མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཁས་པའི་བསྒྲཊ་གཏམ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཙན་བྱོལ་སྤྱི་ཚོགས་ནང་གནས་བཞུགས་བོད་རིགས་ཤེས་ལྡན་པ་ ༤ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་རྒྱ་རིགས་ཤེས་ལྡན་པ་ ༡༢ ། དེ་བཞིན། ཐེ་ཝན་གྱི་ཤེས་ལྡན་པ་ ༩ བཅས་མཉམ་འབྲེལ་ཐོག ད་ཆར་རྒྱ་ནག་གཞུང་གིས་མདོ་སྨད་རྔ་པ་ཁུལ་དུ་ཞི་དྲག་གི་ལས་འགུལ་སྣ་ཚོགས་སྤེལ་ཏེ། ཉེ་ཆར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ འཛིན་བཟུང་བཙན་ཁྲིད་བྱས་པར་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག

བསྒྲགས་གཏམ་དེའི་ནང་བཀོད་དོན། ང་ཚོས་ཤེས་གསལ་ལྟར་ན། ཨ་མདོ་ཀིརྟི་དགོན་པ་བདུན་ཕྲག་གཉིས་རིང་དྲག་ཆས་ཉེན་རྟོག་དམག་མི་དང་ཉེན་རྟོག་པས་བཀག་སྡོམ་འོག་ཚུད་རྗེས། ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོར་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ འཛིན་བཟུང་དང་གཅར་རྡུང་འོག་རྒན་རྒོན་གཉིས་གྲོངས་ཡོད་འདུག

འདི་ནི་ཧུའུ་ཅིན་ཐའོ་དང་ཝུན་ཅཱ་པོ་སྲིད་གཞུང་གི་གདུག་རྩུབ་གོམས་བྱང་དུ་སོང་བའི་འོག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཤེས་ཡོན་པར་གནོད་འཚེ་སྐྱེལ་སྟངས་ཀྱིས་མཚོན་པའི་ཐ་ན་རྒན་རྒོན་ཕྲུ་གུ་མ་ལུས་གསོད་གཏུབ་ཕོད་པའི་བྱེད་ཐབས་ཡ་ང་བ་ཞིག་རེད།  འདི་ནས་ང་ཚོས་རྒྱ་དམར་སྲིད་གཞུང་གིས་མི་དམངས་ཀྱི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་མངོན་འཕྲོག་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ། མི་སེར་ཕལ་བའི་ཚེ་སྲོག་གི་བདེ་འཇགས་ལ་ཁག་ཐེག་མེད་པར་རྒོལ་གཏམ་སྤེལ་གྱི་ཡོད།

ང་ཚོས་ཤུགས་དྲག་པོས་རེ་འདུན་རྗོད་ཀྱིན་པ་ནི་རྒྱ་དམར་སྲིད་གཞུང་གིས་མྱུར་དུ་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ ཀློད་གྲོལ་གཏོང་དགོས་པར་མ་ཟད། ཁོང་རྣམ་པ་ཀློད་གྲོལ་མ་བཏང་བའི་ཡར་སྔོན་ངེས་པར་དུ་མནར་གཅོད་མི་གཏོང་བར་ཁག་ཐེག་ཡོད་དགོས། 

ད་དུང་ང་ཚོས་འབོད་སྐད་ཤུགས་དྲག་གིས་ཞུ་དོན། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་ཁག་གིས་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ བཙོན་དུ་ཚུད་པའི་གནས་སྟངས་ལ་དོ་ཁུར་ལྷུར་ལེན་དང་རྒྱ་དམར་སྲིད་གཞུང་ལ་བསྐུལ་འདེད་ཀྱིས་བཙོན་ཁང་ནང་བཅུག་ཡོད་པའི་ལྟ་སྤྱོད་མི་མཐུན་པ་ཐ་དག་ཀློད་གྲོལ་ཡོང་བ་དང་། མི་སེར་ཕལ་བའི་ཚེ་སྲོག་གི་བདེ་འཇགས་ལ་ཁག་ཐེག་ཡོད་པ་གནང་རོགས། ཞེས་བཀོད་འདུག

མཆན། 4

  1. གནས་ཚང་། says:
    ལོ་ 12 སྔོན།

    བོད་རྒྱ་ཐའེ་གསུམ་རྒྱལ་གྱུར་ཅིག མཐུན་སྒྲིལ་ནི་སྟོབས་ཤུགས་རེད་ལ། མཉམ་རུབ་ནི་རྒྱལ་ཁ་ཡིན།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ལྷ་སྡེ་གནམ་ལོ་ཡག བ་ཡེ་མ་ཁྱེའུ་གཅོད་པ་ཐར། གཟུངས་ཕྱུག་སྐྱིད་དང་རྔ་བ་ཤེས་རབ་བཅས་བོད་རིགས་༤དང་། རྒྱ་རིགས་ཤེས་ལྡན་༡༢དང་། ཐེ་ཝན་ཤེས་ལྡན་༩བཅས་ལ་རྗེས་སུ་ཡི་རང་ཡང་དང་། ཐུགས་རྗེ་ཆེ་ཞེས་ཞུའོ། །རྔ་པའི་བདེན་པ་རྒྱལ་གྱུར་ཅིག །

    Reply
  3. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    རྒྱ་རྒན་ཁོ་ལ་དབང་ཆ་ཡོད་སྐབས་ཀྱི་བྱས་ངན་དག་ད་ལྟ་མི་དམངས་ཀྱིས་བརྗེད་ཟིན་པ་འདྲ།
    མི་ཉག་བཙན་པོ
    ༢༠༡༡/༠༤/༢༦ ཉིན་འདོན་སྤེལ་བྱས། འབྱུང་འགྱུར་ལོ་བཅུ་ཕྲག་ནང་རྒྱ་ནག་གི་ཕམ་ཁ།
    རྒྱ་ནག་དམར་གཞུང་གི་དབང་འཛིན་པ་རྣམས་ཀྱིས་མིང་དང་དབང་ཆ་སྒོར་མོ་གསུམ་གྱི་ཆེད་དུ་མི་མང་གི་བསམ་བློ་འགྱུར་འགྲོ་དང་།འབྱུང་བ་འཁྲུག་ལོག་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་གང་ལ་ཡང་མི་འཛེམས་པར།མིང་གི་ཆེད་དུ་དུས་རབས་དང་མང་མོས་སྔོན་ཐོན་གྱི་བསམ་བློ་དང་འཚམ་པའི་ཆབ་སྲིད་ལ་འགྱུར་བ་གཏོང་མི་ཕོད་པ་དང་།དབང་ཆ་དང་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་མིའི་རང་དབང་དང་ཁྲིམས་ལུགས་ལ་རྩིས་མེད་གཏོང་བ།མི་དམངས་ཀྱི་བདེ་སྐྱིད་དང་འཚོ་བ་ལ་མིང་དོན་མཚུངས་པའི་འགན་སྲུང་མེད་པ།འཛམ་གླིང་གི་གད་སྙིགས་རྣམས་ཅ་དངོས་སུ་བཟོ་བསྐྲུན་བྱེད་སའི་བཟོ་གྲྭ་ཡོད་ཚད་ནང་འདྲེན་བྱས་པ།སྐྱེས་སྒོ་འགོག་པ།ཁྲིམས་ལུགས་ལྟར་ཕྱི་གསལ་ནང་གསལ་གྱི་ལས་ཀ་བྱེད་མི་ཕོད་པ།ཚུལ་མིན་གྱི་ཁྲིམས་ལུགས་འདྲ་མིན་བེད་སྤྱོད་བྱེད་བཞིན་པ།དངུལ་གྱི་ཆེད་དུ་གཙང་ཞིང་ཡིད་དུ་འོང་བའི་གཙང་པོ་ཡོད་ཚད་ལ་ཆུ་མཛོད་རྒྱག་པ་དང་མཛེས་ཤིང་ལྟ་ན་སྡུག་པའི་ཤིང་ནགས་ཡོད་ཚད་གང་འདོད་གཅོད་པ།བརྗིད་ཆགས་ལྡན་པའི་གནས་རི་དང་རི་བོ་རྣམས་ལས་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་པ།མདོར་ན་ས་སྟེང་གི་རྩི་ཤིང་རྣམས་གཅོད་འབྲེག་དང་གཙང་པོ་རྣམས་ལ་ཆུ་རགས་བརྒྱབ་པ།ས་འོག་གི་གསེར་དངུལ་ཟངས་ལྕགས་གཏེར་ཁ་ཡོད་ཚད་སྔོག་པ་སོགས་བྱས་ངན་དེ་དག་ལ་བརྟེན་ནས་ལོ་༡༠་ཕྲག་གི་ནང་རྒྱ་ནག་ལ་ཉེན་ཁ་ཆེན་པོ་༦་མི་འདོད་བཞིན་དུ་མགྲོན་དུ་འབོད་པ་ལྟར་འབྱུང་ངེས་ཡིན།
    ༡་མི་དམངས་གྱེན་ལོག་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེན་ཁ།
    ༢དཔོན་རིགས་བར་ལྟ་གྲུབ་མི་མཐུན་པས་ཕན་ཚུན་ཕམ་ཉེས་ཀྱི་སྦོ་ལུགས་པའི་ཉེན་ཁ།
    ༣་འབྱུང་བ་འཁྲུགས་པ་ལ་བརྟེན་ནས་ས་གཡོས་ཀྱིས་ཆུ་མཛོད་རྣམས་འབར་གས་ཀྱི་ཉེན་ཁ།
    ༤གནམ་གཤིས་འགྱུར་ལྡོག་གིས་ཆུ་ལོག་འབྱུང་བའི་ཉེན་ཁ།
    ༥མཁའ་རླུང་བརྩོག་པ་དང་དུག་རླངས་ཀྱིས་བཅོས་ཐབས་བྲལ་བའི་ནད་ཡམས་འབྱུང་བའི་ཉེན་ཁ།
    ༦གཞོན་སྐྱེས་ཉུང་བས་རྒན་ཁོག་རྣམས་ལ་ལྟ་རྟོག་བྱེད་ཐབས་བྲལ་བའི་ཉེན་ཁ།
    ཉེན་ཁ་དེ་དག་མཐོང་བཞིན་དུ་ཆེད་གཉེར་གྱིས་ལས་ངན་དེ་རྣམས་བརྩམས་པ་ནི་དམར་གཞུང་གི་དཔོན་རིགས་རྣམས་ལྟ་རྒྱ་དང་ཐོས་རྒྱ་མེད་པ་མཐོང་རྒྱ་ཆུང་བ་བསམ་རྒྱ་དོག་དྲགས་པ་སོགས་ཀྱི་རྒྱུ་ལ་བརྟེན་ནས་འབྲས་བུ་དཔོག་མི་ནུས་པ།འབྲས་བུ་ལ་བརྟེན་ནས་རྒྱུ་དཔོག་མི་ཤེས་པས་ལྟ་བ་དང་བསམ་བློ་ལོག་པ།
    སྲིད་བྱུས་དང་ཐབས་ལམ་ལོག་པ།དམིགས་ཡུལ་དང་འབྲས་བུ་ལོག་པ་སོགས་ལ་འཇུག་བཞིན་པ་དེ་དག་རེད།
    དྲག་པོའི་དམག་ཤུགས་ཀྱི་དབང་བསྒྱུར།
    སྲིད་བྱུས་ངན་པའི་ཐབས་བརྒྱ་བྱུས་སྟོང་།
    འབྱོར་ལྡན་གྱི་སྟོབས་ཤུགས་སོགས་ལ་བརྟེན་ན་ཡང་ཉེན་ཁ་དེ་རྣམས་ལས་རྒྱལ་ཐབས་གཏན་ནས་མེད་པ་ནི་ཕམ་ཁ་རེད།
    ཕམ་ཁ་དེ་ལ་བརྟེན་ནས་བོད་པ་ཚང་ལ་ཁེ་བཟང་ལོས་ཡོད།
    ཕྲན་གྱི་རྟོག་འཆར་གྱི་ཡིག་གེ་ཐུང་ངུ་འདི་བསམ་ཚུལ་ལ་འགོད་རོགས་གནང།

    Reply
  4. རྩོམ་སྒྲིག་པ། says:
    ལོ་ 12 སྔོན།

    ཐེངས་འདིར་བསྒྲགས་གཏམ་སྤེལ་མཁན་གྱི་ཤེས་ལྡན་མི་སྣ་དག་ནི།

    བོད་ཕྱོགས་མི་སྣ།
    ལྷ་སྡེ་གནམ་ལོ་ཡག ༼ བོད་རྒྱ་སྐད་གཉིས་སྙན་ངག་པ། ཨོ་སི་ཁྲི་ལི་ཡ། ༽
    བ་ཡེ་མ་ཁྱེའུ་གཅོད་པ་ཐར། ༼ བོད་ཀྱི་གྲགས་ཆེན་རོལ་དབྱངས་རྩོམ་པ་པོ་དང་ལོ་རྒྱུས་སྨྲ་བ། ཨ་རི། ༽
    གཟུངས་ཕྱུག་སྐྱིད། ༼ བོད་ཀྱི་གྲགས་ཆེན་སྐྱེས་མ་སྙན་ངག་པ། རྒྱ་གར། ༽
    རྔ་བ་ཤེས་རབ། ༼ ནང་ཆོས་དང་ཚན་རིག་གཤིབས་བསྡུར་རིག་པའི་ཆེད་མཁས། ཨ་རི། ༽

    རྒྱ་ཕྱོགས་མི་སྣ།
    ཡཱན་ཧོང་པེན། ༼ མིང་གྲགས་ཆེ་བའི་མཁས་པ། ཁྲིམས་ལུགས་སྨྲ་བ། རྒྱ་ནག་རང་དབང་རིག་གཞུང་ཚོགས་པ་གསར་འཛུགས་མཁན། བོད་རྒྱ་ཐའེ་སོག་ཡུ་གུར་གནད་དོན་ཐད་ཀྱི་ཆེད་མཁས། ཨོ་སིོ་ཁྲི་ལི་ཡ། ༽
    ཝའོ་ཧྥན། ༼མིང་གྲགས་ཆེ་བའི་དཔྱད་བརྗོད་པ། ཨ་རི།༽
    ལུའུ་ཞའོ་ཏུང་། ༼རང་དབང་རྩོམ་འབྲི་བ། སྨྱུག་མིང་ལ་སན་མའོ་འབོད། ཨ་རི།༽
    ཀའོ་པོ་ཧྲིན། ༼ཡེ་ཤུའི་ཆོས་ལུགས་པ་དང་རྩོམ་པ་པོ། ཡེ་ཤུའི་ཆོས་ལུགས་སྤྱི་འགན་མནའ་འབྲེལ་གྱི་འགན་འཛིན། ཨ་རི།༽
    ལུའུ་ཡུན་ཆཱན། ༼ལོ་རྒྱུས་རིག་པའི་སློབ་དཔོན་ཆེན་མོ། ཨ་རི།༽
    ཧྥང་ཆཱན། ༼འབུམས་རམས་པ། ཨ་རི།༽
    ཀྲང་ཧོང་། ༼རང་དབང་བསམ་བློ་བ། ཨ་རི།༽
    སུའུ་མཱེན། ༼རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ། ཁཱ་ཎ་ད།༽
    ཨའོ་པོ། ༼མིང་གྲགས་ཆེ་བའི་རོལ་དབྱངས་པ། ཡུ་རོབ།༽
    མའོ་ཞའོ་མེས། ༼རང་དབང་བསམ་བློ་བ། ཡུ་རོབ།༽
    ཝང་ཏ་ཆིན། ༼སྒེར་ཚུགས་ཅན་གྱི་པར་བ། ཨོ་སི་ཁྲི་ལི་ཡ༽
    ཧྥུན་ཧའེ་ཀོང་། ༼སྒེར་ཚུགས་ཅན་གྱི་རྩོམ་འབྲི་བ། ཨོ་སི་ཁྲི་ལི་ཡ།༽

    ཐའེ་ཕྱོགས་ཀྱི་མི་སྣ།
    ལིས་ཡུག་ཐཱན། ༼ཐའེ་ཝན་རྒྱལ་བཙུགས་ཆབ་སྲིད་མཐོ་སློབ། རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་སྡེ་ཚན་གྱི་སློབ་དཔོན་ཆེན་མོ།༽
    ཀའོ་ཁྲུན་ཡཱན། ༼ཐའེ་ཝན་རྒྱལ་བཙུགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། ༽
    ལིས་མའེ་ཡོན། ༼ཐའེ་ཝན་གྱི་མིང་གྲགས་ཆེ་བའི་སྙན་ངག་པ།༽
    ཚུན་ཅན་ཡོན། ༼ཐའེ་ཝན་ཀྲུང་ཧྭ་མཐོ་སློབ་སྲིད་འཛིན་དོ་དམ་རིག་པའི་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་གཞོན་པ།༽
    ཡུའུ་ཧྥུའུ། ༼ཐའེ་ཝན་དབུས་མའི་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ།༽
    ཝང་ཏེན་ཡུའུ། ༼ཐའེ་ཝན་ལྷོ་མ་གྲོང་ཁྱེར་གྱི་སྤྱི་འཐུས།༽
    ཁྲིན་ཀྲིན་ཏི། ༼ཐའེ་ཝན་གྱི་མིང་གྲགས་ཆེ་བའི་རིག་གཞུང་ལས་རིགས་མི་སྣ།༽
    ཝའོ་ཅིན་ཧྥ། ༼རྒྱ་ནག་མི་སེར་རྒྱལ་ཁབ་རིག་གཞུང་འཛུགས་བསྐྲུན་ཚོགས་པའི་ཚོགས་གཞོན། རྩོམ་པ་པོ།༽
    ལིན་ཧྲི་ཁྲང་། ༼ཐའེ་ཝན་གཡུ་སྨྱུག་བཟོ་བསྐྲུན་པ། ༽

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist