མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་ཅན་དྷི་གྷལ་ལ་འབྱོར་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དགེ་འདུན་པ་བརྒྱ་ཙམ་གྱིས་བཞུགས་སྒར་ངྷ་ས་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་བྱེད་བཞིན་པའི་སྐབས་འདིར། ས་གནས་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག  

ཉེ་ཆར་རྒྱ་གཞུང་གིས་བོད་མདོ་སྨད་རྔ་པ་ཁུལ་གྱི་དགོན་གྲོང་གཉིས་ལ་དམ་དྲག་ཤུགས་ཆེར་བྱས་ཏེ། རྔ་པ་ཁུལ་གྱི་བོད་མི་གཉིས་བསད་པ་དང་། ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ ཙམ་འཛིན་བཟུང་བྱས་པ་སོགས་ཛ་དྲག་གི་གནས་སྟངས་ཐད། ངྷ་ས་མདོ་སྨད་དབུས་སའི་རྒྱུན་ལས་དང་བཞུགས་སྒར་ཀིརྟི་དགོན་པའི་སྣེ་ཁྲིད་འོག ཕྱི་ཚེས་ ༢༦ ཉིན་དགེ་འདུན་པ་ ༡༠༠ ཡིས་ངྷ་ས་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཅིག་ཞིག་མགོ་འཛུགས་བྱས་ཡོད་པ་ལྟར། གོ་སྒྲིག་པ་དང་ལས་འགུལ་བ་ཚོས་སྤྱིར་བོད་བསྟན་སྲིད་ཀྱི་བདེ་རྩ་དང་། སྒོས་རྔ་པ་ཀིརྟི་དགོན་གྲོང་གཉིས་ལ་གདུང་སེམས་མཉམ་སྐྱེད། ལྷག་པར་དུ་རྒྱ་ནག་དམར་པོའི་གཞུང་གི་མི་སྤྱོད་ལས་འདས་པའི་བྱེད་བབ་ལ་ངོ་རྒོལ་ཆེད། ལྟོགས་སྐོམ་དང་ཚ་གདུང་ཁྱད་དུ་བསད་དེ། ཞབས་ཐང་གིས་སྤྱི་ལེ་  ༢༡༤ ལྷག་གི་སར་ཡོད་པའི་ཅན་དྷི་གྷལ་དུ་རྒྱལ་ཁའི་ངང་འབྱོར་ཡོད་འདུག

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤།༤༥ པའི་ཐོག་ཅན་དྷི་གྷལ་མོ་ཧཱ་ལ་ས་གནས་སུ་འབྱོར་མ་ཐག ས་གནས་གཞོན་ནུའི་རྒྱུན་ལས་དང་བོད་རིགས་སློབ་ཕྲུག་ཚོའི་ཕེབས་བསུའི་འོག ཁུལ་དེའི་ཁྲོམ་ར་བཅུ་བདུན་པར་ཕེབས་ཏེ། གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་འདུག་ལ། ལྷན་ཚོགས་དེའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས། རྒྱ་གར་གྱི་གསར་ཁང་ཨིན་ཌེ་ཌེ་ཝེ་བརྙན་འཕྲིན་ ND TV དང་། བརྙན་འཕྲིན་བཅོ་བརྒྱད་པ་ TV 18 །  ཌེ་རི་བྷོ་བརྙན་འཕྲིན་TRIBUE །  རྒྱ་གར་བང་ཆེན་ INDLAN EXPRESS སོགས་ཀྱི་གསར་འགོད་པར། ཨ་མདོ་རྔ་པའི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་རྟོགས་ཡོང་ཆེད། ཞིབ་འཇུག་ཚོགས་པ་ཆེད་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པར་མ་ཟད། ས་གནས་ཧིན་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལགས་ཀྱིས་ཀྱང་། ལས་འགུལ་དེར་རྒྱབ་སྐྱོར་གྱི་གཏམ་བཤད་སོགས་བྱས་ཡོད་འདུག

ཞི་བའི་གོམ་བགྲོད་འདིའི་ཐད་ཀིརྟི་གྲྭ་ཚང་གི་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བརྗོད་ན། ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར་ཀཱང་ར་ནས་དགེ་འདུན་པ་ཚོས་སེར་སྦྲེངས་སྙན་སྐུལ་སྨོན་ལམ་གསུངས་བཞིན་ཕེབས་སྐབས། ས་དེའི་མི་ཚོགས་འཛོམས་ས་དང་ས་ཁུལ་ལྟེ་བ་ཁག་ཏུ་གསར་འགོད་པར། ཧིན་དབྱིན་སྐད་གཉིས་ཀྱི་ཐོག་ཐེངས་འདིའི་ལས་འགུལ་གྱི་ངོ་བོ་དང་དམིགས་ཡུལ་སྐོར་ངོ་སྤྲོད་བྱས་ཡོད་ལ། དེ་བཞིན། ལྡེ་ར་གྲོང་རྡལ་ཉེ་འདབས་སུ་བསླེབས་སྐབས། དགེ་འདུན་པ་ཚོ་སེར་སྦྲེངས་བྱས་ཏེ་གཞུང་ལམ་དུ་ཁྲོམ་བསྐོར་ཐེངས་གཅིག་བྱས་རྗེས། དེར་ཡོད་དཔའ་བོའི་རྗེས་དྲན་རྡོ་རིང་ཡོད་སར་ཕེབས་སྟེ། ཧིན་དབྱིན་གཉིས་ནང་གསར་འགོད་གསར་བསྒྲགས་ཤིག་སྤེལ་ཡོད། ཅེས་དང་།

ཉིན་གུང་ཆུ་ཚོད་དང་པོའི་སྟེང་ཨམ་བྷུས་གྲོང་རྡལ་དུ་འབྱོར་སྐབས། གྲོང་རྡལ་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་སུ། བོད་ནང་དུ་མཚོན་ཆ་དང་མནར་གཅོད་འོག་འདས་གྲོངས་སུ་གྱུར་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་འགྲེམས་སྟོན་བྱས་ཡོད་འདུག་ལ། སྐབས་དེར། ས་གནས་ཧིན་བོད་རོགས་སྐྱོར་ཚོགས་པའི་དྲུང་ཆེ་སློབ་དཔོན་བེ་ཀི་ཀོ་མར་ལགས་དང་། སློབ་དཔོན་ཡ་ཤི་པལ་ཤར་མ་གཉིས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གཏམ་བཤད་གནང་ཡོད་ལ། མཛད་སྒོའི་དེར་རྒྱ་གར་ཁྲིམས་རྩོད་པ་གསུམ་དང་ས་གནས་མི་ཚོགས་མང་པོ་ཞིག་འདུ་འཛོམས་བྱུང་ཡོད་འདུག  

ཉིན་རྒྱབ་ཆུ་ཚོད་ ༣།༣༠ སྟེང་། ཨོ་ན་ཞེས་པའི་མཐོ་སློབ་དེིའི་དགེ་ལས་སློབ་ཕྲུག་ཚོའི་སྣེ་ལེན་འོག གོམ་བགྲོད་པ་རྣམས་སློབ་གྲྭ་དེར་འབྱོར་ཡོད་འདུག་ལ། དུས་དེར། མཐོ་སློབ་ཀྱི་སློབ་སྤྱི་དང་དགེ་རྒན་ཁག་ཅིག་གིས་བོད་དོན་རྒྱབ་སྐྱོར་གཏམ་བཤད་སྤེལ་ཡོད་ལ། སློབ་གྲྭ་དེའི་ངོས་ནས་ལས་འགུལ་སྣེ་ཁྲིད་པ་དང་རོགས་རམ་གནང་མཁན་ཚོར། རས་གཟན་དཀར་པོ་དང་དབུ་ཞྭ་བཅས་གསོལ་རས་ཕུལ་ཡོད། མཚན་མོ་དེར་ཧི་མ་ཅལ་འགྲིམ་འགྲུལ་བློན་ཆེན་མཆོག་གི་མཐུན་འགྱུར་འོག དེར་ཡོད་ལྷ་ཁང་ཞིག་ཏུ་ཞག་སྡོད་བྱས་ཡོད་པར་མ་ཟད། ཉིན་དེའི་དགོང་མོར་ཁྲོམ་གཞུང་དུ་མེར་མེ་ཁྲོམ་སྐོར་ཞིག་ཀྱང་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ སྟེང་གོམ་བགྲོད་པ་རྣམས། ཧི་མ་ཅལ་མངའ་སྡེ་དང་པན་ཇ་ས་མཚམས་མེ་ཐུ་པུ་རུ་འབྱོར་ཡོད་ཅིང་། ཁུལ་དེའི་གསར་འགོད་གསལ་བསྒྲགས་ཞིག་ཐོག ཀཱང་ར་སི་ས་གནས་མགྲིན་ཚབ་པས་གོམ་བགྲོད་པ་ཚོར་བོད་དོན་ལས་འགུལ་དང་སེར་སྦྲེངས་སྙན་སྐུལ་སྨོན་ལམ་ལ་རྒྱབ་སྐྱོར་གཏམ་བཤད་གནང་ཡོད་ཅིང་། ལྷན་ཚོགས་དེར་བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ཀྱིས། དབྱིན་སྐད་ནང་ལས་འགུལ་གྱི་དམིགས་ཡུལ་སྐོར་སྒྲོག་སྦྱང་བྱས་ཡོད་འདུག   

ཆུ་ཚོད་ ༩ པའི་སྟེང་ནན་གྷལ་ས་གནས་སུ་འབྱོར་མཚམས་ཁུལ་དེའི་ཉེན་རྟོག་པའི་སྣེ་ཁྲིད་འོག  ལས་འགུལ་གྱི་ཡིག་ཆ་ཁག་མང་ཚོགས་ལ་འགྲེམས་སྤེལ་བྱས་པར་མ་ཟད། སྐབས་དེར་ཧོར་གསོལ་མགྲོན་གི་ལྡུམ་རའི་ནང་། གསར་ཁང་ཁག་ ༨ གྱི་གསར་འགོད་པར་དབྱིན་ཧིན་གཉིས་ཀྱི་ལམ་ནས་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་བྱས་ཡོད་ཅིང་། མཇུག་ཏུ་གནས་སྟངས་དེའི་ཐོག་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་འདུག ཉིན་དེར་ས་གནས་ཧིན་བོད་འབྲེལ་མཐུད་པ་བྷ་རམ་ཤར་མ་མཆོག་གིས། གོམ་བགྲོད་པ་ཚོར་མེ་ཏོག་གི་ཕྲེང་བས་ཕེབས་བསུ་བྱས་ཡོད་པར་མ་ཟད། ཁོང་གིས་ལས་འགུལ་དེའི་སྣེ་ཁྲིད་དེ་༼ ཧིན་བོད་འབྲེལ་མཐུད་ཚོགས་པ་རྒྱལ་གྱུར་ཅིག བོད་ཀྱི་རང་དབང་རྒྱ་གར་གྱིས་སྲུང་སྐྱོབ་བྱེད་༽ཅེས་པའི་འབོད་ཚིག་སྒྲོག་བཞིན་རིང་ཚད་སྤྱི་ལེ་ ༢ ཙམ་གྱི་སར་ཆེད་བསྐྱོད་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 9

  1. སྟོང་བཙན་མགར་བུ། says:
    ལོ་ 15 སྔོན།

    མི་རིགས་ཞིག་གི་འཐབ་རྩོད་ཀྱི་ཆེད་དུ་ཚ་བའི་དུས་འདིར་གདུང་ལེན་བྱེད་མཁན་གྱི་དམར་སེར་ཞི་བའི་གོམ་བགྲོད་པ་རྣམས་གཙོ་བྱས་ལས་འགན་འདིར་ཞུགས་མཁན་གྱི་མདོ་སྨད་དབུས་སའི་རྒྱུན་སོགས་སེར་སྐྱ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply
  2. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    རྡ་ས་ནས་ལྡི་ལིར་བར་དུ་་རྡ་ས་ཀིརྟིའི་བྱེས་པ་་གྲྭ་ཚང་དང་། རྡོར་གླིང་སོ་ཁེའི་ཀིརྟིའི་དགོན། མདོ་སྨད་དབུ་རྒྱུན་དང་མདོ་སྨད་སྤྱི་འཐུས། དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་བཅས་ནས་ཞི་བའི་གོམ་བགྲོད་ནང་མཉམ་བཞུགས་གནང་ཡོད་པས་ཚང་མ་ལ་དམིགས་གསལ་གྱི་ཐུགས་རྗེ་ཤུན་ཏུ་ཆེའོ།
    ང་ཚོ་ཡང་མཉམ་ཞུགས་བྱེད་མ་ཐུབ་ཀྱང་སེམས་པ་ཁྱེད་ཚོ་དང་མཉམ་དུ་རྔ་བ་མི་དམངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད། བོད་རྒྱལ་ལོ།

    Reply
  3. འཇམ་དབྱངས། says:
    ལོ་ 15 སྔོན།

    ལས་འགུལ་འདི་ལྟ་བུ་སྤེལ་བར་རྣམ་རྒྱུན་ཚོགས་པ་ཁ་ཤས་ཡོད་མུས་ཀྱང་ཁོ་ཚོས་མེག་ལོར་རླངས་འཁོར་བབས་ཚུགས་ནས་གཙུག་ལག་ཁང་བར་དུ་མར་མེ་ཁྲོམ་སྐོར་བྱེད་རྒྱུ་དེ་ཙམ་གལ་ཆེར་བརྩི་བ་རེད། དེ་རིང་ལས་འགུལ་དེ་ལྟ་བུ་ཞིག་སྤེལ་ནས་སང་ཉིན་རྒྱ་གར་གྱི་ཚགས་ཤོག་ཁ་ཤས་ནང་བཀོད་འདུག་ན་ཁོ་ཚོའི་དམིགས་ཡུལ་ཡང་འགྲུབ་པ་རེད། གང་ལྟར་ལས་འགུལ་གང་ཞིག་སྤེལ་ཏེ་ཚགས་ཤོག་གང་མང་ཞིག་ཏུ་བཀོད་ཐོན་བྱེད་རྒྱུ་དེ་ཙམ་རེད། དེས་ན་ཁོ་ཚོས་ལས་འགུལ་སྤེལ་སྟངས་མང་པོ་ཞིག་ཚོགས་པ་སོ་སོའི་མིང་གྲགས་དང་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཆེད་དུ་རེད་དམ་ཡང་ན་དོན་ངོ་མའི་བོད་དོན་གྱི་ཆེད་དུ་རེད་ཅེས་དྲིས་ན་བཤད་དཀའ་བ ་ཞིག་ཏུ་མི་སྣང་ངམ།

    Reply
  4. འཇམ་དབྱངས། says:
    ལོ་ 15 སྔོན།

    འདི་ནི་ཆེས་གནད་དུ་འཁེལ་ཞིང་ཆེས་ཞི་བདེའི་རྣམ་པ་མཚོན་པའི་ཞི་བའི་གོམ་བགྲོད་ཅིག་རེད། རང་ཡུལ་རང་ལག་ལ་མ་རེག་བར་འདི་ལྟའི་གོམ་བགྲོད་གང་མང་བྱེད་དགོས་རྒྱུ་བཤད་ཅི་ལ་དགོས། འདི་ལྟ་བུ་མིག་དཔེར་བཟུང་ནས་ཕྱོགས་གང་ས་ནས་ཞི་བའི་རྣམ་པ་ཅན་གྱི་ངོ་རྒོལ་བྱེད་གལ་ཆེ། ལྷག་པར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་རྣམས་ལ་ཅུང་འདི་ལས་ལྷག་པའི་ནུས་པ་ཅན་གྱི་ལས་འགུལ་སྣ་ཚོགས་སྤེལ་རྒྱུའི་མཐུན་རྐྱེན་ཚང་ཡོད་ཀྱང་ད་དུང་ཧ་ཅང་ཁུ་སིམ་རེད། ཁོ་ཚོར་ད་དུང་ཧ་ཅང་གྲག་འགུལ་ཅི་ཡང་མེད། ནམ་རྒྱུན་ཡང་རྒྱ་རིགས་དཔོན་པོ་འདྲ་ལྟ་སྐོར་ལ་སྐྱོད་པའི་སྐབས་མ་གཏོགས་ཧ་ཅང་ལྷང་འཇགས་རེད། མཉམ་འབྲེལ་རྒྱལ་ཚོགས་སོགས་ལས་ཁུངས་ཆེ་ཁག་གི་མདུན་ནས་ངེས་མེད་ཟས་བཅད་ངོ་རྒོལ་དང་། མ་ཤིའི་བར་གྱི་ཟས་བཅད་ངོ་རྒོལ་སོགས་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི། ཅུང་སེམས་ཤུགས་བསྐྱེད་དགོས་པའི་དུས་ལ་བབས་འདུག

    Reply
  5. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ༢༠༡༡་༤་༢༧ དགོང་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གོ་སྒྲིག་འོག་འབྲས་སྤུངས་ཀྱི་དགེ་འདུན་པ་རྣམས་ཀྱིས་ཡ་ང་བའི་གདུག་རྩུབ་དང་དྲག་གནོན་མྱོང་བཞིན་པའི་རྔ་བ་ཀིརྟི་དགོན་པ་གཙོ་བྱས་པའི་རྔ་བའི་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་དང་། ཁྲིམས་མེད་ལུགས་མེད་ཀྱིས་དམངས་ཚོགས་རྣམས་གསོད་རྡུང་མནར་གཅོད་དང་འཛིན་བཟུང་འཕྲོག་བཅོམ་བྱེད་བཞིན་པའི་རྒྱ་དམར་སྲིད་གཞུང་གི་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོག་ཡོང་སླད་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་ཡོད།

    ཁྲོམ་སྐོར་དབུ་འཛུགས་སྐབས་སྒོ་མང་དགེ་བསྐོས་བློ་བཟང་དགེ་ལེགས་ལགས་ཀྱིས་གསུང་རྒྱུར། རྒྱ་ནག་དམར་བོའི་སྲིད་གཞུང་གིས་བོད་ནང་ལ་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་གཏོང་བའི་རྣམ་པ་ཚབས་ཇེ་ཆེ་ནས་ཇེ་ཆེར་གྱུར་ཡོད་ཅིང་། ལྷག་དོན་ཉེ་སྔོན་ནས་བཟུང་རྔ་བ་ཀིརྟི་དགོན་པའི་སྟེང་ཧ་ཅང་ཡ་ང་བའི་གདུག་རྩུབ་དང་དྲག་སྤྱོད་སྤེལ་ཡོད། ད་ལྟ་ཀིརྟི་དགོན་པ་ནི་བཙོན་ཁང་ཞིག་ལས་ཀྱང་སྡུག་པའི་ཚད་དུ་ལྷུང་ཡོད། དགོན་པ་ལྕུགས་དྲས་བསྐོར་ཞིང་དེའི་མཐའ་དྲག་དམག་གིས་བསྐོར་འདུག ནང་གི་མི་ཕྱི་ལ་མི་གཏོང་ཞིང་ཕྱི་ལོགས་ཀྱི་མི་ནང་ལ་མི་གཏོང་བའི་མི་ཚད། ཟ་མ་སྐྱེལ་འདྲེན་གྱི་ལམ་བཅད་དེ་དགེ་འདུན་པ་ཚོ་ལྟོགས་གྲིར་ཐེབས་སུ་འཇུག་གི་ཡོད། སྤྱིར་བཙོན་ཁང་ཞིག་ཡིན་ན་ཡང་ཐུན་གསུམ་གྱི་ཟས་དུས་ཚོད་ལྟར་རེག་གི་ཡོད། ཅེས་དང་། ད་ལྟ་ང་ཚོའི་ངོས་ནས་གཞུང་དང་ཚོགས་པ་ཞིག་ལ་བརྟེན་པ་ཙམ་མ་ཡིན་པར། མི་རང་རང་ངོས་ནས་འགན་རེ་བླངས་ཏེ་ཐབས་ཤེས་ཅི་ཡོད་དང་ནུས་ཤུགས་གང་ཡོད་འདོན་དགོས། ང་ཚོས་རྔ་བ་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ཅིང་། དེ་དང་ཆབས་གཅིག་རྒྱ་དམར་སྲིད་གཞུང་ལ་དྲག་སྤྱོད་གདུག་རྩུབ་ཀྱི་བྱ་སྤྱོད་དེ་དག་མྱུར་དུ་མཚམས་འཇོག་བྱེད་རྒྱུའི་འབོད་པ་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཚོགས་པ་ཁག དེ་བཞིན་མི་དམངས་བཅས་ལ་རྒྱ་དམར་གཞུང་ལ་གནོན་ཤུགས་སོགས་སྤྲད་དེ་རྔ་བའི་སྟེང་བཀོལ་བཞིན་པའི་དྲག་སྤྱོད་པའི་བྱ་སྤྱོད་དེ་མྱུར་དུ་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་། བདེན་པ་བདེན་དྲང་གི་ང་ཚོའི་ཆབ་སྲིད་ཀྱི་ལས་དོན་ལ་རྒྱབ་རོགས་དང་གནད་དོན་ལ་འགན་ལེན་གནང་རྒྱུའི་རེ་འབོད་ཞུ་བཞིན་ཡོད། ཁོང་གིས་མུ་མཐུད་ནས་གསུངས་དོན། ང་ཚོི་བོད་མི་རིགས་ཀྱི་འཐབ་རྩོད་ནི་བདེན་པ་གཞི་ལ་བཞག་པའི་འཐབ་རྩོད་ཅིག་ཡིན་ཞིང་། ཕན་ཚུན་གཉིས་སྨན་གྱི་ལམ་དུ་ཕྱོགས་པ་ཞིག་ཡིན། བདེན་པ་ནི་དུས་ནམ་ཡང་མེ་ལྕེ་བཞིན་མཆེད་ངེས་ཡིན།

    དེ་རྗེས་མོན་གྷོ་ས་གནས་རང་བདེན་ཚོགས་གཙོ་མཆོག་གིས་གསུངས་དོན། ད་ལྔ་རྔ་བ་ཀིརྟི་དགོན་པ་ཆེས་ཡ་ང་བའི་གནས་སྟངས་འོག་ཡོད་ཅིང་། རང་དབང་ལུང་བར་ཡོད་པའི་ང་ཚོའི་ངོས་ནས་ལུས་ཀྱིས་མ་མྱོང་རུང་སེམས་ཀྱིས་ཁོང་ཚོ་དང་མཉམ་དུ་མྱོང་བཞིན་ཡོད། ད་ལྟ་ང་ཚོའི་ལས་འགུལ་འདི་ཙམ་གྱིས་ཆོག་པ་ཞིག་གཏན་ནས་མ་ཡིན་པར། གདན་ས་ཁག་གི་མཁན་པོ་རྣམ་པ་གཙོ་བྱས་པའི་རང་ཅག་ཡོངས་ཀྱིས་ས་གནས་གང་ས་དང་གྲོང་ཁྱེར་ཆེ་ཁག་རྣམས་སུ་ལས་འགུལ་རྒྱ་ཆེན་པོ་སྤེལ་དགོས་ཅེས་སོགས་གསུངས།

    མཇུག་ཏུ་སྒོ་མང་ཕྱག་མཛོད་ཚེ་དབང་འཕྲིན་ལས་ལགས་ཀྱིས་མཇུག་མཐའི་གསུང་བཤད་གནང་སྟེ་མར་མེ་ཁྲོམ་སྐོར་དངོས་སུ་མགོ་འཛུགས་གནང་སོང་།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ད་ལྟའི་དུས་འདིར་རྔ་བ་ ཀིརྟི་དགོན་གྲོང་གཉིས་ཀྱི་མྱོང་བཞིན་པའི་སྡུག་བསྔལ་དེ་བོད་ཀྱི་རྩ་དོན་དང་འབྲེལ་བ་དམ་ཟབས་ཡོད་པ་བཤད་དགོས་དོན་མེད།
    འོན་ཀྱང་གོམས་བསྒྲོད་པ་ཚོར་བལྟས་ན་དགོན་པ་ཞིག་གིས་དཀའ་ངལ་རང་ཐགས་རང་གཅོད་བྱེད་ཀྱིན་པའི་རྣམ་པ་འདུག་ལ་ཚོལ་བ་ཡང་དེ་ལྟར་ཡོང་གིན་འདུག
    རྒྱུ་མཚན་ངའི་བཤད་མི་དགོས་པ་གོང་བཀོད་ཀྱི་པར་ལ་གཟིགས་ན་ཤེས།

    གང་ལྟར་ངའི་རྒྱང་རིང་ནས་དགེ་འདུན་པ་ཚོར་ཚེ་རིང་ནད་མེད་ངང་གོམས་བསྒྲོད་ལེགས་འགྲུབ་ཡོང་པའི་སྨོན་ལམ་འདེབས་བཞིན་ཡོད།

    Reply
  7. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

          མ་རམེ་ཁྲོམ་སྐོར་དང་མ་ནི་གསོག་བསྒྲུབས་བྱེད་དེ་ལོ་ངོ་ལྔ་ཅུ་ཙམ་ཕྱིན་སོང་་་་་ཨོ་་་་ད་དུང་མུ་ཐུན་རྒྱུ་ཡིན་པ་འདྲ།

    ཚ་བ་བློ་བཟང་རྒྱལ་མཚན།     ནོར་གླིང་།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དགེ་འདུན་པའི་ཞི་བའི་གོམ་བགྲོད་པ་གྲོང་འཁྱེར་ཅན་དྷི་ཧྒར་ལ་བདེ་འབྱོར་ཐུབ་པར་དགའ་སྤོབས་དཔལ་དུ་ཆེ། ངས་ཐག་རིང་ནས་རྗེས་སུ་ཡི་རང་ཞུ་བཞིན་ཡོད་ལགས། དགེའོ།

    Reply
  9. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༠༤ ཚེས་ ༢༦ ཕྱི་དྲོ་བདེ་སྐྱིད་གླིང་མདོ་སྨད་ས་གནས་རྒྱུན་ལས་ཀྱི་བཀོད་སྒྲིག་འོག་ཆོལ་གསུམ་མི་མང་༤༠༠ ཙམ་གྱིས་ཕྱི་དྲོ་ཆུ་ཚོད་ ༥-༦ བར་མ་ཎི་གསོག་བསྒྲུབས་ཀྱིས་སེར་སྦྲེང་མཆོད་འབུལ་ལ་རྒྱབ་སྐྱོར་གནང་འདུག
    ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༠༤ ཚེས་ ༢༦ ཕྱི་དྲོ་ཆུ་ཚོད་༦།༣༠ སྟེང་བཞུགས་སྒར་མེག་ལོར་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅུ་གཅིག་ནས་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་ཨོ་སི་ཁྲོ་ལེ་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཙོས་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་སེར་སྐྱ་མི་མང་སུམ་བརྒྱ་ལྷག་མཉམ་ཞུགས་གནང་འདུག
    ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༠༤ ཚེས་ ༢༥ ཉིན་གྱི་ཕྱི་དྲོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། རྒྱུད་སྟོད། སྒྲོལ་མ་གླིང་བཅས་ཀྱི་བཀོད་སྒྲིག་འོག་སེར་སྐྱ་མི་མང་ཆིག་སྟོང་མ་ཟིན་ཙམ་གྱིས་ནོར་གླིང་ནས་རྒྱུད་སྟོད་བར་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་འདུག་ཅིང་། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་གསུང་བཤད་དང་བཅས་མར་མེ་ཁྲོམ་སྐོར་མཇུག་སྒྲིལ་ཡོད་འདུག

    འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༠༤ ཚེས་ ༢༦ ཉིན། མདོ་སྨད་རྨ་ཆུའི་ཁོངས་གཏོགས་ཆུ་ཁ་མའི་རྒན་པོ་སྤྱི་མི་སྐོར་ཞིག་མཉམ་འཛོམས་ཀྱིས་ལོ་རེའི་འཆར་ཅན་གྱི་རྟ་རྒྱུག་འགྲན་བསྡུར་ཞིག་ཡོད་པའི་སྐོར་ལ་གྲོས་ཁ་བྱས་ཡོད་པ་དང་། སྐབས་དེར་མི་སྐོར་ཞིག་གིས་ཁྱིམ་མཚེས་ཀིརྟི་སྡེ་དགོན་གཉིས་ཀར་བོད་བསྟན་སྲིད་ཀྱི་ཆེད་དུ་ལས་འགུལ་སྤེལ་ཏེ་ཛ་དྲག་གི་གནས་སྟངས་ཆགས་ཡོད་པས། ཁོང་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་སྤྲོ་སྐྱིད་ཀྱི་རྣམ་པའི་རྟ་རྒྱུག་བྱེད་རྒྱུ་མིན་པར་ཐག་བཅོད་བྱས་ཡོད་པ་དང་། ཕྱི་ཉིན་ཞོགས་པར་སྲང་ལམ་དང་རྩིག་གྱང་ངོས་སུ་ད་ལོ་སུས་རྟ་རྒྱུག་བཀོད་སྒྲིག་དང་དེར་འཛུལ་ཞུགས་བྱས་ན་ངོ་རྒོལ་ཡོད་ཅེས་སྦྱར་ཡིག་འགྲེམ་སྤེལ་བྱས་འདུག
    མདོ་སྨད་དབུས་རྒྱུན་ཚོགས་གཞོན་མགོན་པོ་དོན་འགྲུབ།
    གནས་ཚུལ་མཁོ་གཏོང་བ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese