མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་པའི་ནང་། ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་སྐབས་གསུམ་པའི་བཀའ་བློན་ཁྲི་པར་བདམས་ཐོན་བྱུང་འདུག 

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་སོང་། དེ་དག་ལས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་ལས། བློ་བཟང་སེང་གེ་ལགས་སུ་འོས་ཤོག་ ༢༧༠༥༡ ཐོབ་སྟེ་བརྒྱ་ཆའི་ ༥༥ ཟིན་ཡོད་པ་དང་། བཀའ་ཟུར་བཀྲས་མཐོང་རྣམ་རྒྱལ་ལགས་སུ་འོས་ཤོག་ ༡༨༨༠༥ ཐོབ་སྟེ་བརྒྱ་ཆའི་ ༣༧།༤༢ ཟིན་ཡོད་འདུག དེ་བཞིན། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་འོས་ཤོག་ ༣༡༧༣ ཐོབ་སྟེ་བརྒྱ་ཆའི་ ༦།༤༥ བཅས་ཟིན་ཏེ། སྐབས་གསུམ་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་སུ་ཐོབ་ཡོད།

 

བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བར་ཆོལ་ཁ་རེར་སྤྱི་འཐུས་ ༡༠ རེ་དང་། ཆོས་བརྒྱུད་རེར་སྤྱི་འཐུས་ ༢ རེ། བྱང་ཨ་རི་དང་ཡུ་རོབ་བཅས་སུ་སྤྱི་འཐུས་ ༢ རེ་བཅས་བདམས་ཐོན་བྱུང་ཡོད་པ་ལས་དབུས་གཙང་ཆོལ་ཁའི་སྤྱི་འཐུས་བཅུ་ནི། ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་འོས་གྲངས་ ༡༣༩༨༣ དང་། པདྨ་འབྱུང་གནས་ལགས་སུ་འོས་གྲངས་ ༡༢༡༡༡ ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་འོས་གྲངས་༡༡༩༩༥ ། དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་སུ་འོས་གྲངས་ ༡༠༥༥༧ །  ཀརྨ་ཡེ་ཤེས་ལགས་སུ་འོས་གྲངས་ ༩༩༠༨ ། ཟླ་བ་ཚེ་རིང་ལགས་སུ་འོས་གྲངས་ ༩༨༥༢ ། སྒྲོལ་མ་ཚེ་རིང་ལགས་སུ་འོས་གྲངས་ ༩༣༣༤ ། བུ་མོ་ཚེ་རིང་ལགས་སུ་འོས་གྲངས་༨༤༧༦ བཅས་དང་། གཞན། ཚེ་བརྟན་ནོར་བུ་ལགས་སུ་བརྒྱ་ཆ་ ༣༡།༨༢ དང་། འཇིགས་མེད་འབྱུང་གནས་ལགས་སུ་བརྒྱ་ཆ་ ༣༡།༤༠ ལས་ལོངས་མེད་སྟབས། འོས་བསྡུའི་སྒྲིག་གཞི་ལྟར་ན་ཁོང་གཉིས་ལ་བརྒྱ་ཆ་ལོངས་མེད་སྟབས་བསྐྱར་འོས་བསྡུའི་ལམ་ནས་ཐག་གཅོད་གནང་རྒྱུ་ཡིན་འདུག  

མདོ་སྟོད་ཀྱི་སྤྱི་འཐུས་བཅུ་ནི། འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་འོས་གྲངས་ ༩༦༧༡ དང་། གསེར་རྟ་ཚུལ་ཁྲིམས་ལགས་སུ་འོས་གྲངས་ ༨༠༤༤། འཇུ་ཆེན་དཀོན་མཆོག་ལགས་སུ་འོས་གྲངས་ ༧༧༥༦། འཇམ་དབྱངས་བཟོད་པ་ལགས་སུ་འོས་གྲངས་ ༦༥༣༦། དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་འོས་གྲངས་ ༦༢༤༠། ཆོས་སྐྱོང་དབང་ཕྱུག་ལགས་སུ་འོས་གྲངས་ ༦༢༡༩། དབྱངས་ཅན་སྒྲོལ་དཀར་ལགས་སུ་འོས་གྲས་ ༦༠༩༠། ཚུལ་ཁྲིམས་བསྟན་འཛིན་ལགས་སུ་འོས་གྲངས་ ༥༩༣༣། དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་སུ་འོས་གྲངས་ ༥༤༩༢། གངས་ལྷ་མོ་ལ་འོས་གྲངས་ ༥༡༣༡ བཅས་རེད།

མདོ་སྨད་ཀྱི་སྤྱི་འཐུས་བཅུ་ནི། སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༢༧༧༢ དང་། ཐུབ་བསྟན་ལུང་རིགས་ལགས་སུ་འོས་གྲངས་ ༢༠༤༡ ། རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ་འོས་གྲངས་ ༡༨༢༧ ། འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས་སུ་འོས་གྲངས་ ༡༧༥༦ ། ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ་འོས་གྲངས་ ༡༤༦༥ ། བསོད་ནམས་རྒྱལ་མཚན་ལགས་སུ་འོས་གྲངས་ ༡༢༧༥ ། སྒྲོལ་དཀར་སྐྱབས་ལགས་སུ་འོས་གྲངས་ ༡༢༠༦། ཡེ་ཤེས་སྒྲོལ་མ་ལགས་སུ་འོས་གྲངས་༡༡༩༨། རྨོག་རུ་བསྟན་པ་ལགས་སུ་འོས་གྲངས་ ༡༠༦༥ ། རྒྱ་རིགས་ཐར་ལགས་སུ་འོས་གྲངས་ ༡༠༠༠ བཅས་རེད།

 

ཆོས་བརྒྱུད་ཁག་དང་བྱང་ཨ་རི། ཡུ་རོབ་བཅས་ཀྱི་སྐབས་བཅོ་ལྔ་བའི་སྤྱི་འཐུས་རྣམས་གསལ་བསྒྲགས་གནང་བ་ལས་ས་སྐྱའི་སྤྱི་འཐུས་གཉིས་ནི། མཁན་པོ་ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༣༨༤ དང་། མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་སུ་འོས་གྲངས་ ༣༠༩ ཐོབ་འདུག

དགེ་ལུགས་པའི་སྤྱི་འཐུས་གཉིས་ནི། རོང་བོ་བློ་བཟང་སྙན་གྲགས་ལགས་སུ་འོས་གྲངས་ ༣༣༣༦ དང་། ཨ་ཀྲུག་ཚེ་བརྟན་ལགས་སུ་འོས་གྲངས་ ༣༡༦༡ ཐོབ་འདུག རྙིང་མའི་སྤྱི་འཐུས་གཉིས་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་སུ་འོས་གྲངས་ ༡༢༣༢ དང་། རྒྱ་རི་བུ་ཕྲུག་ལགས་སུ་འོས་གྲངས་ ༧༦༢ ཐོབ་འདུག བཀའ་བརྒྱུད་སྤྱི་འཐུས་གཉིས་ནི། ཀ་རྨ་ཆོས་འཕེལ་ལགས་སུ་འོས་གྲངས་ ༣༡༢ དང་། བསྟན་པ་ཡར་འཕེལ་ལགས་སུ་འོས་གྲངས་ ༢༥༦ ཐོབ་འདུག བོན་པོའི་སྤྱི་འཐུས་གཉིས་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་འོས་གྲངས་ ༩༡ དང་། དགེ་བཤེས་རྣམ་དག་གཙུག་ཕུད་ལགས་སུ་འོས་གྲངས་ ༥༦ ཐོབ་འདུག

དེ་བཞིན་བྱང་ཨ་རིའི་སྤྱི་འཐུས་གཉིས་ནི། བདེ་སྐྱིད་ཆོས་དབྱིངས་ལགས་སུ་འོས་གྲངས་ ༢༩༨༨ དང་།  ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༢༥༩༦ ཐོབ་འདུག ཡུ་རོབ་སྤྱི་འཐུས་གཉིས་ནི། ཐུབ་བསྟན་དབང་ཆེན་ལགས་སུ་འོས་གྲངས་ ༡༢༢༥ དང་། ཆུང་བདག་ཀོ་རིན་ལགས་སུ་འོས་གྲངས་ ༧༥༢ བཅས་ཐོབ་འདུག    

སྔོན་འགྲོའི་འོས་བསྡུའི་སྐབས་དེབ་སྐྱེལ་གནང་མཁན་མི་གྲངས་ ༧༩༤༤༩ བྱུང་ཡོད་ལ། དེའི་ཁྲོད་འོས་བསྡུའི་ཆ་ཤས་ལེན་མཁན་ ༤༧༩༩༨  ཙམ་བྱུང་སྟེ། སྐབས་སྔོན་མ་དང་བསྡུར་ན་མི་གྲངས་ ༦༦༧༨ ལྷག་ཇེ་མང་དུ་ཕྱིན་ཡོད། ཐེངས་གཉིས་པའི་དེབ་སྐྱེལ་གྱི་གོ་སྐབས་སྤྲད་རྗེས་ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་ ༨༣༣༩༩ བྱུང་ཡོད་ཀྱང་། དངོས་གཞིའི་འོས་བསྡུར་ཆ་ཤས་ལེན་མཁན་ ༤༩༡༨༤ ཙམ་བྱུང་སྟེ། བཙན་བྱོལ་བོད་མིའི་བརྒྱ་ཆ་ ༥༨།༩༧  ལྷག་ཟིན་ཡོད་འདུག

 

མཐའ་མར་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་གསུངས་དོན། དབུས་འོས་བསྡུ་ལས་ཁུངས་ངོས་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དེ་གཞུང་གི་འགྲོ་གྲོན་དང་མི་མང་གི་དུས་ཚོད་སོགས་ཕྱོགས་ཡོངས་ལ་གཟིགས་ཏེ། སྐབས་འདིར་སྔོན་དང་མི་འདྲ་བར་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དེ་ཉིན་གཅིག་དུས་གཅིག་ལ་གནང་བ་རེད། འདིའི་ཐད་འོས་བསྡུ་ལས་ཁུངས་ལ་ད་ལྟའི་བར་ལམ་སྲོལ་འདི་འགྲིག་མི་འདུག་ཟེར་མཁན་གཅིག་ཀྱང་བྱུང་མ་སོང་ལ། འོས་བསྡུའི་གྲུབ་འབྲས་ཀྱི་ཐད་ནས་ཀྱང་ཐེངས་འདིར་མི་མང་གིས་དོ་སྣང་ཤུགས་ཆེན་པོ་རེད། འོས་བསྡུའི་ལས་རིམ་ཡང་སྐབས་སྔོན་མ་དག་དང་བསྡུར་ན་གྲུབ་འབྲས་ཡག་པོ་བྱུང་འདུག་བསམ་གྱི་ཡོད། དེ་ཡང་འོས་བསྡུ་ལས་ཁུངས་ཀྱི་ལས་བྱེད་དང་ང་ཚོ་གསུམ་གྱི་འཇོན་པ་ཞིག་མིན་པར། མི་མང་གིས་མཉམ་རུབ་བྱས་པའི་གྲུབ་འབྲས་རེད། མ་འོངས་པར་བོད་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་གྱི་འོས་བསྡུའི་ལས་རིམ་ཐད། མི་མང་གི་ངོས་ནས་འགན་འཁུར་དང་བསམ་ཚུལ་བཤད་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

འགོད་པས་དབུས་འོས་བསྡུ་ལས་ཁུངས་ཀྱིས་ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་བྱས་སྔོན་ནས་སྤྱི་ཚོགས་ནང་འོས་བསྡུའི་གྲུབ་འབྲས་གླེང་སློང་དང་། བརྒྱུད་ལམ་རེ་ཟུང་གིས་ཁྱབ་བསྒྲགས་བྱས་པ་དེ་སྒྲིག་འགལ་ཡིན་མིན་དང་། དབུས་གཙང་སྤྱི་འཐུས་ཁྲོད་བརྒྱ་ཆ་མ་ལོངས་པའི་འོས་མི་གཉིས་ཀྱི་སྐོར། དེ་བཞིན་བལ་ཡུལ་དང་འབྲུག་ནང་གི་འོས་བསྡུའི་ལས་རིམ་བཅས་ཐད་དྲི་བ་བཏོན་པར། རྒྱ་གར་གྱི་ཚགས་ཤོག་ཁག་ཏུ་བཀའ་སྤྱིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་གནས་ཚུལ་བྱུང་ཡང་། ད་ལྟའི་ཆར་ང་ཚོ་དང་སྤྱི་ཚོགས་ནང་ཁུལ་ནས་མི་འདི་རེད་ཅེས་ངོ་རྟགས་ཆོད་ཀྱི་མེད་པ་དང་གསལ་བོ་བྱུང་མེད་སྟབས། ང་ཚོས་འདི་ལྟར་ལག་ལེན་བྱ་དགོས་ཀྱི་འདུག་དང་སྒྲིག་འགལ་རེད། ཅེས་གསལ་བོ་བཤད་ཁག་པོ་རེད། ཡིན་ནའང་། དབུས་གཙང་སྤྱི་འཐུས་ཁྲོད་བརྒྱ་ཆ་མ་ལོངས་པར་བསྐྱར་དུ་འོས་འཕེན་དགོས་པའི་གནས་སྟངས་ཆགས་ཡོད། བལ་ཡུལ་དང་འབྲུག་ནང་གི་འོས་བསྡུའི་ལས་རིམ་དེ་དཀའ་ངལ་འོག་ལྷག་ཡོད་ཀྱང་། ཐེངས་འདིར་ལམ་སློང་ཏོག་ཙམ་བྱུང་ཡོད་པ་རེད། ཅེས་བརྗོད་བྱུང་། 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 82

  1. དུང་མཚོ་སྐྱིད། says:
    ལོ་ 14 སྔོན།

    མཁས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  2. དུང་མཚོ་སྐྱིད། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེངྒེ་མཆོག་ལ་བོད་ཀྱི་སྲིད་འཛིན་གྱི་རྒྱལ་ཁ་་ཐོབ་པར་དགའ་བསུ་དངབཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. ཨ་གཙང་གནས་རྒྱམ། says:
    ལོ་ 14 སྔོན།

    སྐབས་གསུམ་པའི་འོས་བསྡུ་ཆེན་མོའི་འཐབ་རྩོད་ཁྲོད་ནས་སྐུ་ཞབས་བློ་བཟང་སེངྒེ་མཆོག་ལ་སྲིད་འཛིན་གྱི་གོ་གནས་ཐོབ་པར་དགའ་བསུ་དང་བཀྲ་ཤིས་སྨོན་འདུན་ཞུ། མི་མང་སྤྱི་འཐུས་རྣམ་པ་ཡང་དེ་མཚུངས་ཡིན། ཡང་དུས་དུས་སུ་ཁྱེད་རྣམས་ལ་ཚིག་མདའ་རེ་འཕེན་དགོས་བྱུང་ན་ཐེང་། དེ་ནི་བསམ་རྗོད་རང་དབང་རིན་པོ་ཆེ་རེད། གང་ལྟར་གནས་སྐབས་བཀྲ་ཤིས་ལོ་ལེགས་སྨོན།

    Reply
  4. རིན་ཆེན་རིལ་བུ། says:
    ལོ་ 14 སྔོན།

    དབུས་འོས་བསྡུའི་འགན་འཛིན་གསུམ་གྱིས་རང་གི་ནག་ཉེས་ཡར་འགེལ་མར་
    འགེལ་མ་བྱེད ། ཐེངས་འདིའི་འོས་བསྡུའི་གསང་བ་ཕྱིར་ཤོར་གྱི་ཁྲིམས་འགལ་
    ཚབ་ཆེན་འདིའི་རྩ་བ་དང་གཏེ་བོ་ཁྱེད་རང་གསུམ་རེད། མྱུར་དུ་གསར་བསྒྲག་
    གིས་བོད་མི་མང་ལ་དགོངས་དག་མ་ཞུས་ན ། ང་ཚོ་གདན་ས་ཁག་གི་གྲྭ་བ་མི་
    ཉུང་བ་ཞིག་དང་རྡ་སའི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོས་གངས་སྐྱིད་
    ཟས་བཅད་ངོ་རྒོད་དང་སྐད་འབོད་བྱེད་རྒྱུ་དང་།བོད་གཞུང་ཁྲིམས་ཁང་ལའང་
    གཏུག་རྒྱུ་ཡིན་པ་སེམས་ཐགས་བཅད་ཚར །

    Reply
  5. གཅན་མགོན་པོ་སྐྱབས། says:
    ལོ་ 14 སྔོན།

    ཁྲི་གཡུང་དྲུང་། ངས་གསལ་པོ་བཤད་འདོད་པ་ནི། ངས་མཆན་བུ་གོང་མ་དེའི་ནང་ལ་འོས་བསྡུ་ལས་ཁུངས་ཀྱིས་ལས་ཀ་ཚག་ཚུད་བྱས་ཡོད་ལབ་ནས་ཧམ་བཤད་བྱེད་འདུག་པ་དེ་ཚོ་ལ་གཏད་པ་ཞིག་ཡིན་པ་མ་གོ་བ། ཁྱོད་རང་དཀར་གཙང་ཟིག་ཡོང་ཐབས་ཆེད། ང་ལ་སྨད་པ་གང་ཐུབ་བྱས་འདུག་ཀྱང་། ངས་དེ་ལ་དོ་སྣང་མི་བྱ། ངས་བཤད་དོན་ཟིག་ནི། གཞུང་གིས་འོས་གཞི་ཁྱབ་བསྒྲགས་མ་བྱས་སྔོན་ལ་ཟིན་བྲིས་དེ་འདྲ་ཞིག་སྤེལ་ཡོད་དམ་མེད། སྤེལ་ཡོད་པ་ནི་མི་ཀུན་པོས་མཐོང་བ་འདི་རེད། ད་དུང་ང་ལ་དྲ་བ་ཁག་གི་ནང་དེ་འདྲ་བཤད་ཚད་པོ་བྲིས་མི་འདུག་ལབ་པ་ནི། ཁྱོད་རང་ཧམ་ཚ་བས་ཡིན་པ་རེད། ངས་མ་ཤེས་པ་དང་ངས་མ་རིག་པ་རྣམས་ཀྱང་ངས་བཤད་དགོས་པ་དང་། ཤེས་དགོས་པའི་བཙན་པོ་གཏོང་པ་རེད། དེ་མུ་ཡིན། གཏམ་ཉོག་རྣམས་ལ་ལན་མེད།

    Reply
  6. གཅན་མགོན་པོ་སྐྱབས། says:
    ལོ་ 14 སྔོན།

    ཁྲི་གཡུང་དྲུང་ལགས། ཁྱེད་ཀྱིས་ཅི་འདྲ་ལབ་ན་ཡང་འགྲིག་ག ངས་བཤད་པ་ནི་འོས་བསྡུ་ལས་ཁུངས་ཀྱིས་ལས་ཀ་ཚག་ཚོད་མ་བྱས་པའི་ལས་སྟངས་ཤིག་བཤད་པ་ཡིན། གང་ཡིན་ཞུ་ན་ཁོ་རང་ཚོས་དེ་འདྲ་བོ་བྱུང་མེད་པ་ཙམ་དུ་མ་ཟད་ཅིང་། ད་ལོ་འདིར་ཧ་དཔེ་འདྲ་ཡག་པོ་བྱུང་ཡོད་ཅེས་བཤད་པ་འདི་ཚོ་ལ་ལན་འདེབས་བྱས་པ་ལྟར་རེད་ཡིན།
    ཁྱོས་ང་ལ་བཤད་པ་ལྟར་ངས་ང་རང་གིས་མཐོང་ཚད་ཅིག་བཤད་འདུག་པ་ལས། མ་མཐོང་པ་ཞིག་དང་མ་ཤེས་པ་ནི་བཤད་མི་ཤེས་པ་ཞིག་རེད། ཁྱེད་རང་གིས་འདིར་ཧམ་པ་ཆེན་པོ་རང་ཉིད་དག་གཙང་ཞིག་སྒྲུབ་ཐབས་ཀྱི་བཤད་བཞིན་འདུག་སྟེ། དོན་ལ་ཁྱོད་རང་གིས་ཟིན་བྲིས་དེ་འདྲ་ཞིག་སྤེལ་ཡོད་པ་དངོས་ཡོད་ཡིན་དང་མིན་དེ་རེད། ཟིན་བྲིས་སྤེལ་ཡོད་པ་གང་ཞིག་ལ། ད་དུང་མི་ལ་ཧམ་པ་བཤད་ན་དེ་ནི་ཁྱོད་རང་གི་རང་འཚང་སྤྲེའུའི་རྐུབ་ལྟ་བུ་དེ་དམར་དམར་རྗེན་རྗེན་སྟོན་འདུག་པ་རེད་དོ། འདི་ཙམ་མིན་པ་ཉོག་བཤད་མང་པོ་ཞིག་བྲིས་འདུག་པ་མཐོང་བྱུང་། རེད་ར། དེ་ཙམ་དགོས་གལ་མི་ཆེ་གི་དྲན།

    Reply
  7. ཁྲི་གཡུང་དྲུང་། says:
    ལོ་ 14 སྔོན།

    བཙན་བྱོལ་བ་ཟེར་བའི་དྲ་གྲོགས་ལགས། དང་པོར་ཁྱོད་ཀྱིས་གཡུང་དྲུང་ཟེར་བའི་དྲ་མིང་ཞིག་གིས་བཀའ་སྤྱིའི་འོས་སུ་ལ་ཐོབ་མེད་དེ་ཉིན་ཤས་སྔོན་ནས་ཁོང་གི་དྲ་ཐོག་ཏུ་བཀོད་འདུག ཁོང་གིས་སྔར་བཀོད་པ་དེ་དང་ད་ལྟ་དངོས་གཞི་ཁྱབ་བསྒྲགས་བྱས་པ་དེ་དང་ཡོངས་སུ་མཐུན་འདུག ཅེས་པར་ཞིབ་ཏུ་གཟིགས་ནས་གསུངས་དང་། ཡོངས་སུ་མཐུན་མིན་རི་བོང་ཅལ་འདྲོགས་ཀྱི་གཏམ་རྒྱུད་ལྟ་བུ་ཞིག་གིས་རྗེས་སུ་ཕེབས་བ་མ་ཡིན་ནམ།

    དེ་མིན་ཧ་ཅང་གིས་རྫབ་ཆེན་ཞིག་ལ་དབུས་བསྡུ་ལས་ཁུངས་ནས་ཁྱབ་བསྒྲགས་མ་བྱས་སྔོན་ནས་རྒྱ་གར་ཚོགས་ཤོག་ཅིག་ཏུ་བཀའ་ཁྲིའི་འོས་གྲངས་སོགས་ཇི་ལྟ་བ་བཞིན་ཁྱབ་སྤེལ་གནང་འདུག་པ་ཡང་ཁྱོད་ཀྱིས་གཟིགས་ཐོས་བྱུང་མེད་ཚོད་རེད་དམ། ཡང་ན་རྔ་མོང་གོང་ལ་ལག་པ་རེད་བསམ་པ་ཡིན།

    གཞན་ཡང་སྔོན་ནས་དྲ་ངོས་དང་གློག་འཕྲིན། ཁ་པར་རྒྱུད་ལམ་སོགས་སྣ་ཚོགས་རྒྱུད་ནས་ཁྱབ་བསྒྲགས་དང་ཁྱབ་སྤེལ་ཅི་རིགས་བྱེད་བཞིན་ཡོད་པ་ཁག་ནས་ངེད་ཁ་ཤས་ཤིག་གི་མིང་ལས་ཁྱོད་ཀྱིས་འདོན་མ་ཐུབ་པ་ག་རེ་ཡིན་ན་ཞེས་ཀྱང་དྲི་ཆོག་པར་གྱིས།

    Reply
  8. ཁྲི་གཡུང་དྲུང་། says:
    ལོ་ 14 སྔོན།

    གཅན་མགོན་པོ་སྐྱབས་སུ་ཞུ་རྒྱུར། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་གཡང་ཞར་རྩྭ་གཟན་འདི་རེ་སྡུག་་་་་་་་་ཅེས་པའི་གཏམ་འདི་ཁྱོད་ཀྱིས་ཐོས་ཨེ་མྱོང་། ཕྲན་ནས་དངོས་མིང་སྤྱད་ནས་སྒེར་ངོས་ནས་ས་གནས་ཁག་ལ་རྩད་ཞིབ་བྱས་ཏེ་བཀའ་སྤྱི་གཉིས་ཀྱི་འོས་གྲུབ་ཁྱབ་བསྒྲགས་བྱས་ཡོད། དེ་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་སོང་བ་དང་ཉེས་པ་ཡིན་པ་གང་དུ་གསུངས་འདུག

    སྤྱིར་ཁྱོད་སོགས་ཀྱིས་ཁག་འཇོག་ས་ཞིག་མ་རག་ནས་བསྡད་ཡོད་ཚོད་རེད། ཁོ་བོས་ཁྱབ་བསྒྲགས་མ་བྱས་པའི་ཉིན་གསུམ་གྱི་སྔོན་ལ་ངོ་དེབ་ཟིན་བྲིས་སུ་མི་ཞིག་གིས་ཁྱབ་བསྒྲགས་བྱས་ཟིན་ཡོད་པ་ཁྱེད་ཀྱིས་ཀུ་ཡངས་སུ་གཏོང་རྒྱུ་ཡིན་ནམ། མི་དེ་གོ་ཐོས་ལྟར་ན་ཁྱོད་ཀྱི་གྲོགས་པོ་ཞིག་ཡིན་ཚོད་འདུག་པ་ཐོས་པས། དེ་ལྟར་ཁྱོད་ཀྱིས་གླེང་མ་ཕོད་པ་ཨེ་ཡིན།

    དེ་མིན་གཞན་ཁ་བརྡའི་ཟུར་མཆན་དག་ལ་མིག་ཤེལ་རིམ་དགུ་རྒྱོབས་ནས་ལྟོས་དང་། ཁྱབ་བསྒྲགས་བྱེད་མཁན་གྱིས་དངོས་མིང་སྤྱད་ནས་ཧམ་པ་ཆེན་པོས་ལབ་ཀྱིན་ཡོད་རེད།
    དེ་དག་གི་མཚན་ཡང་ཁྱོད་ཀྱིས་འདིར་བསྒྲགས་མ་ཕོད་པ་རེད་དམ།
    ཡང་ན་ཁྱོད་དང་ཆོས་རྒྱུད་དམ་ལུང་ཚན་གཅིག་པའི་གྲོགས་པོ་ཡིན་པས་རེད།

    ས་བྱང་ལམ་རྟ་མགོ་སྐམ་པོ་རེད། རྟ་ཧ་ནས་གན་གི་རང་བཞིན་རེད། ཅེས་པའི་གོ་དོན་ལ་ཞིབ་ཏུ་སོམས་དང་ཁྱོད་ཀྱི་ལུང་པའི་གཏམ་དཔེ་ཞིག་རེད།

    Reply
  9. གངས་བུ། says:
    ལོ་ 14 སྔོན།

    ཐོགས་མར་མཁས་དབང་བློ་བཟང་སེང་གེ་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱིས་ཕྱགས་ལས་གནང་དུས་རང་ཐག་རང་བཅོད་ངང་ནས་ཕྱགས་གནང་རོགས་ཞུ་ གང་ཡིན་ཟེར་ན་སྔོན་ན་ཚ་བརྙིངས་པས་རྒྱུད་ལ་རོས་ཚར་བ་སྤྱི་འཐུས་མང་པོ་རོ་ལོན་བྱས་འདུག་དེ་ཚོ་ཁ་ལ་ཉན་ཁྱེད་ཀྱི་ལས་དོན་ལ་ཐོས་ཤོར་ཡོང་རྒྱུ་ངེས་ཅན་རེ་དེ་ལོགས་གནང་རོགས་ཞུ།།

    Reply
  10. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ཐུབ་བསྟན་ལགས།
    བདག་ལ་དགོངས་པ་མ་ཞུས་པར་ཟིན་བྲིས་ནས་བཤུས་བ་འདི་འོས་ཤིང་མཚམས་པ་ཞིག་མ་རེད། ཁ་སང་ཡང་བདག་གིས་དྲ་གྲོགས་ཚོ་རེ་བ་ཞུས་ཡིན། མི་དགའ་བའི་ཚིག་དང་མ་རུང་བའི་ཚིག་དེ་ཚོ་བེད་སྤྱོད་མ་བྱེད་རོགས། ཕན་པ་ཡོད་པ་མ་རེད། མི་དམངས་ཀྱི་དངོས་གཞི་འདེམས་ཚར་རེད། འདེམས་ཚར་ནས་རྗེས་ནས་བཤད་ན་བོད་གཞུང་ལ་ཡང་མཐོང་ཆུང་དུ་འགྲོ་གི་ཡོད་པ་མ་ཟད་མང་གཙོ་ལ་ཡང་གནོད་ཀྱི་ཡོད་པ་རེད། ཅེས་གསལ་བོར་བརྗོད་ཡོད། ཁྱེད་རང་ཉིད་ལ་བརྗོད་འདོད་གསལ་བོར་ཡོད་ན་བདག་ལ་འབྲེལ་བ་གནོང་དང་བདག་གི་དོ་སྣང་བྱ་རྒྱུ་ཡིན། དགོངས་པ་མ་ཚོམ་རོགས།

    Reply
  11. གངས་སྐྱེས། says:
    ལོ་ 14 སྔོན།

    དེ་རིང་ངས་དྲ་ཚིགས་འདི་བརྒྱུད་སྐབས་གསུམ་པའི་བཀའ་བློན་ཁྲི་བ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  12. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    འོས་བསྡུའི་གྲངས་ཐོབ་གསང་བ་ཤོར་བ་ནི་རྒྱལ་ཁབ་ཀུན་ལ་ཡོང་གིན་ཡོད། ཡིན་ན་ཡང་། ང་ཚོའི་སྤྱི་ཚོགས་ནང་ལ་གསང་བ་ཕྱིར་བསྒྲགས་ཤོར་བ་དེ་སུ་ལ་འགན་ཁྲི་ཡོད་དམ། འོས་བསྡུའི་འགན་རྣམ་པ་གསུམ་ལ་འགན་ཁྲིད་པ་ཨ་ཅང་ཅང་། དེར་མ་ཟད། འོས་བསྡུའི་ལས་བྱེད་གཞན་ལ་ཡང་ཐུག་ཡོད། དེ་བཞིན་དུ། ས་གནས་འོས་བསྡུའི་ལས་བྱེད་ལ་ཡང་འགན་ཁྲི་ཡོད། དཔེར་ན། ས་གནས་སྦེལ་ཀོབ་ནང་དངོས་གཞིའི་འོས་བླུགས་རྗེས་ཀྱི་ཉིན་ཤས་ནང་འོས་གྲངས་མཐོ་ཤོས་དེ་བློ་བཟང་སེང་གེ་ལ་ཐོབ་པ་དེ་ཡོངས་གྲགས་ཏུ་གྱུར་སོང་། འདི་སུས་ནོར་བ་རེད། སེར་སྨད་བློ་དགའ་སོགས་ལས་བྱེད་འགའ་ཤས་ཀྱིས་བྱེད་སྟངས་མ་མཐུས་པའི་དབང་གིས་ཡིན་པ་བཤད་མ་དགོས་པ་རེད། དེར་མ་ཟད། གཡུང་དྲུང་ཟེར་བའི་དྲ་མིང་ཞིག་གིས་བཀའ་སྤྱིའི་འོས་སུ་ལ་ཐོབ་མེད་དེ་ཉིན་ཤས་སྔོན་ནས་ཁོང་གི་དྲ་ཐོག་ཏུ་བཀོད་འདུག ཁོང་གིས་སྔར་བཀོད་པ་དེ་དང་ད་ལྟ་དངོས་གཞི་ཁྱབ་བསྒྲགས་བྱས་པ་དེ་དང་ཡོངས་སུ་མཐུན་འདུག དེར་མ་ཟད། ཐེ་ཝན་དུ་དངོས་གཞི་འོས་བླུགས་རྗེས་ཀྱི་ཉིན་ཤས་ནང་ཐེ་ཝན་གསར་ཤོག་ཅིག་གི་ནང་དུ་སྐུ་ཚབ་དོན་གཅོད་ཀྱི་གསར་འགོད་པར་ལན་འདེབས་གཅིག་གི་ནང་དུ་ཐེ་ཝན་གནས་སྔོད་བོད་རིགས་གྲངས་༤༤་ཡོད་པ་ལས་༣༩་ཡིས་བློ་བཟང་སེང་གེ་ལལ་བླུགས་སོང་ཞེས་ཟེར་འདུག དེ་དག་ནི་དཔེ་མཚོན་ཙམ་ཡིན། འོན་ཀྱང་དེ་དག་ནི་མངོན་གསལ་དོད་ཤོས་ཀྱི་སྒྲིག་འགལ་གྱི་བྱ་སྤྱོད་གཅིག་ཡིན། བྱས་ཙང་མ་འོངས་པར་དེ་རིགས་མི་ཡོང་བའི་འགན་དེ་ལས་བྱེད་པ་ཡོངས་ཀྱི་དྲང་བདེན་ཐོག་ཁུར་དགོས་པ་ནི་གནད་འགག་གཅིག་ཏུ་མཐོང་།

    Reply
  13. ཐུབ་བསྟན། says:
    ལོ་ 14 སྔོན།

    ཨ་ཁུ་ཚང་གི་གཡང་ཁྱིམ།
    གསེར་རྟ་ཚུལ་ཁྲིམས་ཀྱི་ལོ་རྒྱུས་ཞིག་རྙེད་བྱུང་།
    གསེར་རྟ་ཚུལ་ཁྲིམས་ཀྱི་ལོ་རྒྱུས་ཞིག་རྙེད་བྱུང་།

    ཁ་སྔོན་ལྷོ་ཕྱོགས་གདན་ས་ཁག་དང་གཞིས་ཆགས་ཁག་སོགས་གང་ས་གང་ལ་གསེར་རྟ་ཚུལ་ཁྲིམས་ཀྱི་ལོ་རྒྱུས་ཞེས་བ་ཞིག་བཀྲམ་བཞིན་མཐོང་བྱུང་། དེང་ཐོག་རྒྱབ་ཤ་ལ་བལྟས་བ་ཙམ་གྱིས་ང་རང་བློ་མ་བདེ་བ་ཞིག་ཆགས་བྱུང་། གང་ཡིན་ཞེ་ན་ལྟག་སེང་ཁྱུང་འབྲུག་གི་མཐའ་བསྐོར་ནས་དཀྱིལ་ན་རང་ཉིད་ཀྱི་པར་ཞིག་བཞག་འདུག གློ་བུར་ཡིད་ལ་གང་དྲན་འདི་དྲན་མེད་པར་དངོས་ནས་མི་མང་གོ་རྟོགས་མེད་མཁན་དེ་ཚོ་སྙིང་རྗེ་ཞིག་རང་དབང་མེད་པར་སྐྱེས་སོང་། འདི་འདྲའི་རྒྱབ་ཤ་རྫིག་པོ་བྱས་ནས་མི་མང་ལ་མགོ་བསྐོར་གཏོང་འདོད་ཀྱི་ཆབ་སྲིད་འཁྲབ་གྱིན་འདུག་པ་ཞིག་དྲན་སོང་། ཤོག་ལེབ་ནང་ལོག་ལ་ཞིབ་ཏུ་ཀློག་ཀྱང་ཁོ་རང་གིས་བོད་སྤྱི་ལ་ཕན་ཐོག་བྱུང་ཡོད་པའི་ལས་ཀ་ཞིག་ཡག་པོ་ཞིག་བསྒྲུབ་ཡོད་པ་བལྟས་ཀྱང་མཐོང་མ་སོང་། དེ་མིན་ཁོ་རང་གི་ལོ་རྒྱུས་བཀྲམ་དགོས་བས་དམིགས་ཡུལ་དང་རྒྱུ་མཚན་ཅི་ཡང་བཤད་མི་འདུག ང་རང་ཉིད་ལ་དོགས་པ་ཆེན་པོ་ཞིག་གིས་ངང་ནས་ལོ་རྒྱུས་དང་འབྲེལ་ནས་འགྲེལ་བཤད་ཞིག་རྒྱག་འདོད་བསམ་སོང་།

    ཁོ་རང་དེང་ཐོག་མདོ་སྟོད་སྤྱི་འཐུས་སུ་འགྲོ་དགོས་བས་རྒྱུ་རྐྱེན་དེ་ཚོ་ངའི་བཤད་མི་དགོས་ཞིག་རེད་ཚང་མའི་མཁྱེན་གསལ་རེད། ད་དུང་ཡིན་ན་ཡང་བོད་ནང་ལ་ཆོལ་ཁའི་ཞེན་ཁོག་སླེབས་སའི་གཞི་རྩ་ཞིག་ཆགས་ཡོད་པ་འདི་དག་གིས་བཟོས་བ་སྨོས་མ་དགོས་བ་ཞིག་རེད། ང་ཚོ་བོད་མི་རེ་རེས་ངོས་ནས་འགན་ཞིག་ཁུར་ནས་བོད་ཀྱི་རྩ་དོན་ལ་ཕན་དང་གནོད་གཞི་གང་ནས་འབྱུང་གི་ཡོད་པ་དེ་ངེས་པར་དུ་བཅོས་དགོས་བ་ཞིག་ཆགས་ཡོད་རེད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི།།དེ་ལ་མི་དགའ་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། ཅེས་གསུངས་བ་ནང་བཞིན་རེད།

    ༸གོང་ས་མཆོག་གིས་ཆོལ་ཁ་དང་ཆོས་ལུགས་སོགས་གཅིག་བསྒྲིལ་གྱི་ཆེད་དུ་སྐུ་ཚེ་ཧྲིལ་བོར་སྐུ་ངལ་ག་ཚོད་རྒྱབ་ཡོད་པ་དེ་ཚང་མའི་ཤེས་གསལ་རེད། དེ་ཤེས་ཤེས་མེད་པར་ཡང་རྒྱབ་ལོག་ནས་ཁ་ཤས་ཀྱིས་རྒྱབ་འགལ་གྱི་ལས་ཀ་འདྲ་མིན་བྱེད་མཁན་དེ་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་མི་མང་གི་མཐོང་སར་ཁྱབ་སྤེལ་བྱེད་དགོས་བའི་ལས་འགན་ཞིག་ངེས་པར་དུ་འགོ་འཛུགས་བྱེད་དགོས་བའི་དུས་ལ་བབ་འདུག

    ཁ་སྔོན་མདོ་སྨད་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་གྱི་བསྐྱར་དུ་སྤྱི་འཐུས་ནང་ལ་རྩ་དགོངས་ཞུས་ཟིན་པ་ལ་དངོས་གནས་དགའ་བསུ་ཞུ་འོས་བ་ཞིག་དང་དཔེར་འཇོག་ས་ཞིག་ཆགས་བསྡད་ཡོད་པ་རེད། རྩ་དགོངས་ཞུ་དགོས་བས་རྒྱུ་མཚན་དང་དགོས་བ་དེ་ཚོ་ཁོ་རང་གིས་བཤད་ལ་བལྟས་ན་དངོས་གནས་རྒྱུ་མཚན་ལྡན་པ་ཞིག་མཐོང་སོང་། དེ་ནང་བཞིན་གསེར་རྟ་ཚུལ་ཁྲིམས་ཀྱི་ཡང་རྩ་དགོངས་ཞུས་ན་འོས་ཤིང་འཚམ་པ་ཞིག་མཐོང་གི་འདུག གོང་གི་སྐད་ཆ་ཐུང་ཐུང་འདི་ལ་དགའ་མིན་དགའ་དོགས་ཀྱི་གཏམཞིག་རྩ་བ་ཉིད་ནས་མིན་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་བཤད་པ་ཡིན། དྲ་གྲོགས་ཚང་མའི་ལེགས་པར་གཟིགས་ནས་བསམ་ཚུལ་རེ་གསུངས་ན་ལེགས་པར་མཐོང་ངོ་།

    འདོན་སྤེལ།: ༢༠༡༡/༠༢/༢༤

    ལྷོ་ཕྱོགས་ཉི་ཟླ།

    Reply
  14. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ཐོག་མར་བཀའ་ཁྲི་དང་སྤྱི་འཐུས་རྣམ་པར་མཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ལ་མང་མོས་ལ་གུས་བཀུར་ཞུ་རྒྱུ་ཡིན། ངའི་བསམ་ཚུལ་གོང་དུ་མཆན་དོགས་པ་པོ་དག་དང་ཅུང་མི་མཐུན་པ་ཆགས་ཀྱི་འདུག་ཀྱང་ངེད་རང་ཡང་བོད་ཀྱི་ཆབ་འབངས་ཤིག་རྟེན་བསམ་ཚུལ་འདི་ཤོད་འདོད་བྱུང་དགོངས་འགལ་མེད་པ་ཞུ། འདི་ལོ་བཀའ་ཁྲི་བདེམས་ཕྱོགས་འཐད་ནམ་ཀུན་དང་མི་འདྲ་བ་ཧ་ཅང་འཁྲུགས་པོ་བྱུང་བ་ཧ་ཅང་བརྗོད་མེད་རེད། འོན་ཀྱང་འགྲིག་ཡོད་རུང་མེད་རུང་བདམས་ཆར་བ་རེད། དེ་བས་ཀྱང་མཁྱེན་དགོས་པ་ཞིག་ལ་ཁོང་ལ་རྒྱབ་བསྐྱོར་བྱེད་མཁན་དང་རྒྱབ་བསྐྱོར་མི་བྱེད་མཁན་ཚང་མས་དེ་སྔོན་ཁོང་གི་ཞལ་བཞེས་གནང་བའི་དོན་རྣམས་མ་བརྗེད་པ་གནང་དགོས་པ་དང་། ཁོང་ཉིད་ནས་མི་མང་མདུན་དམ་བཅའ་གནང་བ་རྣམས་མ་གཉེས་པ་གནང་རྒྱུ་ནི་དོན་གྱི་དམ་པ་རེད་མཉམ། འོན་ཀྱང་ང་ཚོས་ལུག་ཆུ་ལ་ཆོང་བ་ལྟར་རྐྱལ་ཤེས་མཁན་དང་མི་ཤེས་མཁན་མང་པོ་ཞིག་ཆོང་ཟིན་པས་ཆུའི་སྟེང་ཚད་ག་ཚོད་ཡོད་མེད་ད་དུང་བལྟ་རྒྱུ་ཡིན་པས་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་དྲན་སྐུལ་དང་རྒྱབ་བསྐྱོར་དགོས་པ་ནི་བོད་འབངས་ཡོངས་ཀྱི་མདུན་དུ་ལྷག་པའི་གནད་དོན་དང་པོ་དེ་མིན་ནམ་?

    Reply
  15. ཤིང་རྟ། says:
    ལོ་ 14 སྔོན།

    བཀའ་བློན་གང་གདམས་ཀྱི་ཇུས་དོག་བྱེད་པའི་ཐོབ་ཐང་དང་འགྲོ་ཚུལ་བཀའ་བློན་ཁྲི་པ་མ་གཏོགས་སུ་གང་ལ་ཡོད་གི་མ་རེད།
    གལ་སྲིད་གཞན་ལ་ཡོད་པའི་དབང་དུ་བཏང་ཡང་། བཀའ་བློན་གང་བཀོས་ཀྱི་དབང་ཆ་ཡོད་བཞིན་གཞན་ཞིག་གིས་དབང་དུ་སོང་ནས་བཀའ་བློན་གདམ་པ་ཡིན་ན། ལས་རོགས་བཀའ་བློན་གཞན་རྣམས་བཀའ་ཁྲིའི་ཁར་ཉོན་མཁན་ཞིག་མེད་ན་ལས་དོན་ཇི་བཞིན་བསྒྲུབ་མི་ཐུབ་ཅིང་། རྒྱ་ཆེ་མི་མང་གིས་རེ་བ་ཆེན་པོ་བྱེད་པ་དེ་སྟོང་ཟད་འགྲོ་བའི་ཉེས་ཁ་ཆེ།

    Reply
  16. ཐུབ་བསྟན། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲི་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། སྤྱི་འཐུས་གསར་པ་ཚོ་ལ་བཀྲ་ཤིས་བདེ་ལེགས་གང་མང་ཞུ། འོན་ཀྱང་ཁམས་པ་རྫུན་མ་གསེར་རྟ་པ་ཚུལ་ཁྲིམས་ཀྱིས་མགོ་བདེ་འཁྲབ་ཏེ་མདོ་སྟོད་མི་མང་དབུ་སྐོར་གྱིས། མདོ་སྟོད་སྤྱི་འཐུས་ནང་སླེབས་འདུག་པ་མཐོང་སྐབས་དངོས་གནས་སེམས་སྐྱོ་དགོས་པ་ཞིག་རེད། མི་འདི་ཚོའི་རིགས་ལ་ངོ་ཚ་མེད་པ་་དུད་འགྲོ་རང་རེད།

    Reply
  17. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 14 སྔོན།

    ཤེས་ཡོན་ལྷག་བསམ་ཅན་གྱི་སྐུ་ངོ་ཀརྨ་ཆོས་འཔེལ་ཁོང་བཀའ་བརྒྱུད་སྤྱི་འཐུས་སུ་ཐོབ་པ་དེ་བཀྲ་ཤིས་པའི་ཉིན་མོ་གཅིག་རེད།

    Reply
  18. གཅན་མགོན་པོ་སྐྱབས། says:
    ལོ་ 14 སྔོན།

    གོང་དུ་འོས་བསྡུ་ལས་བྱེད་སྤོ་ཏོ་དེས། འོས་མི་གསར་བསྒྲགས་བྱེད་མཁན་ཧ་གོ་མ་སོང་ལབ་འདུག དེ་ནི་རྫུན་མ་རང་རེད། གཞུང་ལས་ལ་ཁྲེལ་སོད་བྱེད་པའི་རྟགས་རང་རེད། ཁོང་ཚོའི་རོགས་པ་གཞན་པ་དེ་གཉིས་ནམ་རྒྱུན་ནས་དྲྭ་ཐོག་ལ་ཉུལ་བསྡད་མཁན་དེ་འདྲ་ཡིན། དེ་ཚོས་སུ་དང་སུས་འོས་མི་དག་སྒྲིག་འགལ་ཐོག་ཕྱིར་བསྒྲགས་བྱས་ཡོ་པ་སྔོན་མ་ནས་ཤེས་ཡོད། གལ་སྲིད་ད་དུང་མ་ཤེས་ན་ངས་སྟོན།
    དུས་བབ་ནང་དུ་ཟིན་བྲིས་ཡོད་མཁན་ཞིག་གིས་འདི་ལྟར་བཀོད་ཡོད་པ་རེད། མིག་ཤེལ་རིམ་དགུ་རྒྱོབས་ནས་ལྟོས་དང་། ཁྱབ་བསྒྲགས་བྱེད་མཁན་གྱིས་དངོས་མིང་སྤྱད་ནས་ཧམ་པ་ཆེན་པོས་ལབ་ཀྱིན་ཡོད། མིང་ནི་ཁྲི་གཡུ་དྲུང་ལབ་རེད། དགོན་པ་སྨིན་རི་གླིང་རེད། ཕ་ཡུལ་མདོ་སྨད་རེད། ད་ཁྱོད་ཚོས་ཁྲིམས་དང་སྒྲིག་ལ་གུས་པ་ཡོད་པས།
    https://tibettimes.net/wordpress/blogs.php?id=266&post_id=14820 དྲྭ་ཐག་འདི་རེད། ད་དུང་འདི་མ་ཡིན་པ་ཁ་བརྡའི་ནང་དུའང་མང་པོ་བཏོན་སོང་། དེ་དག་འདུག་ཅེས་ལབ་པ་ནི། ཟིན་བྲིས་པ་རྣམས་ལ་སྡང་སེམས་དང་འཁོན་ལན་དེ་ལྟར་བུ་གང་ཡང་མིན། འོས་བསྡུ་ལས་ཁུངས་ཀྱིས་ལས་ཀ་ཚུད་ཚག་མེད་པ་དེ་ལ་ཡིན།

    ཁོ་ཚོས་ཟེར་ན་ད་ལོ་འོས་བསྡུ་ཚུད་ཚག་བྱུང་བ་ཡག་ཤོས་ཆག་ཡོད་ཅེས་ཧམ་བཤད་བྱེད་ཀྱིན་པས་ཡིན། ད་ལོ་ཁྱོད་ཚོས་རྙོག་དྲྭ་གང་ནང་བཟོས་པ་དང་། འོས་བཤེར་ཐོག་ནས་ཀྱང་ཁྲིམས་མཐུན་མིན་པའི་གནད་དོན་མང་པོ་ལྷག་པ་རེད། དེ་ལས་གཞན་པ་ལ། བལ་ཡུལ་ནང་བལ་ཡུལ་ལ་ཡོད་པའི་བོད་མི་ཚང་མ་ཐོབ་ཐང་འདྲ་བོ་མ་སྤྲད་པ་དེ་འདྲ་བྱས་པ་རེད། དགོན་པ་ཁག་གི་ནང་ནས་འོས་བསྡུ་ལས་བྱེད་པས་འགན་ཁུར་མེད་པའི་ལས་ཀ་ཧ་ཅང་མང་པོ་ཐོན་པ་བྱུང་ཡོད་པ་རེད།

    དེ་ཙམ་མིན་པ་ས་གནས་མང་པོ་ནང་ལ་འོས་བསྡུའི་འགེང་ཤོག་གིས་མ་འདང་པ་དེ་འདྲ་མང་པོ་བྱུང་པ་རེད། དེ་ཚོ་ཁྱོད་ཚོ་གི་ནོར་འཁྲུལ་མ་རེད་བས།

    Reply
  19. ཆོས་འཕེལ says:
    ལོ་ 14 སྔོན།

    སྐུ་ངོས་བསྟན་འཛིན་རྣམ་རྒྱལ་གྱིས་གཟུགས་མཐོང་གློག་བརྙན་ཁར་བཤད་པ་དེས་གུས་ཀྱང་ཁ་སྐྱེངས་དགོས་པ་བྱས་སོང་། བདེན་པ་རེད། ང་ཚོར་བཀའ་བློན་ཁྲི་བ་གང་ཞིག་གདམས་པ་པའི་ལས་འགན་དེ་རེད་མ་གཏོགས། གཞན་གྱི་བཀའ་བློན་གང་གདམས་ཀྱི་ཇུས་དོག་བྱེད་པའི་ཐོབ་སྟངས་དང་འགྲོ་ཚུལ་གང་དང་མཐུན་གྱིས་མི་འདུག དེ་བས་བཀའ་བློན་བཀོས་མཁན་ཞིག་རང་ཅག་གིས་གདམ་ཟིན་པས། བཀའ་བློན་གཞན་རྣམས་ཁོང་གིས་ཁར་ཉོན་མཁན་ཞིག་མེད་ན་རང་རེའི་གསར་གཏོད་ཀྱི་རེ་བ་ཆེན་པོ་བྱེད་པ་དེ་སྟོང་ཟད་འགྲོ་བའི་ཉེས་ཁ་ཆེ

    Reply
  20. ཆོས་འཕེལ says:
    ལོ་ 14 སྔོན།

    ཨ་ཀྱ་རིན་པོ་ཆེ་ཟེར་བ་དེ་སུ་རེད། གོ་མྱོང་མེད་ལ་ཐོས་མྱོང་མེད། གལ་སྲིད་གོ་མྱོང་དང་མྱོང་ཡོད་པའི་སྲིད་རུང་། ཁོང་ཆོས་རིགས་ཀྱི་བཀའ་བློན་དུ་བཞག་དགོས་པའི་རྒྱུ་མཚན་གང་འདྲ་ཡིན་ནམ། ལུང་མཚན་གྱི་ཤ་ཞེན་དེ་སློབ་སྦྱོང་ཡོད་ཁུལ་བྱེད་ནས་སྤོབས་པ་ཆེན་པོ་ཅན་འདི་རྣམས་རེད

    Reply
  21. GYAMTSO says:
    ལོ་ 14 སྔོན།

    ་གུས་ཕྱག་དང་བཅས་ཕྱག་རོགས་བཀའ་བློན་ཁ་ཤས་བཀའ་ཁྲི་བློ་བཟང་སེངྒེ་མཆོག་ལ་སྤྱན་ཕུལ་ཞུ་ཀི་ཡིན།
    ༡ ཆོས་རིགས་བཀའ་བློན། ཨ་ཀྱཱ་རིན་པོ་ཆེ།
    ༢ ཕྱི་སྲིད་བཀའ་བློན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    ༣ བདེ་སྲུང་བཀའ་བློན། འབྲོང་ཆུང་དངོས་གྲུབ། ་
    ༤ ནང་སྲིད་བཀའ་བློན། རྒྱ་རི་སྒྲོལ་མ།
    ༥ དཔལ་འབྱོར་བཀའ་བློན། ཨ་རིའི་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས།
    ༦ ཤེས་རིག་བཀའ་བློན། སྤེན་པ་ཚེ་རིང་།
    ༧ འཕྲོད་སྟེན་བཀའ་བློན། ཆུང་བདག་ཀོ་རིན།

    Reply
  22. གངས་ཆབ། says:
    ལོ་ 14 སྔོན།

    དྲ་གྲོགས་ཁག་ཅིག་གིས་བཙན་བྱོལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་བཅའ་ཁྲིམས་ཧ་གོ་གིན་མེད་པ་འདྲ།རྒྱུ་མཚན་ནི་བཀའ་ཁྲི་དང་ཕྱགས་རོགས་བཀའ་བློན་གྱི་དུས་ཡུན་སྐབས་གཉིས་ལས་བྱ་ཆོག་གིས་མེད་ཅེས་གསལ་ཡོད་པ་དེ་རེད།
    དེ་འདྲ་སོང་ཙམ་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ཐུབ་བསྟན་ལུང་རིགས་ལྟ་བུ་ལ་ཆ་མཚོན་ན།བཀའ་ཤག་སྐབས་གཉིས་ཀྱི་རིང་ལ་ཕྱག་ལས་གནང་ཟིན་པར་སོང་ཙམ་བསྐྱར་དུ་སྐབས་གསུམ་པར་རུ་བཀའ་ཁྲི་འམ་ཕྱག་རོགས་བཀའ་བློན་གང་རུང་གནང་ཆོག་གིན་མེད་པ་དེ་ཤེས་དགོས་པར་གལ་གནད་ཆེ་བ་མཐོང་།

    Reply
  23. གངས་ཆབ། says:
    ལོ་ 14 སྔོན།

    བཀའ་ཤག་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གང་ལེགས་ཐོན་འདུག་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།ལྷག་པར་དུ་དེང་གི་ཁྲིམས་ལུགས་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་མ་འོངས་བོད་མི་རིགས་ཀྱི་ཆབ་སྲིད་དང་།བོད་མི་མང་གི་ཆེད་དུ་འགན་ཁྲི་ཕྲག་ཏུ་འཁུར་ནས་བྱ་གཞག་གསར་གདོད་དང་།ཁ་ཡོད་ལག་ཡོད་ཀྱི་འགྲུབ་འབྲས་རླབས་པོ་ཆེ་ཞིག་གཞག་གནང་ཡོང་བར་འབད་པ་དང་།བརྩོན་པ་ལྷོད་མེད་གནང་སྐྱོངས་ཡོང་བས་སྨོན་འདུན་དང་བཅས་སྐུ་ཉིད་ཀྱི་བྱ་གཞག་ལ་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  24. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    དང་པོ་ནི། བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲིའི་རྒྱལ་ཁ་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།

    གཉིས་པ་ནི་། བློ་སེང་ལ་སྐྱོན་བརྗོད་གནང་མཁན་ཚོ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་དུ་
    ཐུགས་རྗེ་ཆེ་ཞུ་དགོས་དོན་ནི་།
    བློ་སེང་རྒྱ་ནག་ཏུ་སོང་བ་དང་རྒྱ་མི་དང་འབྲེལ་བ་བཟོ་བའི་འཇོན་སྟངས་ཡོད་པའི་སྐྱོན་བརྗོད་བྱེད་མཁན་དང༌། ཀརྨ་པ་ཆོས་འཕེལ་བཀའ་རྒྱུད་ཀྱི་སྤྱི་འཐུས་ལངས་པར་སྐྱོན་བརྗོད་བྱེད་ནས་བཀའ་དགེ་བར་དཀྲུག་ཤིང་བརྒྱབ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་པའི་བཀའ་དྲིན་ལ་རྟེན་ནས་ཁོང་གཉིས་ཨང་དང་པོ་ཐོབ་འདུག
    བོད་ནང་གི་བོད་པ་རྣམས་ལ་རྒྱ་མིས་གསར་འགྱུར་གང་ཞིག་བཤད་པ་ལ་ལྡོག་ཕྱོགས་ཀྱི་གོ་བ་ལེན་ནས་ཏག་ཏག་ར་འཕྲོད་པ་ཞིག་ཡོད། བཙན་བྱོལ་ནང་དུ་ཡང་༧མཐོ་སྐྱབས་མགོན་རིན་པོ་ཆེ་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་སྐྱོན་བརྗོད་བྱེད་མཁན་དེ་ཚོས་གསར་ལམ་དྲ་རྒྱ་ཁག་ནང་གང་ཞིག་བཤད་པ་ལ་མི་དམངས་ནས་ལྡོག་ཕྱོགས་ཀྱི་གོ་བ་ཞིག་ལེན་སྲོལ་དར་ཡོད། སོང་ཙང་ཁྱེད་རྣམས་པའི་བཀའ་དྲིན་ལས་བོད་མི་དམངས་རྣམས་གོ་རྟོགས་རྙེད་དེ་བཀའ་ཁྲི་དང་སྤྱི་འཐུས་ཡང་དག་ཞིག་བདམས་ཐུབ་འདུག སླར་ཡང་ཐུགས་ཆེ་ཞུ་རྒྱུ་ཡིན།

    Reply
  25. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    ང་ཡི་སེང་གེ་རྒྱལ་ལོ། ང་ཡི་ན་གཞོན་རྒྱལ་ལོ། ང་ཡི་བོད་རྒྱལ་ལོ།

    Reply
  26. གངས་སྐྱེས། says:
    ལོ་ 14 སྔོན།

    དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་བརྒྱུད་སྐབས་གསུམ་པའི་བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་ལ་རྒྱལ་ཁ་ཐོབ་པ་དེ་ནི་དགའ་འོས་པ་ཞིག་དང་། བཙན་བྱོལ་བོད་གཞུང་འགྱུར་བ་དང་འཐུས་སྒོ་ཚང་དུ་འགྲོ་བའི་རྣམ་པ་གསར་པ་ཞིག་གི་མགོ་ཡང་འདི་ནས་རྩོམ་དགོས་སྙམ། ཡིན་ན་ཡང་དེ་མཚུངས་སུ་མཐོང་མི་འདོད་པའི་མི་ཁ་ཤས་ཤིག་ཀྱང་སྔར་བཞིན་གནས་འདུག དེ་ནི་ཀརྨ་འཆོས་འཕེལ་དང་སྨོན་ལམ་ཐར་ཕྱིན། ལྟ་བུའི་སྤྱི་ཚོགས་ནང་རྙོག་དྲ་རྐྱང་རྐྱང་བཟོ་མཁན་གྱི་མི་འདི་འདྲ་ཞིག བོད་མི་དམངས་སྤྱི་འཐུས་སྟེགས་བུ་ལ་འོས་པ་མ་ཡིན་ནོ།

    Reply
  27. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ངའི་སེམས་ནང་གི་བཀའ་བློན་རྣམ་ས་ཀྱི་མཚན་ཐོ་འདི་ན་ཡོད།
    ཆོས་རིག་བཀའ་བློན།ཨ་ཀྱ་རིན་པོ་ཆེ། ཤེས་རིག།བཀའ་བློན་།ཐུབ་བསྟན་ལུང་རིགས།
    དཔལ་འབྱོར།ཀའ་ཟུར་བློ་བཟང་སྙན་གྲགས།
    ཕྱི་སྲིད། བསྙན་འཛིན་སྟག་ལྷ་། ནང་སྲིད། རྒྱལ་རི་སྒྲོལ་མ།
    བདེ་སྲུང། འབྲོང་ཆུང་དངོས་གྲུབ།་འཕྲོད་བསྟེན། སྤེན་པ་ཚེ་རིང་།བཅས་ངའི་སེམས་ནང་གི་བཀའ་བློན་་ཡིན།

    Reply
  28. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ངའི་སེམས་ནང་གི་བཀའ་བློན་རྣམ་ས་ཀྱི་མཚན་ཐོ་འདི་ན་ཡོད།
    ཆོས་རིག་བཀའ་བློན།ཨ་ཀྱ་རིན་པོ་ཆེ། ཤེས་རིག།བཀའ་བློན་།ཐུབ་བསྟན་ལུང་རིགས།
    དཔལ་འབྱོར།ཀའ་ཟུར་བློ་བཟང་སྙན་གྲགས།
    ཕྱི་སྲིད། བསྙན་འཛིན་སྟག་ལྷ་། ནང་སྲིད། རྒྱལ་རི་སྒྲོལ་མ།
    བདེ་སྲུང། འབྲོང་ཆུང་དངོས་གྲུབ།་འཕྲོད་བསྟེན། སྤེན་པ་ཚེ་རིང་།བཅས་ངའི་སེམས་ནང་གི་བཀའ་ཡིན།

    Reply
  29. གླིང་ཚང་བྱ་གླག says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེངྒེ་མཆོག་འོས་ཤོག་ཐོབ་པ་ལ་དགའ་བསུ་དང་། དེ་མིན་སྤྱི་མཐུས་ཁག་ཚང་མ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་། ཆབས་གཅིག་ཏུ། མ་འོངས་ལོ་ལྔ་དང་བཅུ་ཡིས་མཚམས་ལ། ༸གོང་ས་མཆོག་གཙོས་པའི་བཙན་བྱོལ་བ་ཆ་ཚང་ཕ་ཡུལ་དུ་ལོག་ཐུབ་པའི་རེ་བ་དང་སྨོན་འདུན་བཅས། བོད་རྒྱལ་ལོ།
    བདེན་པ་གཉིས་རྒྱལ་གྱུར་ཅིག།

    Reply
  30. ཚེ་རིང། says:
    ལོ་ 14 སྔོན།

    དྲ་གྲོགས་གནས་ཚང་གིས་བཀའ་བློན་འོས་མི་བཏོན་པའི་ཐོག་བསམ་ཚུལ་ཞིག་ཡོད། ཆོལ་ཁ་གསུམ་དུ་དབྱེ་འདུག་ལ། ཡབ་གཞིས་ཆོལ་ཁ་གཞན་པ་ཞིག་ཡིན་པ་ལྟ་བུ་བཀོད་འདུག་པས། དེ་ལྟར་མ་ཡིན་པར་་སྟག་ལྷ་བསྟན་འཛིན་མདོ་སྨད་ཀྱི་ཁོངས་སུ་བརྩི་དགོས་ངེས་རེད་སྙམ། ཆོལ་ཁའི་ནང་དུ་བཀའ་བློན་ཨ་མདོ་མང་བ་ཆགས་སོང་བསམ་ན་དེ་ལ་ཞེད་སྣང་དགོས་དོན་མེད། དེ་མིན་ན་དབུས་གཙང་གི་ཁོངས་སུ་བརྩིས་ཀྱང་མ་འགྲིག་པ་མེད། གང་ཡིན་ཟེར་ན་ཡབ་གཞིས་ཚང་༡༩༥༩ སྔོན་ནས་ལྷ་སར་གཏན་འཇགས་གནས་སྡོད་བྱས་ཡོད་པས་སོ།

    དེ་ནས་ཀླུ་མཁན་བྱམས་ལ་ང་རང་གིས་གུས་ཞབས་ཆེན་པོ་བྱེད་ཀྱི་ཡོད་ལ། མི་ཡང་དྲང་བདེན་ལ་དགའ་བའི་རྒྱལ་ཞེན་ཅན་ཞིག་རེད་མོད། བཀའ་བློན་ལ་དེ་ཙམ་འོས་བབ་མི་འདུག བཀའ་བློན་ལ་འོས་ཤིང་འཚམས་པའི་མི་དེ་ལས་མང་པོ་ཡོད་པ་མངོན་གསལ་རེད། དེ་ནས་གོང་གི་འོས་མི་དེ་དག་གིས་བཀའ་བློན་གྱི་འགན་ཁུར་མིན་ལ་ཡང་བསམ་བློ་གཏོང་དགོས་ངེས་རེད་ལ། སོ་སོའི་ལས་དོན་དང་འབྲེལ་བའི་ལྷན་ཁང་ལ་ཡང་བསམ་བློ་གཏོང་དགོས་རེད།

    Reply
  31. ཚང་སར་ཕྲིན་ལས། says:
    ལོ་ 14 སྔོན།

    མཁས་དབང་མཆོག་བཀའ་བློན་ཁྲི་པ་འདེམས་ཐོན་བྱུང་བ་བཀྲ་ཤིས་བདེ་ལེགས་ཞུ་བ་མ་ཟད་མ་འོངས་བོད་ཀྱི་བདེ་མཐའ་གསལ་བའི་རེ་བ་དང་སྨོན་ལམ་གཉིས་ཀ་ཡོད། ཁོ་བོའི་རེ་སྐུལ་ཞུ་ཡ་གཅིག་ལ་སྤྱི་མཐུས་ཚོ་ན་ནིང་བཞིན་ནང་ཁུལ་ཏུ་རྩོད་སྙོག་མི་བྱེད་པ་བོད་སྤྱི་པའི་ལས་དོན་ལ་མཉམ་རུབ་བྱེད་ནས་ལྷག་བསམ་རྣམ་དག་གི་སྒོ་ནས་རང་ཉིད་སྤྱི་མི་ཡིན་པའི་མགན་ཁུར་ཏེ་མི་རིགས་ཤིག་གི་བདེ་སྡུག་སེམས་ཁོང་ནས་མ་བརྗེད་པ་གནང་རོག་ཞུ་ཡ་ཡིན།

    Reply
  32. ཚང་སར་ཕྲིན་ལས། says:
    ལོ་ 14 སྔོན།

    མཁས་དབང་མཆོག་བཀའ་བློན་ཁྲི་པ་འདེམས་ཐོན་བྱུང་བ་བཀྲ་ཤིས་བདེ་ལེགས་ཞུ་བ་མ་ཟད་མ་འོངས་བོད་ཀྱི་བདེ་མཐའ་གསལ་བའི་རེ་བ་དང་སྨོན་ལམ་གཉིས་ཀ་ཡོད། ཁོ་བོའི་རེ་སྐུལ་ཞུ་ཡ་གཅིག་ལ་སྤྱི་མཐུས་ཚོ་ན་ནིང་བཞིན་ནང་ཁུལ་ཏུ་རྩོད་སྙོག་མི་བྱེད་པ་བོད་སྤྱི་པའི་ལས་དོན་ལ་མཉམ་རུབ་བྱེད་ནས་ལྷག་བསམ་རྣམ་དག་གི་སྒོ་ནས་རང་ཉིད་སྤྱི་མི་ཡིན་པའི་མགན་ཁུར་ཏེ་མི་རིགས་ཤིག་གི་བདེ་སྡུག་སེམས་ཁོང་ནས་མ་བརྗེད་པ་གནང་རོག་ཞུ་ཡ་ཡིན།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese