་སྐབས་འདི་བརྒྱུད་དེ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ཞི་བདེ་དང་དྲང་བདེན། འཚེ་བ་མེད་པའི་ལམ་ལུགས་ལ་དགའ་བའི་ཚོགས་སྡེ་ཁག་གིས་དྲང་པོ་དྲང་བཞག་གིས་ཉམས་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། མི་འགྱང་པར་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་གནད་ཡོད་མི་སྣ་རྒྱ་གར་ནང་ཡོང་སྟེ། རྒྱ་གར་གྱི་དཔོན་རིགས་དང་མཉམ་དུ་སྐད་ཆ་བཤད་འཆར་ཡོད་པའི་སྐད་ཆ་ཞིག་ཡོང་གི་འདུག་སྟབས། ང་ཚོས་གོ་སྐབས་འདི་བརྒྱུད་དེ་ད་ལྟ་རྔ་པ་ཁུལ་དུ་ཡོད་པའི་བཙོན་པ་དེ་དག་གི་གནས་སྟངས་རྒྱལ་སྤྱིའི་སྟེང་གསལ་འདོན་བྱ་རྒྱུའི་འབོད་སྐུལ་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩

མཆན། 2

  1. ཁང་མུན་གྲོལ། says:
    ལོ་ 12 སྔོན།

    ཐུགས་རྗེ་ཆེ། ཁྱོད་ཚོས་འདི་ལྟར་ཕ་ཡུལ་གྱི་གནས་བབ་དུས་དང་དུས་སུ་དྲྭ་རྒྱར་སྤེལ་བར་དགའ་བོ་བྱུང་།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 12 སྔོན།

    བཙན་པོའི་སྨག་ནག་ཆེས་ཆེར་བདོ་བས་ན། རང་ལུས་མེ་རུ་བསྒྲོན་པའི་མཆོད་མེ་བྱུང།
    ཕལ་བའི་སྒྲོན་མེ་དག་ནི་འཇིག་སླ་ཡང། ཕུན་ཚོགས་སྒྲོན་མེ་འདི་ཉིད་ནུབ་པ་མེད།
    གཞན་ལ་མི་འཚེ་རང་ལ་འཚེ་བ་འདི། གཅིག་ན་འུ་ཐུག་ཐབས་ཟད་བྱ་བ་ཞིག
    གཉིས་ན་གཞན་གཅེས་སྙིང་སྟོབས་ཕུལ་བྱུང་ཞིག གསུམ་ན་བདེན་དོན་གསལ་བའི་འོད་སྣང་ཞིག
    སྔོན་ལ་སྐྱོད་པས་སྔ་བ་དང། མཇུག་སྐྱོང་མཁན་གྱི་རྔ་མ་དང། མཚན་སྙན་གྲགས་པས་དབྱར་རྔ་སྟེ། བདེན་སྐྱོང་དཔའ་རྒོད་འདི་དག་རྒྱལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist