མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་གསར་པར་རྟེན་འབྲེལ་ཞུ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སྟེ་ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་མཆོག་སྐབས་གསུམ་པའི་བཀའ་བློན་ཁྲི་པར་བདམས་ཐོན་བྱུང་ཡོད་པ་ལྟར། ཁ་སང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་ཡིག་ཅིག་ཕུལ་འདུག

ཁོང་གི་འཚམས་འདྲིའི་ནང་འཁོད་དོན།  ཁ་སང་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་བཀའ་ཁྲི་གསར་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ལྟར། སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་མང་མོས་མཐོ་པོའི་ཐོག་ནས་བཀའ་ཁྲིར་འོས་འདེམས་བྱུང་བ་དེར་ང་དང་ངའི་ལས་རོགས་བཀའ་ཤག་གི་བཀའ་བློན་ཚང་མས་ཁོང་ལ་འཚམས་འདྲིའི་བཀྲི་ཤིས་བདེ་ལེགས་ཞུ་བཞིན་ཡོད། ད་རེས་ཀྱི་འཕོ་འགྱུར་དེ་གལ་གནད་ཆེ་བའི་འཕོ་འགྱུར་ཞིག་གི་སྐབས་ལ་བསླེབས་པར་བརྟེན། བཀའ་ཁྲི་གསར་པ་དེ་དགུང་ལོ་གཞོན་གཞོན་དང་མཁྱེན་ཡོན་ཆེན་པོ། ལྷག་བསམ་དང་སྙིང་སྟོབས་ཆེན་པོ་ཞིག་ལ་ཐོབ་པ་དེས་ང་ཚོ་བློ་བདེ་པོ་དང་རེ་བ་ཆེན་པོ་བྱུང་། དེར་བརྟེན་ཁོང་གི་ལས་དོན་ཚང་མ་ལམ་ལྷོང་ཡོང་བའི་རེ་འདུན་ཞུས་པ་དང་ཆབས་ཅིག་བཀྲ་ཤིས་བདེ་ལེགས་ཡོད། ཅེས་འཁོད་ཡོད་འདུག

དེ་བཞིན་ཁ་སང་ཨོ་སི་ཊོ་ལི་ཡའི་རྒྱ་རིགས་དམངས་གཙོ་ཚོགས་པ་ཁག་གསུམ་ཐུན་མོང་གིས་ཀྱང་བོད་གཞུང་སྐུ་ཚབ་དོན་གཅོད་བརྒྱུད་དེ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་ཡིག་ཕུལ་ཡོད་པའི་ནང་། གུས་པར་འོས་པའི་སྐུ་ཞབས་བློ་བཟང་སེང་གེ་མཆོག་ལ། སྐུ་ཉིད་བཙན་བྱོལ་བོད་མི་མང་གིས་ཐད་ཀར་འོས་འདེམས་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པར་རྒྱ་ནག་དམངས་གཙོ་ཚོགས་པ་མཉམ་འབྲེལ་ལས་དོན་ལྷན་ཚོགས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཙན་བྱོལ་བོད་གཞུང་གི་མང་གཙོའི་འཕེལ་རིམ་དང་འོས་འདེམས་ནི་ང་ཚོ་རྒྱ་རིགས་དམངས་གཙོ་དོན་གཉེར་བས་སེམས་ཁུར་དང་སློབ་སྦྱོང་བྱེད་སའི་གལ་གནད་ཆེ་བའི་ཆ་ཤས་ཤིག་ཡིན་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དེ་སྔོན་ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་གང་ཉིད་ནས་བོད་ཀྱི་ཆབ་སྲིད་འགན་ཁུར་མ་དགོས་པར། མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་འཁུར་དགོས་པའི་བཀའ་སློབ་བསྩལ་བ་དེས། བཙན་བྱོལ་བོད་གཞུང་གི་བཀའ་ཤག་གསར་པར་ཆབ་སྲིད་འཕེལ་རིམ་གྱི་སློབ་ཚན་གསར་པ་ཞིག་སྒོ་འབྱེད་གནང་ཡོད།

རྒྱ་ནག་དམངས་གཙོའི་ལས་འགུལ་དང་བོད་མིའི་རང་དབང་ལས་འགུལ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཐད་ཐུན་མོང་གི་འགལ་རྐྱེན་ཞིག་ཡོད་པ་ནི། རྒྱ་ནག་སྲིད་དབང་སྒེར་འཛིན་གཞུང་ལུགས་དེ་ཡིན་པ་དང་། ལམ་ལུགས་དེ་ནི་རྒྱ་ནག་དམངས་གཙོའི་འཕེལ་རིམ་དུ་བསྐྱོད་རྒྱུའི་འགལ་རྐྱེན་ཆེ་ཤོས་ཤིག་ཡིན་པ་མ་ཟད། བོད་མི་ས་ཡ་དྲུག་ལ་དོན་སྙིང་ལྡན་པའི་ཆེ་མཐོའི་རང་སྲིད་རང་སྐྱོང་རྩོད་ལེན་གནང་རྒྱུའི་འགལ་རྐྱེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། དེ་བཞིན་འཚམས་འཕྲིན་འདིའི་ནང་ད་དུང་རྒྱ་ནག་དམངས་གཙོ་ཚོགས་པའི་མཉམ་འབྲེལ་ལས་དོན་ལྷན་ཚོགས་ནས་སྐབས་གསར་པའི་བཙན་བྱོལ་བོད་གཞུང་དེ་ཁོང་གིས་དབུ་ཁྲིད་འོག་སྔོན་ཆད་ལྟར་འདས་ཟིན་པའི་ལོ་ངོ་ ༢༠ ལྷག་རིང་རྒྱ་ནག་དམངས་གཙོ་ལས་འགུལ་བ་དང་བོད་ཀྱི་རང་དབང་ལས་འགུལ་བར་ཕན་ཚུན་མཉམ་ལས་འབྲེལ་ལམ་ཐོག་རྒྱུན་འཛིན་གྱི་ཤུགས་སྣོན་གནང་རྒྱུ་དང་། ང་ཚོའི་ཆབ་སྲིད་ཀྱི་དགོས་དབང་བསྒྲུབ་རྒྱུའི་རེ་སྒུག་ཞུ་མུས་ཡིན། ཞེས་འཁོད་ཡོད་འདུག 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 9

  1. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    ཁ་སང་གསལ་བསྒྲགས་ཐོན་མ་ཐག་འཚམས་དྲི་ཞུས་པ་ཡིན། ད་ཞབས་བཀྱག་ཐོབ་ནས་ཁ་དན་ཚིག་ལ་གནས་པ་གནང་ནས་ཕྱག་ལས་ཡག་པོ་གནང་རོགས་མཁྱེན། ན་གཞོན་ཁྱེད་ཀྱི་ཕྱག་ཏུ་གཏད་པའི་ད་ཡོད་བཙན་བྱོལ་གཞུང་ཐབ་ཆུང་ཆུང་མེ་ཚ་པོ་ཡོད་པ་དེ་ཟང་ཟིང་མ་བཟོ་རོགས་ཞེས་རེ་བསྐུལ་ཞུ།

    Reply
  2. ཁྲུང་ཁྲུང་དཀར་མོ། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་ཐེངས་འདིའི་རྒྱལ་ཁ་ཐོབ་པ་ལ་རྒྱལ་སྤྱིའི་བལྟ་སྟངས་ནི་རང་དབང་ཚད་ལྡན་ཡོད་པའི་ལུང་པའམ་རྒྱལ་ཁབ་ཅིག་དང་མི་རིགས་ཅིག་གི་དབུ་ཁྲིད་ལས་ལྷག་པའི་བལྟ་སྟངས་ཐོག་འཚམས་འདྲི་ཞུ་བ་དང་གསར་འགྱུར་རྒྱུད་ལམ་ཁག་ཏུ་དེ་བཞིན་དོ་སྣང་བྱུང་འདུག། འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ལེའུ་གསར་པ་ཞིག་དང་འགྱུུར་བ་གསར་པ་ཞིག་གི་སྟིང་མཁས་དབང་ཁོང་བོད་མི་རིགས་ཀྱི་དོན་དུ་བཀའ་ཁྲིའམ་སྲིད་འཛིན་གྱི་ཕྱག་ལས་མ་གནང་སྔོན་གྱི་གྲུབ་འབྲས་ཀྱི་ཁ་ཕྱོགས་ཧ་ཅང་ཡག་པོ་ཞིག་རེད་། བྱུང་ན་ཁོང་གི་རེ་བ་བཞིན་ཕྱག་རོགས་བཀའ་བློན་རྒན་པ་ཉམས་མྱོང་ཅན་གསུམ་དང་གཞོན་པ་ཤེས་ཡོན་ཅན་བཞི་འདེབས་ཐུབ་པ་དགོས།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    དཔལ་ལྡན་བཀའ་ཤག་གིས་གཙོས་སྒེར་བ་མི་ཉུང་བ་ཞིག་གིས་བཀའ་ཁྲི་གསར་བར་འཚམས་འདྲི་བྱེད་སྟངས་ལ་གཞིགས་ན། གལ་ཏེ་བཀའ་ཁྲི་གཞན་ཞིག་ཕེབས་ཡོད་ན་འདི་དག་གིས་ཅི་ཞིག་བཤད་ཡོང་ངམ་སྙམ་པའི་དོགས་པ་ཞིག་ངང་གིས་སླེབས་ཡོང། སྤྱིར་ན་སོ་སོའི་འདོད་པ་ཡོད་པའི་མི་ཞིག་འོས་འདེམས་བྱ་རྒྱུ་གལ་ཆེ་ཡང་་དེའི་ལྡོག་ཕྱོགས་ཀྱི་མི་ཞིག་ཕེབས་པ་ཡིན་ན་ཡང་འཚམས་འདྲིའམ་བརྩི་འཇོག་ཞུ་འོས། དམངས་གཙོ་ནི་མང་མོས་ལྟར་ཐག་གཅོད་དང་དེ་བཞིན་ལག་བསྟར་ཡང་བྱེད་དགོས་པ་ཞིག་ཡིན་ན་ངེས་པར་དེ་ལྟར་ཡིན།
    ངའི་འདོད་པ་མ་ཚིམ་ས་ནི་ཐེངས་འདིར་བཀའ་ཁྲིའི་འོས་གཞི་ཁྱབ་བསྒྲགས་དང་འོས་འཕེན་གྱི་ཐོབ་ཐང་གལ་ཆེ་ཚུལ་ཅི་ཙམ་ཞིག་གསལ་བསྒྲགས་ཡང་བསྒྲགས་བྱས་པའི་ཚོད་ཀྱིས་དངོས་གཞིའི་འོས་འཕེན་པ་བརྒྱ་ཆའི་དྲུག་ཅུ་མ་ལོངས་ཙམ་ལས་མེད་པ་འདི་རེད། མང་མོས་ཀྱི་ཚད་གཞི་ཅི་ཙམ་ཡིན་མིན་དེ་དེ་ཙམ་གནད་འགག་མིན། གཙོ་བོ་ཕྱག་ལས་གནང་སྟངས་ལ་ཐུག་ཡོད། དེ་བས་བདག་གིས་འདི་ནས་ཆེད་དུ་ཞུ་འདོད་པ་ནི། བཀའ་ཁྲིར་བཞེངས་སྐབས་ཀྱི་དམིགས་ཡུལ་དང་དམ་ཚིག་དག་ལག་ལེན་འཁྱོལ་བ་གནང་རོགས་ཞུ་རྒྱུ་དེ་རང་ཡིན་ལ། ཁོང་ལ་འོས་མ་བླུགས་པ་ཚོས་ཀྱང་བརྩི་འཇོག་དང་བྱ་བ་ལམ་འགྲོ་ཡོང་བར་འགན་ནུས་མཉམ་འདོན་བྱེད་དགོས་པའི་རེ་བ་འདོན་གྱིན་ཡོད།

    Reply
  4. སྐྱ་རིད། says:
    ལོ་ 15 སྔོན།

    སྐབས་གསུམ་པའི་བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲིར་འོས་འདེམས་བྱུང་བར་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། སྐུ་ཉིད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ།

    Reply
  5. གངས་ཆབ། says:
    ལོ་ 15 སྔོན།

    ཤེས་འཇོན་ལྷག་བསམ་གྱི་རབ་ཏུ་ཕྱུགས་པའི་དེང་གི་མཁས་དབང་བློ་བཟང་སེངྒེ་མཆོག་ལ།བཀའ་ཤག་སྐབས་གསུམ་པའི་བཀའ་ཁྲིར་འོས་འདེམས་བྱུང་བར་འཚམས་འདྲིའི་བཀྲིས་བདེ་ལེགས་དང་།ཉིད་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡོད་པ་ཞུ།

    Reply
  6. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    བཀའ་ཁྲི་བློ་བཟང་སེང་གེ་ལ་བཀྲ་ཤིས་ལེགས་ཞུ་་་་་མ་འོངས་ཁྱེད་ཀྱི་ཐམས་ཅད་ལམ་ལྷོང་ཡོད་བའི་སྨོན་འདུན་ཞུ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བློ་སེང་ལགས་ལ་བཀའ་ཁྲིའི་འོས་ཤོག་ཐོབ་པར་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  8. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པས་བློ་བཟང་སེང་གེར་འཚམས་འདྲི་ཞུས་པ་ཞིག་ད་ནང་ཞོགས་ཀར་འདིར་འབྱོར་འདུག འདི་ལ་གནད་འགག་ཅིག་འདུག་པས་འདིར་བཀོད་ཡོད།

    ༼ །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༧ ཉིན་བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པར་ སྐུ་ཞབས་བློ་བཟང་སེང་གེར་འདེམས་ཐོན་བྱུང་འདུག འདི་ལོ་ཕྱི་ཟླ་ ༣ ནང་༧གོང་ས་ ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དབུ་ཁྲིད་ཀྱི་ཐུགས་འགན་དེ་བཞིན་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་མི་སྣར་བརྩིས་སྤྲོད་མཛད་རྒྱུའི་གསལ་བསྒྲགས་བསྐྱངས་པ་དེ་ནི་བོད་ཀྱི་མང་གཙོའི་ལམ་སྲོལ་ལེགས་ཚུགས་སུ་བཏང་བ་ཞིག་རེད།

    ཐེངས་འདིའི་འོས་བསྡུ་ནི་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་གི་གལ་གནད་ཆེ་བའི་ རྡོ་རིང་ཞིག་ཡིན་པར་བརྟེན། མང་གཙོ་ཡར་ཐོན་ཚོགས་པས་སྐབས་གསུམ་པའི་བཀའ་བློན་ཁྲི་པར་སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་འོས་འདེམས་བྱུང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག

    བོད་མི་མང་གིས་མང་གཙོའི་ལམ་སྲོལ་ཐོག་ནས་གཞུང་གི་འགོ་ཁྲིད་འདེམས་བསྐོ་ གནང་བར་དགའ་མགུ་ཡི་རང་ཡོད། ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་དེ་བཙན་བྱོལ་ བོད་གཞུང་གི་རྒྱལ་ཁ་ཡིན་པ་མ་ཟད། བོད་མི་མང་གི་རྒྱལ་ཁ་ཞིག་ཀྱང་ཡིན།
    བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་བོད་གཞུང་གི་དབུ་ ཁྲིད་ཀྱི་ཐུགས་འགན་བཞེས་རིང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་དབང་རྩོད་ལེན་སོགས་ཀྱི་ཐོག་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཡོད།

    དེ་བཞིན་ཐེ་ཝན་དུ་ཡང་ཆིབས་སྒྱུར་ལན་མང་བསྐྱངས་ཏེ། ཐེ་ཝན་མི་མང་དབར་མཛའ་ བརྩེའི་འབྲེལ་ལམ་གཏིང་ཟབ་འཛུགས་གནང་མཛད་པ་མ་ཟད། ཐེ་ཝན་ནང་ཆུ་ལོག་གི་གནོད་འཚེ་བྱུང་སྐབས། ༧གོང་ས་མཆོག་འཕྲལ་མར་ཐེ་ཝན་དུ་༧ཞབས་སོར་འཁོད་དེ་གནོད་འཚེ་ཕོག་ཡུལ་དུ་༧ཞབས་བཅག་ནས་ཡུལ་མིར་ཐུགས་སྨོན་ཡང་སྩལ་ཡོད།
    བཀའ་ཁྲི་བློ་བཟང་སེང་གེ་ལགས་སུ་གོ་སྐབས་བྱུང་ན་ཐེ་ཝན་དུ་འཚམས་གཟིགས་ལ་ཕེབས་ནས་ཐེ་བོད་བར་གྱི་འབྲེལ་ལམ་སྔར་ལྷག་དམ་ཟབ་གཏོང་བའི་རེ་བ་ཡོད།

    བཀའ་ཁྲི་བློ་བཟང་སེང་གེ་ལགས་ནི་བོད་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་མཁས་ དབང་ཡིན་པས། ཐེངས་འདིར་ཁོང་བཀའ་ཁྲིར་འོས་འདེམས་བྱས་པ་དེས་བོད་མི་མང་ནས་རང་ དབང་དང་མང་གཙོར་ཕྱོགས་པའི་བསམ་ཚུལ་མངོན་གསལ་ཆགས་ཡོད། མང་གཙོ་ཡར་ཐོན་ཚོགས་ པས་རྒྱ་ནག་གཞུང་ལ་གོ་སྐབས་འདི་བཟུང་ནས་ལྷག་བསམ་གཡོ་མེད་ཐོག་བོད་ཀྱི་བཀའ་ ཁྲི་མཆོག་དང་ལྷན་གྲོས་མོལ་གྱིས་བོད་མིའི་རེ་འདོད་བརྩི་སྲུང་དང་། བོད་མི་མང་ གིས་རང་སྐྱོང་རྩོད་ལེན་ལ་ཆེད་མངགས་དམའ་འབེབས་མི་གཏོང་བར། བོད་མིའི་འཚོ་གནས་ རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་དངོས་སུ་དོན་འཁྱོལ་ཡོང་ བའི་འབོད་སྐུལ་ཞུ་རྒྱུ་ཡིན།
    ང་ཚོ་ནི་གསར་དུ་དར་སྤེལ་བྱུང་བའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཐེ་ ཝན་གྱིས་མང་གཙོའི་བརྒྱུད་རིམ་ནང་གི་དཀའ་ངལ་མྱོང་ཚོར་ཡོད་ཅིང་། རང་དབང་གི་ གྲུབ་འབྲས་དེ་རྩ་ཆེན་ཡིན་པར་ཡང་ཤེས་རྟོགས་ཡོད། ང་ཚོས་བོད་མི་མང་གིས་མང་གཙོ་ དང་རང་དབང་རྩོད་ལེན་བྱས་དང་བྱེད་མུས་ཡིན་པར་རྒྱབ་སྐྱོར་ཡོད།
    བཙན་བྱོལ་བོད་གཞུང་དེ་མང་གཙོ་ཅན་དུ་བསྐྱོད་བཞིན་པའི་གལ་ཆེའི་དུས་སྐབས་འདི་ དང་བསྟུན་ནས། མང་གཙོ་ཡར་ཐོན་ཚོགས་པས་མ་ཡིང་ཇུའི་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ དང་མང་གཙོའི་སྐོར་རྒྱ་ནག་དང་བསམ་ཚུལ་བརྗེ་ལེན་བྱེད་དགོས་ཤིང་། བོད་ཀྱི་མང་ གཙོར་རྒྱབ་སྐྱོར་བྱེད་དགོས་པ་ལས། རྒྱ་ནག་ལ་ཕོག་ཐུག་འགྲོ་དྭོགས་ཀྱིས་བོད་ དོན་སྐོར་གཡོལ་ཐབས་བྱས་ཏེ། རྒྱལ་སྤྱིའི་ཐོག་ཐེ་ཝན་ལ་མིང་ཤས་ངན་པ་བཟོ་མི་ རུང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།།༽

    Reply
  9. ནགས་མཚོ says:
    ལོ་ 15 སྔོན།

    སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་་རྒྱུ་དང་།   ཁྱེད་ཀྱི་བཀའ་ཁྲིའི་སྐབས་བོད་བདེན་མཐའ་སེལ་བའི་སྨོན་འདུས་ཞུ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese