མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་འགྲོ་བཞིན་པ་དང་། ཁྲིམས་འགལ་གྱིས་བཀག་ཉར་དང་འཛིན་བཟུང་། ཁྲིམས་ཐག་གཅོད་བཞིན་པ་བཅས་ཀྱི་གནད་དོན་ཐད་གླེང་མོལ་བྱ་རྒྱུ་ཡིན་ཟེར།

ཉེ་ཆར་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་གནས་ཚུལ་སྤེལ་ཏེ། ཕྱི་ཚེས་ ༢༧ ནས་ ༢༨ བར་རྒྱ་ནག་པེ་ཅིན་ཏུ་ཨ་རྒྱའི་བར་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་ལྟར། དེ་རིང་པེ་ཅིན་དུ་གྲོས་མོལ་དངོས་སུ་མགོ་འཛུགས་བྱས་ཡོད་པ་དང་། ཉེ་ཆར་གྱི་ཨ་རིའི་ཕྱོགས་ཀྱི་གསལ་བསྒྲགས་ལྟར་ན། ཐེངས་འདིའི་གྲོས་མོལ་གྱི་ནང་དོན་གཙོ་བོ་ནི། རྒྱ་ནག་གིས་ཁྲིམས་འགལ་གྱིས་བཀག་ཉར་དང་འཛིན་བཟུང་། ཆོས་ལུགས་དད་མོས་རང་དབང་སྐོར་ཡིན་ཚུལ་བརྗོད་འདུག་ལ། རྒྱ་ནག་གི་གསར་ལམ་ཁག་ཏུ། ཐེངས་འདིའི་གྲོས་མོལ་དེར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ངལ་རྩོལ་བཅས་ཀྱི་རྒྱལ་དོན་དྲུང་ཆེ་ཕྱག་རོགས་མའེ་ཆལ་ཕའོ་སི་ནེར་(Michael Posner)ལགས་ཀྱི་སྣེ་ཁྲིད་པའི་ཨ་རིའི་ཕོ་བྲང་དཀར་པོ་དང་།  ཁྲིམས་སྲིད་ལྷན་ཁང་། ངལ་རྩོལ་ལྷན་ཁག  དཔལ་འབྱོར་སྡེ་ཁག་བཅས་ཡིན་ཞིང་། རྒྱ་ནག་གི་ཕྱོགས་ནས་ཕྱི་འབྲེལ་ལྷན་ཁང་རྒྱལ་སྤྱིའི་སྡེ་ཁག་གི་མགོ་གཙོ་ཁྲིན་ཞི་ཀོང་གིས་སྣེ་ཁྲིད་པའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་། ཆེས་མཐོའི་ཁྲིམས་ཁང་། སྤྱི་བདེ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་ཁུངས།  རྒྱལ་ཁབ་ཆོས་ལུགས་སྡེ་ཁག་བཅས་མཉམ་ཞུགས་བྱ་རྒྱུ་ཡིན་ཚུལ་ཙམ་བཀོད་འདུག  

 

ཨ་རིའི་ཕྱི་སྲིད་བློན་ཆེན་ཧེ་ལི་རེ་ཁི་ལོན་ཌོན་ལགས་ཀྱིས་ཀྱང་། ཐེངས་འདིའི་གྲོས་མོལ་གྱི་གླེང་གཞི་གཙོ་བོ་ནི།  ཉེ་སྔོན་རྒྱ་ནག་ནང་འབྱུང་བཞིན་པའི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་འགྲོ་བཞིན་པ་དང་། ཁྲིམས་འགལ་གྱིས་བཀག་ཉར་དང་འཛིན་བཟུང་། ཁྲིམས་ཐག་གཅོད་བཞིན་པ་བཅས་འགྲོ་བ་མིའི་ཐོབ་ཐང་སྔར་ལྷག་ཉམས་ཉེས་ལ་འགྲོ་བཞིན་པའི་གནད་དོན་དང་། དེ་མིན་ཁྲིམས་སྲིད་དང་། ཆོས་ལུགས་རང་དབང་། སྨྲ་བརྗོད་རང་དབང་། ངལ་རྩོལ་ཁེ་དབང་། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་བཅས་ཕྱོགས་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སོགས་ཚུད་ཡོད། ཅེས་བརྗོད་འདུག 

ཉིན་དེར་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ཧྲིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཨ་རྒྱ་གཉིས་བར་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་དང་ཁྲིམས་ལུགས་ཆེད་མཁས་པའི་གླེང་མོལ་བྱ་འཆར་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་རའེ་ཏིག་(Reid) ལགས་ཀྱིས་སྣེ་ཁྲིད་པའི་གཟིགས་སྐོར་ཚོགས་པར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཝང་ཀྲི་ཧྲན་དང་། ཕྱི་འབྲེལ་ལྷན་ཁང་གི་ཚོགས་གཙོ་ཡང་ཅེ་ཀྲི་གཉིས་ཀྱིས་སྣེ་ལེན་སྐབས། ཝང་ཀྲི་ཧྲན་གྱིས་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་གནས་རིམ་གྱི་བར་ཆད་ལ་གཞིགས་ཏེ་མུ་མཐུད་ཤུགས་སྣོན་དང་རྒྱུས་ལོན་བྱ་དགོས་པ་དང་། དཔལ་འབྱོར་གྱི་གནད་དོན་ཆབ་སྲིད་ཀྱི་ངོ་བོར་མི་བསྒྱུར་རྒྱུ་བརྗོད་ཡོད་སྐོར་དང་། ཕྱི་ཚེས་ ༢༡ ཉིན་ཝུའུ་པང་ཀོ་དང་ཞི་ཅིན་པེན་གཉིས་ཀྱིས་སོ་སོར་སྣེ་ལེན་ཐུག་ཕྲད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག 

 

ཐེངས་འདིའི་ཨ་རྒྱ་བར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་དེ་ནི། ད་ལོ་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཧའོ་ཨ་རིར་རྒྱལ་དོན་ལྟ་སྐོར་སྐབས།  ཨ་རྒྱ་གཉིས་བར་འཐབ་ཇུས་དང་དཔལ་འབྱོར་ཐད་ཀྱི་གྲོས་མོལ་ཐེངས་གསུམ་པ་མ་བྱས་སྔོན་ལ།  འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་དེ་འཚོགས་རྒྱུ་གཏན་ཁེལ་བ་ཞིག་ཡིན་མོད།  ༢༠༡༠ ལོའི་ཨ་རྒྱ་གཉིས་བར་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་རྗེས་དང་། ལྷག་པར་དུ་ཕྱི་ཟླ་ ༢ པའི་ནང་དཀྱིལ་ཤར་ཡུལ་གྲུའི་ནང་དམངས་གཙོའི་གསར་བརྗེ་ལས་འགུལ་བྱུང་རྗེས། རྒྱ་གཞུང་གིས་སྔར་ལས་ལྷག་པར་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་བའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད།

ཉེ་སྔོན་ཨ་རི་གཞུང་གིས་ ༢༠༡༡ ལོའི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་བཏོན་ཏེ། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཉམས་ཉེས་སུ་འགྲོ་བཞིན་པའི་གནས་སྟངས་ཐད་སྐྱོན་བརྗོད་བྱས་པར།  རྒྱ་གཞུང་གིས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཡིག་ཆ་ཞིག་བཀྲམས་ཏེ་ཁ་གཏད་གཅོག་ཐབས་བྱས་པར་བརྟེན། རྒྱལ་ཚོགས་དང་ཨུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་གཙོས་པའི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཀྱང་རིམ་པར་སྐྱོན་བརྗོད་བྱས་ཡོད་ཅིང་། ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐད་རྒྱལ་སྤྱིའི་སྒང་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།  

རྒྱ་གཞུང་གི་ཁྲིམས་འོག་ཏུ་ལོ་ ༢༢ རང་བསྡད་མྱོང་བའི་དམངས་གཙོ་དོན་གཉེར་བ་ཆིན་ཡུང་མེན་གྱིས་རེ་སྐུལ་ཞུས་དོན།  ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ། ཡང་ན་རྒྱལ་སྤྱིའི་མཛའ་འབྲེལ་ཚོགས་སྡེ་བཅས་ཀྱི་མི་སྣ་ཚང་མའི་ངོས་ནས།  རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱ་གཞུང་ལ་ལངས་ཕྱོགས་བརྟན་པོ་དང་བསམ་ཚུལ་གསལ་བོ་བཏོན་ཏེ་གནོན་ཤུགས་སྤྱོད་ཐུབ་པ་ཡིན་ན་དེ་ལ་དགེ་མཚན་ཆེན་པོ་ཡོད། ཐེངས་འདིའི་གྲོས་མོལ་སྐབས་ཨ་རིའི་ཕྱོགས་ནས་མ་མཐའ་ཡང་རྒྱ་ནག་གཞུང་རང་ངོས་ནས་ངོས་ལེན་མིང་རྟགས་བཀོད་ཟིན་པའི་འགྲོ་བ་མིའི་ཐོབ་ཐང་རྩ་འཛིན་གྱི་གཏན་འབེབས་གཞིར་བཟུང་།  ད་ལྟ་རྒྱ་ནག་ནང་ཡོངས་ཁྱབ་ཏུ་འབྱུང་བཞིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་ཐུབ་དགོས།  ཞེས་བརྗོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༦ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 6

  1. དུང་མཚོ་སྐྱིད། says:
    ལོ་ 15 སྔོན།

    སུ་ཡིན་ནའང་རང་དབང་དང་ཐོབ་ཐང་དགོས་ངས་རེད།

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    ཨ་ཁ་ཡང་བོད་མི་ཚོར་མགོ་སྐོར་གཏོང་སྟངས་གཞན་ཞིག
    རྒྱ་ནག་གིས་དང་པོ་བོད་བཙན་པོ་ལ་རྒྱ་མོ་ཕུལ་ནས་བསླུ་ཁྲིད་གཅིག་བྱས།
    དེ་ནས་བླ་ཆེན་མི་དཔོན་ཚོར་བེར་གོས་སྤྲད་དེ་མགོ་སྐོར་ཞིག་བཏངས།
    དེ་ནས་བླ་ཆེན་ཚོར་ཞྭ་མོ་དང་ཐེམ་ཀ་སྤྲད་དེ་མགོ་སྐོར་ཅིག་བཏངས།
    དེ་ནས་གྷོར་དམག་བོད་ལ་ཡོང་དུས་ལས་སོགས་ཕྱི་དམག་ནང་དུ་ཡོང་དུས་ཁོང་ཙོས་རོགས་པ་བྱེད་ཁར་ཡོང་གི་ཡིན་ཟེར་ནས་མགོ་སྐོར་ཅིག་བཏངས།
    དེ་ནས་དྷ་དབྱངས་རྒྱ་དངུལ་གྱིས་ཆར་ཕབས་ཏེ་མགོ་སྐོར་ཅིག་བཏངས།
    དེ་ནས་དམངས་གཙོ་བསྒྱུར་དགོས་ཟེར་ནས་ཕྱི་སྡོད་རྒྱ་རིགས་དེ་ཚོས་
    མགོ་སྐོར་ཅིག་བཏངས།
    དེ་ནས་རྒྱ་ནག་ནང་འགྲོ་བ་མི་ཡི་ཐོབ་ཐང་ཟེར་ནས་མགོ་སྐོར་ལས་སོགས་སྣ་མང་གིས་སྒོ་ནས་སམ་ཐབས་བརྒྱ་ཇུས་སྟོང་གིས་བོད་མིར་མགོ་སྐོར་གཏོང་སྟངས་ཤིག་སླེབ་བཞིན་འདུག
    གཟབ་གཟབ་དགོས།
    སྔར་གྱི་བོད་ཀྱི་རྒྱལ་བློན་དེ་ཚོར་མགོ་སྐོར་བཏངས་བ་བཞིན་ཡོང་ཉེན་ཡོད།

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    ནུབ་ཕྱོགས་པའི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་སྟོང་བཤད་དེ་ལ་ཡི་ཐང་ཆད་སོང་།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    ཨ་རྒྱ་གཉིས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་སྐོར་ལ་སྐད་ཤོད་རྒྱུ་ཟེར་བ་ནི་གོང་དུ་དྲྭ་གྲོགས་པ་འགས་བཤད་པ་དེ་ག་རང་རེད།
    བོད་ཀྱི་གནད་དོན་ལས་སོགས་འགྲོ་བ་མི་ཡི་ཐོབ་ཐང་ལས་སོགས་ཡུལ་གཉིས་ཀྱི་དབར་གྱི་མ་རྩའི་ཁྲོམ་རྐང་ཡོད་ན་མེད་ན་དེ་རེད།
    ཁ་ནས་འགྲོ་བ་མི་ཡི་ཐོབ་ཐང་དོན་དུ་གྲོས་མོལ་བྱེད་ཀྱིན་སྡད་ནས་ཚོང་ཀྱི་འགྲེལ་བ་བྱས་ཏེ་ཚོང་དོན་གྲོས་ཆོད་རྐྱང་བཞག་ཡོད་རེད།
    དེ་བཞིན་ནུབ་ཕྱགས་དེ་ཚོའང་གཅིག་པ་རེད།
    བོད་ལ་སེམས་པ་དཀར་ནས་བྱེད་པ་ཞིག་རྩ་བ་ཉིད་ནས་མ་རེད།
    ཁོང་ཚོས་འདི་ལྟར་བྱེད་དེ་མི་དམངས་ལ་མགོ་སྐོར་རྐྱང་བཏངས་ནས་ཉིན་མ་ཁྱོལ་ཐབས་བྱེད་ཀྱི་རེད།
    ཁོང་ཚོས་བོད་ལ་ཕན་སེམས་ཡོད་ན་སྐྱབས་བཅོལ་ལག་འཁྱེར་ཡོད་སྡད་པའི་མི་བུ་དེ་ཚོར་སོ་སོའི་ཡུལ་གྲུར་བསྡོད་ཆོག་པའི་མཐོང་ཆེན་མི་སྤྲོད་པའི་རྒྱུ་མཚན་གང་རེད།
    ད་ལྟ་ནི་སྐྱབས་བཅོལ་ལག་ཁྱེར་གྱི་ཐོག་དམ་དྲག་ཇེ་ཆེར་གཏོང་བཞིན་པ་རེད།
    དེ་མིན་བལ་པོ་འབྲུག་ནས་ཡིན་པ་མི་སེར་འབུམ་ལྷག་མགྲོན་འབོད་བྱེད་དེ་ཉར་ཡོད།
    བོད་མི་སྟོང་ཕྲག་ཡ་ཟུང་ཞིག་ལ་སྡང་ཟུག་བྱེད་དགོས་པ་མེད།
    ནུབ་ཕྱོགས་པ་ནི་ཁ་མཇེ༹ས་ཁོག་རྩུབ་ཀྱི་བྱ་བ་བྱེད་ཀྱི་འདུག
    དེ་ཚོར་ཡིད་ཆེས་མེད།
    མི་ཚོས་ཁོང་ཚོར་ཡིད་ཆེས་རིམ་བཞིན་བརླག་འགྲོ་གི་ཡོད།

    Reply
  5. གསར་འབྱོར། says:
    ལོ་ 15 སྔོན།

    ཨ་རྒྱ་གཉིས་བར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་བྱེད་བཞིན་པ་འདི་ནི་འཇ༹མ་གླིང་མི་མང་མགོ་སྐོར་གཏོང་ཐབས་ཀྱི་ཕྱི་ཚུལ་གྱི་ཟློས་གར་ཙམ་ལས་གཞན་ལག་ལེན་གྱི་གྲུབ་འབྲས་གང་ཡང་ཡོང་མི་སྲིད། གང་ཡིན་ཟེར་ན་རྒྱལ་ཁབ་འདི་གཉིས་ནི་དཔལ་འབྱོར་གྱིས་དབང་རྩ་རུལ་བའི་ར་ཞ་ཡིན། འདི་ལ་རེ་བ་བྱེད་མཁན་གྱི་མི་དག་ནི་ངས་ད་དུང་གཉིད་ལས་སད་མི་འདུག་ཅེས་བཤད་ཀྱི་ཡིན།

    Reply
  6. གནས་ཚང་། says:
    ལོ་ 15 སྔོན།

    དེང་སྐབས་ནུབ་ཕྱོགས་པས་ཁ་ནས་འགྲོ་བ་མིའི་ཐོབ་ཐང་དང་། ཁོག་པའི་ནང་དུ་དངུལ་དངོས་བསྒོམ་ཡོད་པས། ནུས་པ་ཆེར་མ་ཐོན་ཡང་བརྗེད་མེད་པའི་རྟགས་ཤིག་རེད། དེ་ལ་ཡི་རངས་བྱེད་ཆོག་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese