མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ཁབ་ཀྱི་སྲིད་གཞུང་འདི་སྐྱོབ་རོགས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

ང་ནི་འཁྱམ་པོ་ཞིག་གིས་ཁ་ཕོ་དེ་ཙམ་མ་བཤད་མི་རིགས་པར་དགོངས་སྲིད་ཀྱང་། ཁོ་བོ་མི་ལོ་ཉི་ཤུའི་ཡར་སྔོན་རང་ཡུལ་ན་ཡོད་པའི་སྐབས་སུ་གནས་དེ་ན་སྐྱིད་མེད་རུང་ཕ་མའི་བློ་ངོགས་ཡིན་པས་རང་གར་སྡོད་མ་འདོད་པ་ག་ལ་ཡིན། སྡོད་གཟོད་མ་བདེ་བར་རམ་དེ་ན་བསྡད་པ་དེས་བློ་མ་ཚིམས་ཤིང་། འདི་ན་ཅི་ཞིག་ཡོད་པའི་རེ་བ་ཆེན་པོ་ཞིག་ལ་བསྙེགས་ཏེ་ཧི་མ་ལ་ཡ་བརྒལ་ནས་ཡོང་བ་ཡིན་པས་ང་ལ་ཡང་བཙན་བྱོལ་བ་ཞིག་གི་མཚན་ཉིད་ཚང་ཡོད་པར་སྙམ།

 

༧གོང་ས་མཆོག་གིས་རང་རེའི་ཆབ་སྲིད་ཀྱི་ལས་འགན་རང་ལག་ཏུ་གཏད་གནང་བའི་དུས་འདིར་ཡུལ་མིའི་རྒྱལ་ཁབ་ཀྱི་ངོ་བོར་གྲ་སྒྲིག་བྱེད་པའི་བཀའ་སློབ་དང་དུ་ལེན་ལོ་སྐད་ཀྱི་སྦྱོར་བ་ལ་གནས་པའི་སྐྱེ་བོ་རེ་ཟུང་གི་ངག་ལ་བརྟེན་ནས་ལོ་ ༢༠ ཡི་ནང་ལ་མ་བྱུང་བའི་ཆེས་གཟོད་པར་དཀའ་བའི་ཡིད་ཆད་ཐོག་མ་དེ་ད་གཟོད་གཞི་ནས་བྱུང་། དེ་ཡང་ཁོ་བོ་ཅག་ན་རེ་། བཙན་བྱོལ་བོད་གཞུང་ཟེར་བ་ནི་ཁྲིམས་དང་མི་མཐུན་པས་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱས་རྗེས་ཀྱི་སྲིད་གཞུང་དེ་ལ་“བཙན་བྱོལ་བོད་མིའ་གཞུང”་ཞེས་འབོད་དགོས་ཚུལ་ཟེར། ད་ནི་ངོ་མ་ང་ཚོ་ལ་རེ་བ་ཞིག་ཨེ་འདུག གཞིས་ལུས་རྒྱ་ཆེའི་མི་མང་གིས་རེ་བའི་མིག་འབུར་འདི་ཕྱོགས་སུ་ཅེར་དོན་ནི་འདི་ན་ཁོང་ཅག་གི་སེམས་གཏིང་གི་འདོད་པའི་སྲིད་གཞུང་དེ་ཡོད་སྙམ་པའི་བློ་ཕུགས་དྲོན་མོ་ཞིག་ཡོད་པས་ཡིན། འོན་ཀྱང་ད་ནི་དེ་དག་གི་རེ་བའི་མིག་ནང་དུ་ཐལ་བ་བཏབ་པ་མ་ཡིན་ནམ། མི་འདི་དག་གི་ལག་ཏུ་དབང་ཆ་བཞག་ན་འདི་འདྲ་ཞིག་མ་གཏོགས་ག་ལ་ཡོད་ཨང་།

 

རེ་ཟུང་གིས་ང་ཚོ་ནི་བཙན་བྱོལ་དུ་བསྡད་ནས་ལོ་དེ་སྙེད་ཅིག་ཕྱིན་ཟིན་པས་ད་ནི་རང་ཅག་ལ་སྐྱབས་བཅོལ་བའི་མཚན་ཉིད་ཚང་མེད་ཅེས་གནད་དོན་གསར་བ་ཞིག་མཁྱེན་པའི་མཁས་པ་ཡིན་མདོག་རེ་སྟོན་ཅིང་། ཅི་ཡང་མི་སྙམ་པ་མང་པོ་ཞིག་གིས་ཀྱང་ཡིན་པ་ལྟར་སྣང་ནས་བདེན་ཁ་སྦྱིན། འོན་ཀྱང་ཞིབ་ཏུ་བསམ་བློ་ཐོངས་དང་། ང་ཚོ་འདིར་ལོ་གྲངས་ཇི་ཙམ་སོང་རུང་ཕྱིར་རང་ཡུལ་ལ་སོང་ན་འགྲོ་མི་བདེ་བ་དང་། བསྡད་ན་གནས་བདེ་བ་ཞིག་ཡིན་པའི་དབང་གིས་འགྲོ་མི་ཐུབ་པ་ལས་ཕ་གི་ན་འགྲོ་ཆོག་དང་འདུག་ཆོག་ཡོད་བཞིན་དུ་ང་ཚོ་མི་འགྲོ་བ་ཞིག་རེད་དམ། གནས་སྟངས་འདི་འདྲ་བ་ཞིག་གི་ནང་དུ་ཡོད་མཁན་ལ་སྐྱབས་བཅོལ་བ་ཞེས་འབོད་ཆོག་པ་ལས་སྐྱབས་བཅོལ་བའི་མཚན་ཉིད་ལ་ལོ་ཡི་གྲངས་ཀྱིས་འཇོག་པ་ནི་རིག་པ་དང་མཐུན་པའི་མཚན་ཉིད་ཅིག་རེད་དམ།

 

ད་བར་དུ་གྲ་ཅུང་ཟད་ཉམས་ཡོད་སྲིད་ཀྱང་། གྲུ་མ་ཞིག་པར་གནས་པའི་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་དེ་འཇིག་རྟེན་ལ་གྲགས་མ་གྲགས་གང་ལྟར་རུང་སྐྱབས་བཅོལ་གྱི་གདུགས་འོག་ཏུ་གནས་མུས་ཡིན། བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དེ་ནི་སྐྱབས་བཅོལ་དུ་ཡོང་བའི་སྐྱེ་བོ་ཞིག་ཇི་བཞིན་དུ་ཕྱིའི་རྒྱལ་ཁབ་ཏུ་བཙན་བྱོལ་ལ་འབྱོར་བ་ཁོ་ན་ཡིན། རྒྱལ་ཁབ་སུ་ཞིག་གི་ཁྲིམས་ལུགས་ལ་ཡང་རྒྱལ་ཁབ་གཅིག་གི་ནང་དུ་རྒྱལ་ཁབ་གཞན་པ་ཞིག་གིས་སྲིད་གཞུང་འཛུགས་སྲོལ་མེད་ཅིང་། དེའི་ཁྲིམས་ཐོག་ལ་འཁོད་མེད་ཅེས་བདེན་པ་སྐྱོང་བའི་རྒྱལ་བོ་ཡིན་མདོག་གིས་མང་མང་སྨྲ་བཞིན་འདུག དོན་དུ་རང་གི་སྲིད་གཞུང་རང་གིས་གཏོར་བ་ཁོ་ན་ཡིན་པ་མཁྱེན་གྱི་མེད་པ་འམ་མཁྱེན་ཡང་འགྱོད་པ་མེད་པ་ཇི་འདྲའི་སྙིང་ལ་ན་ཟུག་ཆེ་བ་ལ་ཨང་།  

 

རྒྱལ་ཁབ་གཅིག་གི་ནང་དུ་རྒྱལ་ཁབ་གཞན་ཞིག་གིས་སྲིད་གཞུང་འཛུགས་པའི་ལམ་ལུགས་མེད་པ་དང་། ཁྲིམས་ལ་གསལ་མེད་ལུགས་བདེན་དུ་ཆུགས་ཀྱང་དེ་ནི་རྒྱལ་ཁབ་དེ་དང་དེ་དག་གི་ཁྲིམས་ཀྱི་ཞན་ཆ་ཞིག་གམ་སྟོང་ཆ་ཞིག་ལ་འཆད་ཆོག་པ་ལས་རྒྱལ་ཁབ་འཛུགས་པ་པོས་ནོར་འཁྲུལ་བྱས་པ་ཞིག་ཏུ་བསམ་ཡེ་ནས་མི་དགོས། གང་ལགས་ཤེ་ན་སྲིད་གཞུང་དེ་ཡང་རང་ས་དྲོན་མོའི་ཐོག་ཏུ་ཕ་རོལ་བོ་ཞིག་གིས་ཆགས་སུ་མ་བཅུག་པས་འུ་ཐུག་པའི་གནས་ལ་གྱར་ཡོད་པ་ལས་ཕྱིའི་རྒྱལ་ཁབ་ག་གེ་མོའི་ས་ཐོག་ཏུ་སྲིད་གཞུང་བཙུགས་ནས་རྒྱལ་སྐྱེད་རིང་ལུགས་པའི་བྱ་སྤྱོད་སྤེལ་བ་ཞིག་མིན་པས་སོ། སྔར་བྱུང་མ་མྱོང་བ་དེ་ད་ལྟ་དང་མ་འོངས་བར་འབྱུང་མི་འོས་པའི་སྒྲུབ་བྱེད་ལ་འགོད་པ་ནི་མཁས་པར་གྲགས་པ་དག་གི་མཚན་ལ་ཇི་འདྲའི་མ་འཚམས་པ་ལ་ཨང་། གནས་སྟངས་དམིགས་བསལ་བ་ལ་ཁྲིམས་ཡིག་ཏུ་གསལ་ཁ་མེད་ན་དེ་ནི་ཁྲིམས་ཡིག་གི་ཞན་ཆ་ལ་བརྩི་རུང་བ་ལས་གནས་སྟངས་ཀྱི་ནོར་འཁྲུལ་ལ་ཡེ་ནས་བརྩི་མི་འོས། གང་ལགས་ཤེ་ན་ཁྲིམས་ལུགས་ནི་ཐོག་མ་འགྲོ་བ་མི་ལ་ཞབས་འདེགས་བསྒྲུབ་ཆེད་དུ་ཡིན་པས་མ་ཁྱབ་པའི་གནས་སྟངས་གསར་བ་བྱུང་ན་དེ་ལ་ཁྱབ་པར་བཟོ་དགོས་སོ།། 

 

༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་དགའ་ལྡན་ཕོ་བྲང་སྲིད་གཞུང་དེ་བཙུགས་ནས་ད་ལྟ་མི་ལོ་ཧྲིལ་བོ་ ༥༡ ཕྱིན་ཟིན་པ་དེའི་རིང་ལ་རང་རེའི་བཙན་བྱོལ་སྲིད་གཞུང་བཙུག་པ་འདི་ཡུལ་ཁྲིམས་དང་འགལ་བར་དགོངས་ནས་ཕྱིར་བསྡུ་གནང་མི་འདུག་ན་ཡང་། ཁྱེད་ཅག་༧གོང་ས་མཆོག་ལས་བདེན་པ་སྲུང་མཁན་དང་ཡུལ་ཁྲིམས་ལ་ལེགས་པར་སྲུང་མཁན་དུ་བསྒྲུབ་འདོད་པ་ཨེ་ཡིན། ལོ་དེ་སྙེད་ཀྱི་རིང་ལ་རྒྱ་གར་རྒྱལ་ཁབ་ཀྱིས་ཀྱང་མ་མཁྱེན་པ་དང་མ་རིག་པར་འཆད་ཀྱི་ཡིན་ནམ། དགོས་པ་དང་རྒྱུ་མཚན་ཆེན་པོ་ཞིག་ལ་བརྟེན་ནས་ད་བར་དུ་འདི་མུར་བཞག་པ་དེ་མ་མཁྱེན་པའི་མཁན་ཁྱེད་ཅག་ཇི་འདྲའི་ཡ་མཚན་པ་ལ། ཡུལ་བདག་རང་གིས་ཅི་ཡང་མ་གསུངས་ས་ན་ཁྱེད་ཅག་གིས་ཡུལ་ཁྲིམས་དང་འགལ་གྱིན་འདུག་ཅེས་རང་སྐེ་རང་གིས་དང་བླང་གིས་གཅོད་པ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ལས་གཞན་ཅི། རང་མཆུ་རང་གིས་བསྡམས་ན་དམ་ཤག་ཤག་ཅེས་པ་འདི་ཅིའི་མ་བདེན། ཁྱེད་ཅག་གིས་གནད་དོན་ཆེན་པོ་ཞིག་ཤེས་ཡོད་མདོག་དང་བདེན་པ་ཟེར་བའི་རང་སྐེ་རང་གིས་གཅོད་བྱེད་དེ་ལ་སྲུང་གི་ཡོད་མདོག་གིས་དེ་ལྐུགས་པ་མིག་བཙུམ་གྱིས་འཐམས་འཐམས་ནས་ད་ནི་བོད་གངས་ཅན་གྱི་ལྗོངས་ན་ལུས་པའི་བོད་འབངས་རྣམས་བྱེའུ་ཕྲུག་བྱེ་ཐང་དུ་བརྟོལ་བ་བཞིན་གཡུགས་ནས་“བཙན་བྱོལ་བོད་མིའི་སྲིད་གཞུང”ཞེས་པ་ཞིག་འཛུགས་རྒྱུའི་སྟ་གོན་ལ་གཞོལ་བ་དེ་ཐོས་དུས་སྙིང་ཁམས་ཅི་འདྲའི་ན་བ་ལ་ཨང་། ནང་པ་སངས་རྒྱས་པའི་ཆོས་བྱེད་པ་སྙིང་རྗེིའི་ཉམས་ལེན་པར་རློམ་པ་དག་གི་ཉམས་ལེན་དེ་འདི་འདྲ་ཞིག་ཡིན་ན་ཇི་འདྲའི་ངོ་བོ་གནག་པ་ལ་ཨང་།

 

༧གོང་ས་མཆོག་གིས་འཇིག་རྟེན་ན་དཔེ་རུ་མེད་པའི་ཡང་དག་པ་དང་དོན་དམ་པའི་དབུ་ཁྲིད་ཀྱི་ཐུགས་རླབས་པོ་ཆེ་བསྐྱེད་ནས་རང་རེའི་རྒྱལ་ཁབ་འདི་ཡང་དག་པ་དང་དོན་དམ་པའི་དམངས་གཙོ་ཅན་ཞིག་ལ་བསྒྱུར་ཆེད་དུ་རང་ཉིད་ཀྱི་དབང་ཆ་བཀོལ་ནས་རང་ཉིད་ཀྱི་དབང་ཆ་ལ་ཚོད་འཛིན་གནང་སྟེ། བོད་རྒྱལ་ཁབ་འདི་ཡུལ་མིའི་རྒྱལ་ཁབ་ངོ་མ་ཞིག་ཏུ་བསྒྱུར་དགོས་པའི་བཀའ་གསུང་ཕེབས་ཡོད་ན་ཡང་། ཁྱེད་ཅག་གིས་གོ་སྐབས་འདི་དམ་དུ་བཟུང་ནས་བོད་ཕྱི་ནང་གཉིས་ཀྱི་དོན་དམ་པའི་སེམས་ཀྱི་རེ་འདུན་དང་། བློ་གཏད་ཡོངས་སུ་བཅོལ་ཡུལ་གནམ་འོག་ན་གནས་པའི་བོད་གངས་ཅན་གྱི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་དེ་རྩ་མེད་དུ་གཏོང་བའི་སྦྱོར་བ་ཚབས་པོ་ཆེ་བཤམས་ནས་དེའི་ཚབ་ཏུ་“བཙན་བྱོལ་བོད་མིའི་སྲིད་གཞུང”་ཞིག་འཛུགས་རྒྱུའི་སྐུལ་སློང་བྱེད་པ་ནི་དོན་དམ་པའི་བོད་རྒྱལ་ཁབ་ཕུངས་བའི་ལས་ཉིད་དུ་འཁུམས། དེས་ན་ཁྱེད་ཅག་ནི་ལོ་རྒྱུས་ཀྱི་ཉེས་ཅན་པ་རུ་མི་འདྲེན་ན་གང་དུ་འདྲེན། ༧གོང་ས་མཆོག་གིས་དགའ་ལྡན་པོ་བྲང་གི་སྲིད་གཞུང་དེ་ཕྱིར་བསྡུ་གནང་དགོས་པར་གསུངས་ཡོད་པ་ལས་བཙན་བྱོལ་བོད་གཞུང་ཕྱིར་གནང་དགོས་པ་ཡེ་ནས་གསུང་མེད། གལ་སྲིད་ཁྱེད་ཅག་གིས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་ན་གཞིས་ལུས་རྒྱ་ཆེའི་མི་མང་ལ་གདོང་ཇི་ལྟར་སྟོན་རྒྱུ་ཡིན་ནམ། ལར་ནས་ཁྱེད་ཅག་ལ་འདི་ལ་ཐུགས་ཁྲལ་ཞིག་ཨེ་ཡོད།

 

ད་ནི་ཁྱེད་ཅག་དཔོན་པོར་བབས་ཤིང་། ཁྱེད་ཅག་གི་ལག་ཏུ་གངས་ཅན་པའི་ལས་དབང་གི་ཐག་སྣེ་ཐོགས་སྐབས། ཁྱེད་ཅག་གི་ལྟ་བ་དང་ལངས་ཕྱོགས་(མང་ཆེ་བ་རྒྱ་གར་ལས་དཔེ་བཤུས་པ)་ཁོ་ནའི་དབང་དུ་བཏང་ནས་ཁྱེད་ཅག་གི་བྱེད་སྟངས་འདི་འདྲ་ཞིག་ཡིན་ན། ཅི་སྟེ་“བཙན་བྱོལ་བོད་གཞུང་”་དེ་ཕྱིར་བསྡུ་བྱས་ནས་དེའི་ཤུལ་དུ་“བཙན་བྱོལ་བོད་མིའི་གཞུང་”་འཛུགས་རྒྱུ་ཡིན་ན། ཅི་སྟེ་གཞིས་བོད་མི་དག་གིས་ཉིན་མཚན་མེད་པར་རེ་བའི་མིག་འབུར་འདི་ཕྱོགས་སུ་གཏད་པ་ལ་ཐལ་བ་བཏབ་ན། མི་ལོ་དེ་དག་གི་རིང་ལ་འདིར་བསྡད་པའི་དོན་གོ་ཆོད་མ་སོང་བས་ངེད་བོད་འབངས་རྣམས་ནི་ཡང་ན་ཕྱིར་རང་ཡུལ་གྲང་མོ་རྒྱ་ནག་པོའི་བྲན་འོག་ཏུ་གཏན་དུ་འཛུལ་རྒྱུ་འམ་ཡང་ན་ཕྱིའི་རྒྱལ་ཁབ་ཏུ་ཐེངས་གཉིས་པའི་སྐྱབས་བཅོལ་དུ་འགྲོ་རྒྱུ་ལས་ཐབས་གཞན་མི་འདུག

 

སྐབས་འདིར་སྔོན་མ་ཕྱི་ལོ་ ༡༩༩༡ ལོར་ཨ་རིའི་གྲོས་ཚོགས་སོགས་ཀྱིས་ཡིག་ཆ་ཨང་ ༢༥༧ པའི་ནང་དུ་“རྒྱལ་སྤྱིའི་ཁྲིམས་ཡིག་ཁག་གི་ནང་དོན་ལྟར་ན་བོད་(མདོ་དབུས་ཁམས་གསུམ་ཚུད་པ)་ནི་བཙན་དབང་གིས་བཟུང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེའི་སྐུ་ཚབ་ངོ་མ་ནི་བོད་མི་མང་གིས་ཁས་ལེན་ཡོད་པའི་བཙན་བྱོལ་བོད་གཞུང་དང་༧གོང་ས་ཏཱ་ལའེ་བླ་མ་ཡིན།”ཞེས་གྲོས་ཆོད་དང་ཡོངས་བསྒྲགས་བྱས་ཡོད་པ་དེ་དང་། དེ་རྗེས་ཡུ་རུབ་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་དེ་ཁྲིམས་མཐུན་ངོས་ལེན་བྱ་འདོད་བྱུང་བ། ཉེ་ཆར་སི་པེན་རྒྱལ་ཁབ་ཀྱི་ཁྲིམས་ཁང་གིས་“བོད་དེ་གཞན་གྱིས་བཙན་དབང་གིས་བཟུང་བའི་རྒྱལ་ཁབ་ཅིག་ཡིན།”་པའི་ཁྲིམས་ཐག་བཅད་པ། གཞན་ཡང་འཛམ་གླིང་མི་མང་གིས་བོད་བཙན་བྱོལ་སྲིད་གཞུང་ལ་དོན་དམ་པའི་རྒྱབ་སྐྱོར་གང་དག་མཛད་ཡོད་པ་ཚང་མ་ཐུགས་ཀྱིས་དྲན་གསོ་རེ་མཛད་པར་ཞུ། །

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 7

  1. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    ཨ་མཆོད་ལགས་ཐུགས་རྗེ་ཆེ། ངས་དེའི་ཕྱོགས་སུ་ཞིབ་བརྩད་བྱེད་ཀྱི་ཡིན།།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ཁྱེད་ལ་དུས་ཚོད་མེད་པ་འདྲ། ངས་མིང་གིས་འཛིན་ཆོག དེ་ནི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་རེད།

    Reply
  3. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    ཨ་མཆོད་ལགས་ནས་བཀའ་སློབ་གནང་བར་བཀྲིན་ཆེ། ད་ནི་ངས་ཁྱེད་ལ་ཆེས་གཟོད་པར་དཀའ་བའི་ཡིད་ཆད་དུ་བཅུག་མཁན་དང་། གཞིས་ལུས་རྒྱ་ཆེའི་མི་མང་གིས་རེ་བའི་མིག་འབུར་འདི་ཕྱོགས་སུ་ཅེར་བའི་ནང་དུ་ཐལ་བ་བཏབ་མཁན། བཀའ་སློབ་དང་དུ་ལེན་ལོ་སྐད་ཀྱི་སྦྱོར་བ་ལ་གནས་པའི་སྐྱེ་བོ་རེ་ཟུང་དེ་སུ་ཡིན་མིན་ངས་ཉེ་འཁོར་གྱི་མི་ལ་དྲིས་ན་མ་གཏོགས་ཐབས་གཞན་ཟད་དོ།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་ཁྲི་སྲོང་བཙན་ལགས།
    བཙན་བྱོལ་བོད་མིའི་གཞུང་འཛུགས་རྒྱུ་ཡིན་ཟེར་མཁན་སུ་ཡིན་པ་ཁོ་བོས་”༧གོང་ས་མཆོག་གིས་རང་རེའི་ཆབ་སྲིད་ཀྱི་ལས་འགན་རང་ལག་ཏུ་གཏད་གནང་བའི་དུས་འདིར་ཡུལ་མིའི་རྒྱལ་ཁབ་ཀྱི་ངོ་བོར་གྲ་སྒྲིག་བྱེད་པའི་བཀའ་སློབ་དང་དུ་ལེན་ལོ་སྐད་ཀྱི་སྦྱོར་བ་ལ་གནས་པའི་སྐྱེ་བོ་རེ་ཟུང་གི་ངག་ལ་བརྟེན་ནས་་་”ཞེས་བྲིས་ཡོད་པ་དེ་ནས་གསལ་བོར་མཁྱེན་དགོས་ཚོད་རེད། ལས་ནས་འདི་ནི་ཆེས་མངོན་གསལ་ཅན་གྱི་དོན་ཞིག་ཡིན་པས་ཁྱེད་རང་ཉེ་འཁྲིས་ཀྱི་མི་དེ་ལ་དྲིས་དང་ཁོས་ཀྱང་ཤེས་ངེས།

    Reply
  5. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    ཡག་པོ་འདུག ཡིནའང་བཙན་བྱོལ་བོད་མིའི་གཞུང་འཛུགས་རྒྱུ་ཡིན་ཟེར་མཁན་སུ་ཡིན་ཤེས་མ་སོང་། ད་དུང་། ད་ནི་ཁྱེད་ཅག་དཔོན་པོར་བབས་ཤིང་། ཁྱེད་ཅག་གི་ལག་ཏུ་གངས་ཅན་པའི་ལས་དབང་གི་ཐག་སྣེ་ཐོགས་སྐབས། སོགས་སྔ་རྒོལ་མི་གསལ་བའི་དགག་རྒྱག་འདྲ་པོ་ཞིག་མཐོང་སོང་བས་ཨ་མཆོད་ནས་ཁྱེད་ཅག་གསུངས་སའི་མི་བུའམ་ཚོགས་པ་འདི་ཞེས་མིང་ནས་འབོད་ན། ང་ཚོ་ཀློག་མཁན་ཚང་མར་ཁ་སངས་ན་གོ་བདེ། ནམ་ལངས་ན་འགྲོ་བདེ་བའི་དཔེ་ལྟར་ལོས་ཡིན།།

    Reply
  6. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱིས་བཤད་པ་དེ་དངོས་གནས་བསམ་བློ་གཏོང་དགོས་བ་མ་ཟད་འདི་ལ་མང་པོ་ཞིག་གི་བདེན་པ་དང་རྒྱབ་སྐྱོར་བྱེད་བཞིན་པ་རེད།
    ད་ནས་བཟུང་བཙན་བྱོལ་བོད་མིའི་གཞུང་འདི་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་བྱེད་ན་གཞུང་འདི་སྲ་བརྟན་བྱེད་རྒྱུར་འབད་བརྩོན་མུ་མཐུད་དུ་བྱེད་དགོས་བ་ཞིག་ཆགས་འདུག

    Reply
  7. གནས་ཚང་། says:
    ལོ་ 15 སྔོན།

    ཨ་མཆོད་ལགས་སུ་རྒྱབ་བསྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese