མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ཚོགས་ཞབས་ཞུའི་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཨ་རིའི་གྲོང་ཁྱེར་ཨེ་ཊི་ལན་ཊར་རྟེན་གཞི་བྱས་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཕྱི་ལོ་ ༢༠༡༡ ལོའི་ཁྱད་འཕགས་སྤྱི་ཚོགས་ཞབས་ཞུའི་ཆེ་བསྟོད་གཟེངས་རྟགས་ DVS ཞེས་པ་དེ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཕུལ་ཡོད་པ་རེད།

ལོ་འཁོར་གཟེངས་བསྟོད་བྱ་དགའ་འདི་ནི་ཌི་ཝི་ཨེསི་ཆེ་བསྟོད་མཐུན་ཚོགས་ཀྱི་ངོས་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཕུལ་ཏུ་བྱུང་བའི་མི་སྣའམ་ཚོགས་སྡེ་ཁག་ལ་འབུལ་སྲོལ་ཡོད་པ་ལྟར། འདི་ལོར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ལ་ཆེས་ཕུལ་ཏུ་བྱུང་བའི་སྣེ་ཁྲིད་པ་དང་། སློབ་སྟོན་པ། སྤྱི་སྨན་གྱི་སྤྱི་ཚོགས་ཞབས་ཞུ་བར་ངོས་འཛིན་ཐོག་ཕུལ་བ་ཞིག་ཡིན་འདུག

ཌི་ཝི་ཨེསི་ཆེ་བསྟོད་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསུངས་དོན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱམས་པ་དང་སྙིང་རྗེ་ཡིས་ཟིན་པའི་དགེ་བཤེས་བློ་བཟང་བསྟན་འཛིན་གྱིས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་ཞིབ་འཇུག་གི་བྱ་གཞག་མང་པོ་ཞིག་གིས།  ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཅིག་པུ་མ་ཡིན་པར། མི་མང་པོ་ཞིག་གི་ལུས་ཀྱི་ནད་རིགས་སྣ་ཚོགས་བཅོམ་ཞིང་། ནང་སེམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་བསྐྲུན་ཏེ་འཛམ་གླིང་ཞི་བདེ་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། ཅེས་བརྗོད་འདུག

སྐབས་དེར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་གསུངས་དོན། ལས་དོན་འདི་དག་ཡོད་ཚད་ལེགས་གྲུབ་དང་ལམ་ལྷོང་ཡོང་བའི་རྩ་བའི་རྒྱུ་རྐྱེན་ནི།  ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གཟིགས་རྒྱང་རིང་བའི་ལམ་སྟོན་དང་ཁོང་གི་བྱིན་རླབས་ཀྱིས་ཡིན་ལ།  དེ་བཞིན་དུ་མཉམ་འབྲེལ་ལས་གཞི་ཁག་གི་ལས་རོགས་རྣམ་པའི་བླ་ན་མེད་པའི་ལྷག་བསམ་དང་རྒྱབ་སྐྱོར་བཅས་དང་ནམ་ཡང་ཁ་བྲལ་ཐབས་མེད། ཅེས་བརྗོད་འདུག  

དགེ་བཤེས་བློ་བཟང་བསྟན་འཛིན་ནི་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་ལྷ་རམས་པ་ཐོན་ཞིང་། ཨེ་མོ་རིར་སློབ་ཞུགས་ཀྱིས་(Ph.D) སློབ་ཐོན་ལག་འཁྱེར་ཐོབ་པ་མ་ཟད།  གཙུག་ལག་སློབ་གྲྭའི་རེ་འདུན་ལྟར་ནང་ཆོས་སློབ་དཔོན་ཆེན་མོའི་ལས་གནས་འཁུར་ཞིང་། རྗེས་སུ་གྲྭ་ཚང་གི་བཀོད་མངགས་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ཆོས་ཚོགས་བཙུགས་ཏེ་ཕྱི་ནང་གཉིས་ཀར་ཞབས་ཞུ་སྒྲུབ་ཀྱིན་ཡོད་པ་རེད།

ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ནི་༧གོང་ས་མཆོག་གི་བཀའ་དགོངས་ལྟར། ༡༩༩༨ ལོར་གསར་དུ་དབུ་བརྙེས་པ་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ནི་སྤྱི་ལོ་ ༢༠༠༦ ལོར་བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལྷག་རྡོར་ལགས་དང་མཉམ་འབྲེལ་སྒོས་དབུ་འཛུགས་གནང་ཡོད། ༢༠༠༨ ལོར་༧གོང་ས་མཆོག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཁྱད་འཕགས་གཙུག་ལག་སློབ་དཔོན་ཆེན་མོའི་མཚན་གནས་བཞེས་ཡོད།

འབྲེལ་ཡོད་གསར་འགྱུར།

Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

ཆུ་ཚོད་ ༧ སྔོན་ལ།
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

༢༠༢༦/༡༠/༢༠
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

༢༠༢༦/༡༠/༡༩

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དགེ་བཤེས་བློ་བཟང་བསྟན་འཛིན་ཁུ་ནུ་སྦུ་བྲོ་ལགས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། དགེའོ། །

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    མང་མང་དགེ་བཤེས་ཆོས་རའི་ནང་དུ་འཁོར། འཁོར་གསུམ་སྐོར་ནས་འཁོར་བ་སྒྲོལ་རྒྱུ་ཟེར། ཉུང་ཉུང་དགེ་བཤེས་རི་ཁྲོད་དབེན་པར་སྒོམ། ཐུན་དྲུག་སྒོམ་གྱིས་རིགས་དྲུག་དགྲོལ་རྒྱུ་གསུངས། ལྷ་རམས་ཁྱོད་ཀྱིས་ནུབ་གླིང་རིག་པས་སྐོར། ཆོས་ཚན་རིག་པས་ཞི་བདེའི་མཛད་རྗེས་བཞག

    Reply
  3. ཁམས་པ། says:
    ལོ་ 15 སྔོན།

    དགའ་རྟགས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། དགེ་བཤེས་ཤིག་ལ་མི་རིག་གི ཁྱིམ་རྟགས་སྤོང་ཉམས་རབ་བྱུང་རྟགས་ལེན་ཉམས། ཞེས་པ་ཞིག་འདུལ་བ་ན་ཡོད་པ་དེ་དྲན་ཡོང་གི །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese