མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་པའི་བཀའ་ཁྲི་བློ་བཟང་སེང་གེ

བོད་ཀྱི་དུས་བབ།
༢༠༡༡/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྤོམ་སྒང་ཕུན་བཀྲ་ཤིས། 

  བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆབ་སྲིད་ཀྱི་འགྱུར་འགྲོས་ཤུགས་ཆེར་ཕྱིན་པའི་དུས་སྐབས་འདིར། མཁས་དབང་བློ་བཟང་སེངྒེ་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་ནི་ཆེས་གཟི་བརྗིད་ཅན་གྱི་རྒྱལ་ཁ་ཞིག་དང་། བོད་ཀྱི་བྱུང་རབས་དང་། འབྱུར་འགྱུར་གྱི་ལོ་རྒྱུས་གཉིས་ཀའི་ནང་དུའང་དོན་སྙིང་ཧ་ཅང་གི་ལྡན་པ་ཞིག་བྱུང་ཡོད།

ཐེངས་འདིའི་བཀའ་ཁྲིའི་འོས་བསྡུའི་རྒྱལ་ཁ་དེ་གཟི་བརྗིད་ཅན་ཞིག་ཇི་ལྟར་བྱུང་ཡོད་དམ་ཞེ་ན། སྤྱིར་མང་གཙོའི་རྒྱལ་ཁབ་ཕལ་མོ་ཆེའི་ནང་དུ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་དག་ནི་དངུལ་དངོས་དང་། སྟོབས་ཤུགས་དང་། བཙན་ཤེད། ཁྱིམ་རྒྱུད་བཅས་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། དཔེ་མཚོན་ཞིག་བགྲང་ན་མང་གཙོ་ཚད་ལྡན་དུ་གྲགས་པའི་ཨ་རི་ལ་མཚོན་ན་  G.H.BUSH  བྷུ་ཤི་སྲིད་འཛིན་བྱས་རྗེས་ཁོང་གི་བུ་G.W.BUSH  ཡང་སྲིད་འཛིན་ཐེངས་གཉིས་ལ་གདམས་ཤིང་། CLINTON  སྲིད་འཛིན་བྱས་མྱོང་ཞིང་། ད་ལྟ་ཁོང་གི་ལྕམ་སྐུ་རྒྱལ་དོན་དྲུང་ཆེ་བྱེད་བཞིན་པ་དང་། རྒྱ་གར་ལ་མཚོན་ན་ཚོགས་པ་ཆེ་ཤོས་ CONGRESS ཀོང་རི་སིའི་དབུ་ཁྲིད་པའི་རྒྱ་གར་གྱི་སྲིད་བློན་དང་། CONGRESS  ཀོང་རི་སིའི་ཚོགས་པའི་དབུ་ཁྲིད་བཅས་ད་བར་དུ་ཤུགས་ཆེ་ཤོས་ནི་ JAWAHARLAL NEHRU  ནེ་རུའི་ཁྱིམ་རྒྱུད་ཀྱིས་འཛིན་བཞིན་ཡོད།

 

འོན་ཀྱང་ད་ཐེངས་མཁས་དབང་བློ་བཟང་སེངྒེ་ལ་མཚོན་ན་གོང་དུ་བགྲང་མ་ཐག་པའི་གནད་དོན་དེ་ཚོ་དང་འབྲེལ་བ་གཏན་ནས་མེད་པར་ཞིག་ཆགས་ཡོད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ལ་བལྟས་ན། བོད་མིའི་སྤྱི་ཚོགས་ཀྱི་ནང་གི་གལ་འགང་ཆེ་བའི་སྡེ་ཚན་ཤ་སྟག་སྟེ། མཐོ་རིམ་སློབ་གྲྭ་ནས་བཟུང་རང་ལོ་བཅོ་བརྒྱད་ཡན་གྱི་སློབ་གྲྭ་ཁག་གི་སློབ་མ་ ཚོ་དང་། གདན་ས་གསུམ་དང་། ཆོས་བརྒྱུད་ཁག་གི་གྲྭ་བཙུན་དང་། ལས་རིགས་འདྲ་མིན་གྱི་ནང་དུ་ཞུགས་བཞིན་ཡོད་པའི་གཞོན་སྐྱེས་བཅས་ཀྱིས་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པར་ཤུགས་ཆེར་མངོན་ཡོད་པ་རེད།  རྒྱབ་སྐྱོར་བ་དེ་དག་ནི་ཤེས་ཡོན་གྱི་གཏི་གནས་ཀྱི་ནང་དུ་ཡོད་པའི་མི་སྣ་རྐྱང་རྐྱང་ རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། འགྲན་རྩོད་བྱས་པའི་བགྲོ་གླེང་གི་བརྙན་འཁོར་དེ་དག་བོད་ཀྱི་ས་ཁུལ་དག་ལ་ཡོངས་ ཁྱབ་ཏུ་ཕྱིན་ནས་བོད་ནང་གི་བོད་མི་མང་པོ་ཞིག་གིས་མཁས་དབང་བློ་བཟང་སེངྒེ་ཁོང་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་གསར་ལམ་ཁག་ཏུ་གནས་ཚུལ་ཐེངས་མང་པོར་ཐོན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཀའ་ཁྲིའི་དངོས་གཞིའི་འོས་བསྡུ་སྐབས་སུ་རྒྱ་ནག་གཞུང་གིས་འོས་མི་གསུམ་ལས། བློ་བཟང་སེངྒེ་ལ་དམིགས་ཀྱིས་བཀར་ནས་སྐྱོན་བརྗོད་བྱེད་དགོས་བྱུང་བ་རེད། མདོར་ན་བརྒྱུད་རིམ་དེ་དག་གི་ནང་དུ་ཐོབ་པའི་བཀའ་ཁྲིའི་རྒྱལ་ཁ་དེ་ནི་དེ་རིང་བློ་བཟང་སེངྒེ་གཅིག་པུ་ལ་ཐོབ་པ་ཞིག་མིན་པར་ལོ་རྒྱུས་ཀྱི་ཐོག་ནས་བོད་ལ་ཐོབ་པའི་གཟི་བརྗིད་ཅན་གྱི་རྒྱལ་ཁ་ཞིག་རེད་ཅེས་བརྗོད་ཆོག་པ་ཡིན།

 

ད་རེས་མཁས་དབང་བློ་བཟང་སེངྒེ་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ཀའི་ནང་དུ་ལས་སླ་པོའི་སྒོ་ནས་རྒྱལ་ཁ་ཐོབ་པ་དེས་འགྱུར་བོད་ཀྱི་ལོ་རྒྱུས་ལ་དོན་སྙིང་ལྡན་པ་ཇི་ལྟར་ཆགས་ཡོད་པ་རེད་དམ་ཞེས་བརྗོད་ན། དེ་ནི་ཕྱི་ལོ་ ༡༩༡༤ ལོ་ནས་འགོ་འཛུགས་ཀྱིས་བཤད་རྒྱུ་ཡིན། ཕྱི་ལོ་ ༡༩༡༤ ཕྱི་ཟླ་ ༥ ཚེས་ ༡༠ ཉིན་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་འཐུས་མི་མཱེ་མོ་ཧེན་དང་། བོད་ཀྱི་སྐུ་ཚབ་བཀའ་བློན་བཤད་སྒྲ་བ། རྒྱ་ཡི་འཐུས་མི་ཨེ་ཝན་ཅེན་ཟེར་བ་བཅས་ནས་ཆིངས་ཡིག་ཅིག་བཞག་སྟེ། འབྲི་ཆུ་ཤར་རྒྱུད་དང་། ནུབ་རྒྱུད་ཟེར་བ་བོད་དུམ་བུ་གཉིས་སུ་བགོས་ནས་དེ་ལ་བོད་ནང་མ་དང་ཕྱི་མའང་ཟེར། ཁམས་ཀྱི་ཡུལ་ལུང་མང་ཆེ་བ་དང་། ཨ་མདོ་ཡོངས་རྫོགས་བོད་ཕྱི་མའི་གྲས་སུ་བཞག་ནས་རྒྱ་ཁོངས་སུ་ལྷུང་སོང་བ་རེད། ཡང་ཕྱི་ལོ་ ༡༩༥༡ ལོ་ལ་བོད་སྡེ་པ་གཞུང་གི་སྐུ་ཚབ་ང་ཕོད་སོགས་སྐོར་ཅིག་པེ་ཅིང་དུ་ཞི་མོལ་ལ་ བསླེབས་ཡོད། དེ་དུས་ཡང་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་ཡོད་ཀྱང་། འབྲི་ཆུ་ཤར་རྒྱུད་ཀྱི་ཁམས་དང་། ཨ་མདོ་གཉིས་ལ་བོད་ཀྱི་གནད་དོན་དང་འབྲེལ་མེད་ལྟ་བུའི་གྲོས་ཆོད་དེའི་ནང་དུ་ རྩ་བ་ནས་ཚུད་མེད།

 

ང་ཚོ་ཚང་མས་བོད་རང་བཙན་ནི་ཕྱི་ལོ་ ༡༩༥༩ ལོ་ལ་ཤོར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ནའང་ཕྱི་ལོ་༡༩༥༠ ལོ་ལ་ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་ལྗོངས་དང་། ཟི་ཁྲོན་བོད་རིགས་རང་སྐྱོང་ཁུལ་བཙུགས་ཡོད། ༡༩༥༡ ལོ་ལ་ཡུལ་བོད་རིགས་རང་སྐྱོང་ཁུལ་བཙུགས། ཕྱི་ལོ་ ༡༩༥༣ ལོ་ལ་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་། རྨི་ལི་བོད་རིགས་རང་སྐྱོང་རྫོང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་བཙུགས་ཤིང་། ཕྱི་ལོ་ ༡༩༥༤ ལོ་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་ཟེར་བ་སོགས་བཙུགས། ཕྱི་ལོ་ ༡༩༥༩ ལོ་ཡི་སྔོན་དུ་བོད་ཕྱི་མ་ཡོངས་རྫོགས་རྒྱ་ཡི་ཞིང་ཆེན་ཁག་གི་ནང་དུ་བགོས་ཟིན་པ་རེད། བོད་སྡེ་པ་གཞུང་གིས་ཀྱང་བོད་ཕྱི་མ་དེ་དག་རྒྱ་ཡི་ཞིང་ཆེན་ཁག་གི་ཁོངས་སུ་གཏོགས་ཤག་བྱས་ནས། ཕྱི་ལོ་ ༡༩༥༩ ལོར་རྒྱལ་ཚོགས་སུ་སྙན་ཞུ་ཞིག་ཕུལ་བའི་ནང་དུ། རྒྱ་དམག་གིས་འབྲི་ཆུ་བརྒལ་ནས་བོད་ལ་བཙན་འཛུལ་བྱས་བྱུང་ཞེས་བྲིས་ཡོད།

 

གནད་དོན་འདི་ཚོ་གང་ལ་ཐུག་པ་རེད་དམ་ཞེ་ན། དེ་ནི་བོད་སྡེ་པ་གཞུང་གི་དབང་འཛིན་པ་ཚོས་ཨ་མདོ་དང་། ཁམས་གཉིས་ལ་ཆབ་སྲིད་ཀྱི་དབང་ཆ་ཕར་ཞོག་རང་ས་རང་སྲུང་གི་ཆེད་དུ་དབང་ཆ་དང་། གོ་ལག་ཙམ་ཡང་སྤྲད་ཀྱི་མེད། དཔེར་ན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་མདོ་ཁམས་གཉིས་ལ་རང་ས་རང་སྲུང་གི་ཆེད་དུ་སྡེ་པ་གཞུང་གིས་གོ་ལག་སྤྲད་དགོས་ཞེས་བཀའ་གནང་ཡང་། སྡེ་པ་གཞུང་གི་དབང་འཛིན་པ་ཚོས་ཁོང་ཚོ་ལ་གོ་ལག་སྤྲད་ན་ང་ཚོ་མགོ་སྟེང་སློག་གི་རེད་ཅེས་ཟེར་ནས་མི་འདོད་པའི་རྣམ་པ་བསྟན་ཡོད། བྱེད་ལས་འདི་དག་ལ་བརྟེན་ནས་རྒྱ་གཞུང་གིས་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་ཙམ་ལ་བཤད་བསྡད་ཀྱི་ཡོད།

 

འདི་ལ་ད་ལྟ་པེ་ཅིང་དུ་ཡོད་པའི་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་འདི་ལྟར་གསུངས་འདུག  བོད་ ཅེས་པའི་ལོ་རྒྱུས་འདི་བོད་ལྗོངས་ཁོ་ནས་ཁུངས་སྐྱེལ་བྱེད་མི་ཐུབ་པ་མ་ཟད་བོད་ཀྱི་ལོ་རྒྱུས་འབྲི་ཐབས་བྲལ་བ་རེད་ཅེས་བརྗོད། རྒྱུ་མཚན་ནི། བོད་ཁུལ་ཡོངས་སུ་དབང་བསྒྱུར་བྱས་པའི་དགའ་ལྡན་པ་སྲོལ་གཏོད་མཁན་རྗེ་ཙོང་ཁ་པ་ནི་མཚོ་སྔོན་ཞིང་ཆེན་ཁུལ་དུ་འཁྲུངས་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང་། སྐུ་ཕྲེང་བཅུ་པ་གཉིས་དཀར་མཛེས་རང་སྐྱོང་ཁུལ་ལི་ཐང་དུ་འཁྲུངས་པ། སྐུ་ཕྲེང་དགུ་པ་དང་བཅུ་གཅིག་པ་གཉིས་དཀར་མཛེས་རང་སྐྱོང་ཁུལ་འདན་ཁོག་དང་། མགར་ཐར་གཉིས་སུའཁྲུངས་པ། ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་གཉིས་ཨ་མདོ་ཁུལ་དུ་འཁྲུངས་ཤིང་། ཡང་དེ་སྔོན་ལྷ་སའི་སྨོན་ལམ་སྐབས་དགེ་འདུན་པའི་དབུ་འཛིན་དགའ་ལྡན་ཁྲི་པ་མང་ཆེ་བ་ཁམས་ནས་ཡིན་པ་དང་། སེར་འབྲས་དགའ་གསུམ་གྱི་དགེ་འདུན་ཁྲི་ཚོ་མང་ཆེ་བ་དེ་དག་ཨ་མདོ་དང་། ཁམས་ནས་ཡོང་བ་རེད་ཅེས་དང་།

 

དེ་ཡང་སྐད་གྲགས་ལྡན་པའི་ཚོང་པ་ཆེན་པོ་གསུམ་ཏེ། སྤོམ་འདའ་ཚང་དང་། ས་འདུ་ཚང་། ཨ་འབྲུག་ཚང་བཅས་ཚང་མ་ཁམས་ཕྱོགས་ཀྱི་མི་ཡིན། ཕྱི་ལོ་༡༩༥༢ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོ་རྒོལ་བྱེད་མཁན་མི་མང་ཚོགས་ འདུ་ཞེས་པའི་འགན་འཁུར་མི་སྣ་གཙོ་བོ་ཨ་ལོ་ཆོས་མཛད་ནི་དཀརམཛེས་ལི་ཐང་ཁུལ་གྱི་ མི་རེད། ཕྱི་ལོ་ ༡༩༦༠ ལོ་ཡི་གཡས་གཡོན་དུ་ས་མཚམས་ཁག་ནས་བཅིངས་འགྲོལ་དམག་ལ་ཁ་གཏད་གཅོག་མཁན་ཡུལ་གྱར་ སྲིད་གཞུང་གི་རྒྱལ་སྲུང་པུའུ་ཀྲང་འབའ་པ་ཡེ་ཤེས་ནི་འབའ་ཐང་རྫོང་གི་མི་ཡིན་ ཞིང་། ད་ལྟའི་བཀའ་བློན་ཁྲི་པ་དང་། ཚོགས་གཙོ་ཟུར་པ་ཟམ་གདོང་རིན་པོ་ཆེ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ འཇུས་པ་རེད། བོད་ཤར་ཕྱོགས་ཀྱི་ལོ་རྒྱུས་མི་སྣ་དེ་དག་དང་ཁ་བྲལ་ན། བོད་ཀྱི་ལོ་རྒྱུས་འབྲི་ཐབས་བྲལ་བ་ཞིག་རེད་ཅེས། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་འགྲེལ་བཤད་བྱས་ཡོད་པ་རེད།

 

དེ་ལྟར་ན་འདི་ལོའི་བཀའ་ཁྲི་མཁས་དབང་བློ་བཟང་སེངྒེ་ལ་མཚོན་ན་འབྱུང་འགྱུར་བོད་ ཀྱི་ལོ་རྒྱུས་དང་ཁ་བྲལ་ཐབས་མེད་པའི་བོེད་ཀྱི་ལོ་རྒྱུས་ཀྱི་ནང་དུ་གལ་འགང་ཆེ་ བའི་མི་སྣ་ཞིག་འགྱུར་ཀྱི་ཡོད། རྒྱུ་མཚན་གང་ཡིན་ནམ་ཞེ་ན། གོང་དུ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་འགྲེལ་བཤད་ལས་འདི་དེ་བས་གལ་ཆེ་བ་ཞིག་ མཐོང་ཐུབ། རྒྱུ་མཚན་གཞན་ཞིག་ནི། བོད་ཁ་བ་ཅན་ཞེས་གྲགགས་པ་འདིའི་ལོ་རྒྱུས་ལ་བལྟས་ན་གཉའ་ཁྲི་ནས་རྩིས་པའི་འུ་ དུམ་བཙན་པོའི་བར་དུ་རྒྱལ་རྒྱུད་རིང་ལུགས་དང་། དེ་ནས་ཆོས་ལུགས་ཁག་གི་བླ་ཆེན་གྱིས་དབུ་ཁྲིད་པའི་ཕ་ཤུལ་བུ་འཛིན་གྱི་གཞིས་ཀ་ ཁག་གིས་དབང་འཛིན་བྱས་ནས་ཕྱི་ལོ་ ༡༩༥༩ ལོ་ཡི་བར་དུ་བྱུང་བ་རེད། ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་༸གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་སུ་བསྒྱུར་ནས་ད་བར་དུ་མི་ལོ་ ལྔ་བཅུ་ལྷག་ཙམ་འདས་ཟིན་ཅིང་། མི་ལོ་ལྔ་བཅུའི་མང་གཙོའི་འགྲོ་ལུགས་ཀྱི་ནང་དུ་བཀའ་བློན་དང་བཀའ་ཁྲི། གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱི་འགྲོ་ལུགས་སྣ་ཚོགས་ཤིག་བརྒྱུད་ཡོད། ཕྱི་ལོ་ ༡༩༩༢ ལོར་གྲོས་ཚོགས་དང་། བཀའ་ཤག་གི་འགྲོ་སྟངས་ལ་འགྱུར་བ་ཆེན་པོ་ཞིག་བཏང་རྩ་བའི་ཆ་ནས་མང་གཙོ་ཡོངས་སུ་ རྫོགས་པའི་ནང་དུ་བསྐྱོད་ཡོད།

 

ཡིན་ནའང་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་དུ་བོད་ཀྱི་ཆབ་སྲིད་ཀྱི་འགན་ དབང་དེ་མཐའ་གཏུགས་ན་བོད་མི་ཡོངས་ཀྱིས་འཁུར་དགོས་པས་དེ་ནི་མང་ཚོགས་ཀྱི་འདོད་ མོས་ཡོད་པའི་མགོ་ཁྲིད་ཚོ་ལ་རྩིས་སྤྲོད་བྱེད་རྒྱུའི་སྔོན་བརྡ་ཞིག་གནང་ཡོད། དེ་ནི་ཕྱི་ལོ་༢༠༠༡ ལོ་ནས་བཟུང་ཆབ་སྲིད་ཀྱི་མགོ་ཁྲིད་མཐོ་ཤོས་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ ཀར་འོས་འདེབས་བྱས་པའི་བཀའ་ཁྲིད་སྐབས་གཉིས་ཀྱི་རིང་ལ་མཁས་དབང་ཟམ་གདོང་རིང་ པོ་ཆེ་མཆོག་གིས་འདས་ཟིན་པའི་མི་ལོ་ལྔ་བཅུའི་མང་གཙོའི་ནང་གི་བཀའ་བློན་དང་། བཀའ་ཁྲི་པ་སོགས་ལུས་ཁྱེར་མ་མྱོང་བའི་ཆབ་སྲིད་ཀྱི་འགན་དབང་ཧ་ཅང་གི་ཆེན་པོ་ བཞེས་ཡོད། དེར་བརྟེན་༸གོང་ས་མཆོག་གིས་ག་དུས་ཡིན་ཀྱང་ང་ཕྱེད་བགྲེས་ཡོལ་ཡིན་ཞེས་ཡང་ཡང་ བཀའ་གནང་གི་ཡོད་པ་རེད།

 

ཕྱི་ལོ་༢༠༡༡ ལོ་ཡི་བཀའ་ཁྲིའི་འོས་བསྡུའི་དངོས་གཞིའི་དུས་ལ་ཉེ་བའི་སྐབས་སུ་༸གོང་ ས་མཆོག་གིས་ལྡོག་མེད་ཀྱི་བཀའ་ནན་ཞིག་གནང་བ་སྟེ། ད་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་ཆ་ཚང་འོས་འདེམས་བྱས་པའི་མགོ་ཁྲིད་ལ་ རྩིས་སྤྲོད་གནང་གི་ཡིན་ཞེས་ཐུགས་ཐག་གཙང་བཅད་གནང་པ་རེད། འགན་ཧ་ཅང་གི་ལྗིད་པའི་ཆབ་སྲིད་ཀྱི་འགྱུར་མཚམས་འདིར་སྲིད་དབང་སུ་ལ་རྩིས་ སྤྲོད་བྱེད་མིན་དེ་༸གོང་ས་མཆོག་གིས་མི་མང་གི་ལག་ཏུ་བཞག་གནང་ཡོད། མི་མང་གི་ངོས་ནས་བློ་གཅིག་སེམས་གཅིག་གིས་མཁས་དབང་བློ་བཟང་སེངྒེ་ལགས་གདམས་པ་ རེད།

 

དེས་ན་ཕྱི་ལོ་ ༢༠༡༡ ལོ་ཡི་བཀའ་ཁྲི་དེ་ནི་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་ཆ་ཚང་མང་གཙོའི་ལུགས་ཀྱི་ཐོག་ནས་འགན་འཁུར་བཞེས་མཁན་གྱི་འགོ་ཁྲིད་མཐོ་ཤོས་དེ་ཆགས་ཡོད། དེ་རིང་གི་བཀའ་ཁྲི་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་ནང་གི་ཆབ་སྲིད་ཀྱི་འགྱུར་མཐའ་མའི་འགོ་ཁྲིད་དང་པོ་དེ་རེད་ཅེས་བརྗོེད་ཆོག་པ་འདུག  རྒྱུ་མཚན་ནི། བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་རྒྱལ་རྒྱུད་རིང་ལུགས་དང་། ཕ་ཤུལ་བུ་འཛིན་གྱི་རིང་ལུགས། བཙན་བྱོལ་ནང་གི་ལོ་ལྔ་བཅུའི་མང་གཙོའི་རིང་ལུགས་བཅས་གསུམ་དུ་དབྱེ་ནས་བལྟས་པའི་སྐབས་སུ་འབྱུང་འགྱུར་རིང་ལུགས་དེ་གསུམ་ཀྱི་ནང་དུ་ཕྱི་ལོག་བྱེད་མི་སྲིད་ ལ་ད་ལྟའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལས་ལོགས་སུ་ལམ་ཁ་ཞིག་མེད་པས་རེད། དེར་བརྟེན་དེ་རིང་གི་ཆབ་སྲིད་འཕོ་འགྱུར་དེ། རིང་ལུགས་གསུམ་པོ་ལས་ཡོངས་སུ་རྒྱལ་བ་ཞིག་གི་ནང་དུ་ཕྱིན་བཞིན་ཡོད།

 

ཨ་རི་ལྟ་བུའི་སྲིད་འཛིན་ལམ་ལུགས་ཅན་གྱི་མང་གཙོའི་འགྲོ་ལུགས་ལྟར་བྱེད་ན། དེ་རིང་གི་བཀའ་ཁྲི་མཁས་དབང་བློ་བཟང་སེངྒེ་བོད་ཀྱི་ལོ་རྒྱུས་ཐོག་གི་སྲིད་ འཛིན་ཨང་དང་པོ་དེ་འགྱུར་ཡོད། ཆབ་སྲིད་ཀྱི་འཕོ་འགྱུར་ཧ་ཅང་གི་ཆེ་བའི་དུས་སྐབས་སུ་གདམས་ཐོན་བྱུང་བའི་ཆབ་ སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་ མཁས་དབང་བློ་བཟང་སེངྒེ་ལ་མཚོན་ན་གོང་དུ་བཀོད་ཟིན་ལྟར་གྱི་བོད་ཕྱི་མའམ་རྒྱ་ སྡེའི་ཁོངས་སུ་བཙུད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་ལི་ཐང་གི་ ཕོ་གཞོན་ཞིག་ཡིན་པས་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་དོན་སྙིང་ཧ་ཅང་ གི་ཆེན་པོ་ལྡན་པ་ཞིག་ཏུ་འགྱུར་ཐུབ་ཡོད་ཅེས་ཐེ་ཚོམ་མེད་པར་བརྗོད་ཐུབ་བོ།།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 29

  1. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 15 སྔོན།

    སྤྲོ་ཚིགས་ལགས་ཁམས་བཟང།
    ངས་བལྟས་ན་ཁྱེད་ཀྱིས་ད་དུང་ཡང་་་་གཏོར་མ་དེ་འདྲེ་ཡོད་སར་བཏང་མི་འདུག།
    སྤྱི་སྟངས་ནས་ཁྱེད་ཀྱིས་རྩོམ་ཡིག་ཁ་བྱང་ཙམ་དང་། མཆན་བུ་ཙམ་ལ་བརྟེན་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཚོད་འདུག། གང་ཡིན་ཞེ་ན། ངས་བྲིས་པའི་ཡི་གེའི་རྒྱབ་ལྗོངས་དང། དངོས་དོན་གང་ཡིན་རྩ་བ་མནས་ཤེས་རྟོགས་པའི་བཟོ་འདྲ་པོ་ཞིག་མི་འདུག་གམ།

    ངས་དེ་རིང་གི་བཀའ་ཁྲི་ལ་་་ཆབ་སྲིད་ཀྱི་དབང་ལུངས་ཡོངས་རྩིས་སྤྲྲོད་ཟེར་བ་དེ་དང། འདས་ཟིན་པའི་བཀའ་ཁྲི་ཚོའི་ནང་དུ་དེ་འདྲ་ཞིག་བྱུང་མྱོང་ཡོད་དམ་ཟེར་བ་དེ་ནི།

    མི་གང་གིས་ང་ཡི་རྩོམ་ཡིག་འདིའི་མཐའ་རུ་མཆན་ཞིག་བཀོད་ནས་་་་་དེ་རིང་གི་བཀའ་ཁྲི་དེ་བོད་ཀྱི་དབུ་བཞུགས་ལ་བཞུགས་མཁན་གྱི་དབུ་ཁྲིད་ཅིག་ལོ་ཅི་མ་རེད་ཟེར་བ་དེ་དང། ཡང་་བཀའ་ཁྲི་དང་བཀའ་བློན་ད་བར་དུ་བྱུང་ཡོད་རེད་ཟེར་བ་དེ་ལ་ལན་འདེབས་བྱས་པ་ཞིག་རེད།
    འོ་ན་ལན་འདེབས་ཏག་ཏག་ཅིག་འགྲོ་མི་འདུག་གམ།

    སྤྲོ་ཚིག་ལགས།
    མདོར་ན་་་་་དེ་རིང་གི་བཀའ་ཁྲི་དེ་ནི་་་ཐོད་རྒལ་གྱིས་ངང་ནས་་་་་་མི་མང་གིས་ཡིད་ཆེསབྱས་ནས་་་་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཞབས་གཏེགས་སུ་ཕེབས་ཟིན་པ་རེད། དེ་ལ་ཅིའི་ཕྱིར་མི་བཟོད་པ་ཞིག་འདུག་གམ་།
    སྤྲོ་ཚིག་ལགས།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྒྱུ་མཚན་གཞན་མེད་། ཚིག་འདིའི་གསེབ་ནས་ཅི་ཞིག་གོ་ཡོང་གིན་མི་འདུག་གམ(དེ་རིང་གི་་བཀའ་ཁྲི་སྐབས་གསུམ་པའི་དུས་སུ་བོད་ཀྱི་ལོ་རྒྱུས་ནང་གི་ཆབ་སྲིད་ཀྱི་དབང་ལུང་ཡོངས་
    སུ་རྫོགས་པ་དེ་རྩིས་སྤྲོད་གནང་བ་མ་རེད་དམ།
    ལྷག་དོན་དུ་་་་་་་་་་་ཚིག་འདི་་་་་་་་འདས་ཟིན་པའི་བཀའ་ཁྲི་ཚོའི་གནས་བབ་འདི་འདྲ་ཞིག་ག་དུས་བྱུང་མྱོང་ཡོད་དམ།)

    Reply
  3. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 15 སྔོན།

    སྤྲོ་ཚིག་ལགས་།
    བདེན་པ་གསུང་རོགས་། ངས་བོད་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་དེ་་་་་་བློ་སེང་་་ལ་ལྟོས་ནས་བྱེད་པ་རེད་ཅེས་གང་དུ་བྲིས་འདུག་གམ། ཁྱེད་ཀྱིས་་་ཕྱིན་ཆད་གཏོར་མ་དེ་འདྲེ་ཡོད་སར་བཏང་རོགས་ཞུ།

    ངས་ཟེར་ན་་བོད་ཀྱི་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་རྩིས་སྤྲོད་བྱེད་གཏན་འཁེལ་བའི་སྐབས་སུ་་་་་བོད་མི་མང་གིས་་་རྒན་པོ་ཉམས་མྱོང་ཅན་དང། ལོ་མང་ཕྱག་ལས་གནང་་མྱོང་བའི་དྲང་ཚུགས་ཅནདང་། མཐོ་སློབ་ཐོན་མ་ཐག་པའི་་་་་་ཉམས་མྱོང་མེད་པའི་གཞོན་ནུ་གསུམ་པོ་བཅས་སུ་ལ་རྒྱབ་སྐྱོར་བྱས་སོང་ངམ། ངས་རྒྱུ་མཚན་དེ་རང་གི་ཐོག་ནས་འགྲེལ་བཤད་རྒྱགས་པ་ལས་ གཞན་གང་བཤད་ཀྱི་མེད།
    སྤྲོ་ཚིག་ལགས།

    Reply
  4. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 15 སྔོན།

    ཀ་རྨ་རྡོ་རྗེ་ལགས་ཁམས་བཟང།
    ངས་ཀྱང་ཁྱེད་ལ་ཚིག་ཉུང་ངུ་ཞིག་གིས་ཐོག་ནས་དོན་འགའ་རེ་་མ་གཏོགས་བཤད་འདོད་མེད། ཁྱེད་ལ་དོན་ངོ་མ་བཤད་ན་ར་འཕྲོད་རྒྱུ་མེད་པ་གསལ་པོ་བྱུང་སོང།
    གཟིགས་དང། ཁྱེད་ཀྱིས་བློ་སེང་་་་བོད་ཀྱི་དབུ་བཞུགས་མཁན་གྱི་དབུ་ཁྲིད་ལོ་ཅི་མ་རེད་ཟེར་འདུག། རྒྱུ་མཚན་ནི། ཁོང་ལོ་ཆུང་ཆུང་རེད། ཉམས་མྱོང་ཡོག་མ་རེད། ཅེས་བཀོད་འདུག།
    ཁྱེད་ཀྱི་རྒྱུ་མཚན་འདིས་གང་ཞིག་མཚོན་གྱི་འདུག་གམ་ཟེར་ན། དེ་ནི་ལོ་རྒྱུས་ཀྱི་ཐོག་ཏུ་གཞོན་ནུ་ཞིག་་་མཐོ་སློབ་ཐོན་མ་ཐག་ཏུ་་་་ཐོད་རྒལ་་་་་རང་བཞིན་གྱིས་བོད་མི་རིགས་ཀྱི་ཆབ་སྲིད་འགོ་ཀྲིད་མཐོ་ཤོས་སུ་གྱུར་བ་སོང་དེ་ལ་མི་བཟོད་པ་ཙམ་དུ་ཟད་།

    ཡང་ཀྱེད་ཀྱིས་ཁོང་འོས་ཤོག་གྲངས་མང་ཐོབ་པ་དེ་ཡག་རྟགས་ཤིག་མ་རེད་ཅེས་ཟེར་། འོ་ན་དེ་ཡག་རྟགས་ཤིག་མིན་པའི་རྒྲྱུ་མཚན་རྒྱས་ཤིང་རྒྱས་པ་ཞིག་འབྲི་
    ངས་དེ་ལ་ཞིབ་ཏུ་བལྟ་འདོད་ཡོད།
    ཀ་རྡོ་ལགས།

    Reply
  5. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས་ཁམས་བཟང།
    དེ་ནི་བདེན་པ་རེད། མདོ་སྨད་པ་རིག་རྒོད་ཟེར་བ་ཞིག་གིས་མཆན་ཞིག་བྲིས་
    ནས་དེའི་མཐའ་རུ་་་སྤོམ་སྒང་གི་ཕུན་བཀྲིས་ཞེས་བཀོད་འདུག།
    དེ་ནི་ནི་མི་སུ་ཡིན་ནའང་མགོ་རྙོགས་ཀྱི་ཡོད་པ་ངས་ཧ་ཅང་གི་གསལ་པོ་ཤེས་ཀྱི་ཡོད་།
    དེ་བཟོད་པ་ལྷ་རྩེའི་གཙོས་མང་པོ་ཞིག་ལ་ཐུགས་ཁག་མེད་པ་ཞིག་རེད།

    མདོར་ན་ངས་ད་ལྟ་མདོ་སྨད་པ་རིག་རྒོད་ཟེར་བ་དེ་སུ་ཡིན་དང། ཁོང་གིས་མཆན་གྱི་མཐའ་རུ་ང་ཡི་མིང་བེད་སྤྱོད་བྱེད་དོན་གང་ཡིན་རྩ་བ་ནས་ཤེས་རྟོགས་མ་བྱུང་། ཡིན་ནའང་ངས་ཁོང་སུ་ཡིན་རྩེད་དཔྱོད་བྱེད་འདོད་རྩ་ནས་མེད་།

    འདིའི་ཐད་ང་ལ་ཅུང་ཡ་མཚན་བྱུང་སོང། གང་ཡིན་ཞེ་ན། བཟོད་ལྷས། དེང་སང་དྲ་རྒྱ་ཁག་ཏུ་དངོས་མིང་བཀོད་མཁན་དཀོན་ཞིང། མི་གཞན་གྱི་མིང་དང། སྐུ་པར་སོགས་བེད་སྤྱོད་བཏང་མཁན་གཚོད་ཡོད་མེད་མཁྱེན་གྱི་མེད་པ་འདྲ།
    མི་གཅིག་གིས་སྤོམ་སྒང་གི་ཕུན་བཀྲིས་ཟེར་བ་ཙམ་གྱིས་མི་གཅིག་གིས་བྲིས་པ་རེད་ཟེར་མི་ཐུབ།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སྤོམ་སྒང་གི་་ཕུན་བཀྲིས་ལགས་ལ། བོད་ཀྱི་ལོ་རྒྱུས་ནང་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པ་རྩིས་སྤྲོད་གནང་བ་དེ་དུས་ཀྱི་འཁོར་ཕྱོགས་ཞིག་གམ་ཡང་ན་མང་གཙོའི་འཕེལ་རིམ་དང་མཐུན་པའི་ཐོག་གནང་པ་ལས་བཀའ་ཁྲི་གསར་བ་བློ་སེང་ལ་ཆེད་དུ་གནང་བ་ཞིག་ག་ལ་ཡིན། ཁྱེད་ཀྱིས།(འདས་ཟིན་པའི་བཀའ་ཁྲི་ཚོའི་གནས་བབ་འདི་འདྲ་ཞིག་ག་དུས་བྱུང་མྱོང་ཡོད་དམ།)གསུང་འདུག་ན བློ་སེང་གི་འཇོན་ཐང་ལས་སྐུ་དབང་ཡོངས་རྫོགས་ ཧ་ཧ་ དུས་ཐོག་ཆར་འབེབས་ཞེས་པའི་ཚིག་འདི་ཅི་འདྲའི་སྙན་པ་ལ།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རང་གིས་རང་བཀྱགས་སྐྱག་པའི་སྐུ་བཀྱག་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་ནའང་ཐང་།

    མདོ་སྨད་པ་རིག་རྒོད་
    ༢༠༡༡/༠༥/༠༡ ཉིན་འདོན་སྤེལ་བྱས། ཧ་ཧ་ཨ་འཇམ་དང། ཚེ་འཚོ་སོགས་ལ་གདམ་པ།
    ཁྱེད་རྣམས་ཀྱིས་ཕྱོགས་ཞེན་དང། དོན་མེད་ཐོག་་་ཕུན་བཀྲ་ལ་རུབ་བརྒྱག་འདུག།
    ཡིན་ན་ཡང་ཁོང་ལ་གནོད་བྱེད་གང་ཡང་བཏངས་ཐུབབ་མི་འདུག།

    དོན་ངོ་མ་བགྲོ་གླེང་བྱེད་འདོད་ཡོད་ན་ཁྱེད་རྣམས་ཀྱིས་དྲང་མོའི་ཐོག་ནས་་
    བཤད་རེས་གནང་ན་་་ཕུན་བཀྲ་ལ་་གནའ་རྒྱུས་དང་། ད་རྒྱུས་མང་པོ་ཞེ་་དྲགས་གསུངས་རྒྱུ་ཡོད་མཁན་ཞིག་རེད་འདུག།

    ཁྱེད་རྣམས་ཀྱིས་ཁོང་སྐྱོན་བརྗོད་བྱེད་པ་དེ་དག་ལ་་གནད་འཁེལ་གྱི་ལན་མདོར་བསྡུས་ཤིག་བཞག་འདུག་ཞིག་ཏུ་བཀློག་ཞིག

    མདོ་སྨད་པ་རིག་རྒོད་
    ༢༠༡༡/༠༥/༠༤ ཉིན་འདོན་སྤེལ་བྱས། རྐ་མ་རྡོ་རྗེ་ལགས་།
    བོད་ཀྱི་ལོ་རྒྱུས་ཡག་ཉེས་ཚང་མ་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་ན་།
    སིམ་ལིའི་ཆིངས་ཡིག་དང། ང་གཉིས་ལོ་ཡི་དོན་ཚན་བཅུ་བདུན། ང་དགུའུ་ལོ་
    ཡི་རྒྱལ་ཚོགས་ཀྱི་སྙན་ཞུ་སོགས་ཀྱང་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་པ་རེད་དམ།
    དེ་ཡིན་ན་ལོ་རྒྱུས་དེ་དག་དུས་ནམ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་ནད་འཇོག་དགོས་ཀྱི་རེད་དམ།

    དེ་ཡིན་ན་ཁྱེད་ཀྱིས་བོད་འདི་ཉིད་དུམ་བུ་ཡ་བྲལ་དུ་བཏང་བ་མ་རེད་དམ།
    ཁྱེད་ཀྱིས་་བཤད་པ་ལྟར་བོད་ཀྱི་ལོ་རྒྱུས་ཡག་ཉེས་ཚང་མ་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་ཟེར་བ་དེ་ནི་སུས་ཀྱང་ཁས་ལེན་བྱེད་ཐབས་མེད་་པའི་སྐད་ཆ་ཞིག་རེད།

    ངས་བལྟས་ན་ཁྱེད་་བོད་ཀྱི་གཏམ་དཔེ་ལ་་་་རི་བོང་ཅལ་འདྲོག་ཟེར་བ་ལྟར་དངོས་གནས་རེད་འདུག།
    ངས་བློ་སེང་་་་་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་ཟེར་བ་དེ་ནི་བོད་ཀྱི་ཆབ་སྲིད་ཧ་ཅང་གི་འཕོ་འགྱུར་ཆེ་བའི་དུས་འདིར་་་་་་་བོད་ཀྱི་ལོ་རྒྱུས་ནང་དུ་སྐྱུག་བྲོ་བའི་གནས་སྟངས་ཤིག་བྱུང་ཡོད་པའི་ས་ཁུལ་ནས་ཡིན་པའི་་་་་བློ་སེང་དེ་རིང་་་་བོད་གཞིས་བྱེས་གཉིས་ཀས་དགའ་མོས་ཀྱི་ཐོག་ནས་་་་་་༧་གོང་ས་གིས་སྲིད་དབང་རྩིས་སྤྲོད་བྱེད་ཡུལ་དུ་གྱུར་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་ལས་དེ་ལས་གཞན་པའི་ཕྱོགས་རེས་ཟེར་བ་དང། ངོ་དགའ་ང་བསྟོད་ཟེར་བ་དེ་ངས་ཤེས་ཀྱི་མེད་།

    སྤོམ་སྒང་གི་ཕུན་བཀྲིས་ནས

    མཆན་གོང་འོག་འདི་གཉིས་ཞིབ་ཏུ་ཀློག་དང་ཁྱོད་ལ་འཚོ་བ་ཀྱུར་མོ་ཞིག་སྦྱིན་ངེས། ང་ཚོའི་སྤྱི་ཚོགས་ནང་སྨྱུག་འཛིན་པ་འདི་འདྲ་ཡང་ཡོད་པ་མཁྱེན་པ་དགོས།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཚིག་ཉུང་ངུའི་མདོར་ཙམ་ཞུས་ན། བློ་སེང་ལགས་བཀའ་ཁྲི་ཐོབ་ནས་བཟུང་ང་ཚོས་ཁོང་གུས་བཀུར་ཞུ་དགོས་ཀྱང་། ཁོང་བོད་ཆོས་སྲིད་གཉིས་ལྡན་གྱི་མི་རིགས་གཅིག་གི་དབུར་བཞུགས་པ་ལ་ལོ་ནའི་བབ་དང་། ཉམས་མྱོང་ཆུང་བ་ཙམ་མ་ཟད། ཁོང་ལ་འོས་གྲངས་ཚོད་མེད་ཀྱིས་མཐོ་བོར་ཐོབ་པ་འདི། ངས་ཉམས་མྱོང་དང་དྭོགས་པ་ལ་ནི། ཡག་རྟག་ཞེད་པོ་ཅིག་རེད་མི་བསམས་ལ། ད་དུང་ལོ་ལྔ་ཆ་ཚང་ཁུངས་འཁྱོལ་ཨ་ཡོང་སྙམ་པ་དང་། ད་དུང་དེའི་སྟེང་དུ་ལས་འཁུར་ལོ་དུས་ནང་ལ་སྐྱོན་ཡོན་གང་ཆེ་སྙམ་པའི་དྭོགས་པ་ཡང་ཡོད་ཙང་ངས་འདིར་བཤད་པ་ལས། ང་རི་ཅལ་འདྲོག་པ་ཅིག་ཡིན་མིན་ལོ་ཁ་ཤས་ཅིག་བསྒུགས་ནས་སྡོད་དང་དེ་ནས་ག་ལེར་ཧ་གོ་འགྲོ་ཡོང་ངོ་། སྤོམ་སྒང་གི་ཕུན་བཀྲིས་ལགས།

    Reply
  9. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 15 སྔོན།

    ལྷ་མོ་དོན་འགྲུབ་ལགས།
    ད་བར་དུ་ཆོལ་ཁ་གསུམ་ཀའི་ནང་དུ་བཀའ་བློན་བྱུང་རེད་ཟེར་བ་
    དེ་ནི་དངོས་དོན་རང་རེད་། ཡིན་ནའང་དེ་དག་བཀའ་བློན་ཡོང་སྟངས་ནི་དམིགས་བསལ་ཞིག་མ་རེད་དམ།
    གང་ཡིན་ཞེ་ན་། མཁས་དབང་ཟམ་གདོང་རིན་པོ་ཆེ་་བཀའ་བློན་ཁྲི་་་སྐབས་དང་པོ་དང།
    སྐབས་གཉིས་པ་གཉིས་ཀ་བྐའ་ཁྲི་སྐབས་སུ་༧གོང་ས་མཆོག་གིས་ང་ཕྱེད་བགྲེས་ཡོལ་
    ཡིན་ཞེས་བཀའ་ཡང་ཡང་གནང་མ་སོང་ངམ། དེ་རིང་གི་་བཀའ་ཁྲི་སྐབས་གསུམ་པའི་དུས་སུ་བོད་ཀྱི་ལོ་རྒྱུས་ནང་གི་ཆབ་སྲིད་ཀྱི་དབང་ལུང་ཡོངས་
    སུ་རྫོགས་པ་དེ་རྩིས་སྤྲོད་གནང་བ་མ་རེད་དམ།
    འདས་ཟིན་པའི་བཀའ་ཁྲི་ཚོའི་གནས་བབ་འདི་འདྲ་ཞིག་ག་དུས་བྱུང་མྱོང་ཡོད་དམ།
    ལྷ་མོ་དོན་འགྲུབ་

    Reply
  10. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 15 སྔོན།

    རྐ་མ་རྡོ་རྗེ་ལགས།
    ངས་ད་བར་དུ་མི་སུ་ཞིག་ལའང་སྡིག་ར་བསྐུལ་མ་མྱོང་ལ།
    མི་ལ་སྡིག་ར་བསྐུལ་རྒྱུའི་དབང་ཐང་དང། སྟོབས་ཤུགས་སོགས་གང་ཡང་མེད་།
    ཡིན་ནའང་ཁྱེད་ཀྱིས་བོད་ཀྱི་ལོ་རྒྱུས་ཡག་ཉེས་ཚང་མ་གསུབ་ཐབས་མེད་ཟེར་དུས་ང་ལ་ཅུང་ཟད་
    དོགས་འདྲོག་སྐྱེས་སོང། དེ་ནི་ཁྱེད་ཀྱི་བསམ་བློའི་ཁྱེར་སོ་དེ་ནི་འདས་ཟིན་པའི་ལོ་རྒྱུས་ཀྱི་
    བྱུང་རིམ་དེ་ཚོ་དང་འབྲེལ་བ་མེད་དམ་སྙམ་བྱུང། ངས་འདིར་བཤད་པའི་དེ་རིང་གི་བཀའ་ཁྲི་དེ་་་་་འདས་ཟིན་པའི་་་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་
    ས་མཚམས་དང། ཆུ་མཚམས་དབྱེ་བ་དེ་དག་གི་གཙོས་དགྲ་ཕྱོགས་ཀྱི་འདོད་གཏམ་མང་པོ་ཞིག་ཐལ་རྡུལ་བཞིན་དུ་
    བཏང་ཐུབ་པའི་ལེའུ་ཞིག་རེད་ཅེས་བརྗོད་པ་ཡིན།

    ཡིན་ནའང་་་རྐ་མ་རྡོ་རྗེ་ཡི་གཙོས་མང་པོ་ཞིག་གིས་དེ་ངོས་ལེན་བྱེད་ཀྱི་ཡོད་མ་རེད།
    དེ་ནི་ཅུང་ཟད་བློ་གཡེང་བྱེད་དགོས་པའི་བསམ་ཚུལ་ལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
    གང་ཡིན་ཞེ་ན། འདས་པའི་ལོ་རྒྱུས་ཀྱི་ནང་དུ་བྱུང་བའི་བོད་ལ་རྒྱ་སྡེ་དང། བོད་སྡེ་ཟེར་ལོ་རྒྱུས་དེ་བོད་དེ་དག་གིས་རྩ་ནས་ཁས་ལེན་བྱེད་ཀྱི་་མ་རེད་།
    ཁྱེད་ཀྱིས་ལོ་རྒྱུས་དེ་དག་ལས་གཡོལ་ཐབས་མེད་ཟེར་བ་ནི་ཡ་མཚན་ཆེ་པོ་མ་རེད་དམ།

    Reply
  11. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཆོལ་གསུམ་ཁྱིམ་ཁ་འབྲལ་ཐབས་མེད་པ་དེ། སྔོན་ནས་ཤེས་ནས་ཆོལ་གསུམ་སྤྱི་འཐུས་བྱུང།
    བློན་ཆེན་རྣམས་དང་བཀའ་བློན་ཁྲི་བ་ཡང། སྔོན་ནས་ད་བར་ཆོལ་གསུམ་རིས་མེད་བྱོན།

    ལམ་དང་ལུགས་སྲོལ་ཙམ་གྱི་ཆོ་ག་ལས། བཙན་བྱོལ་དམངས་གཙོའི་མཚན་ཉིད་སྔོན་ནས་རྫོགས།
    བཟང་ངན་ཐག་གཅོད་བྱེད་པ་སྔ་མི་དགོས། ལོ་ཟླའི་འཁོར་ལོ་འཁོར་ན་ངང་གིས་གསལ།

    དམངས་ཀྱིས་བདམས་པའི་སྤྱི་མི་རྣམས། སུ་ཞིག་ཡིན་ཡང་བཀུར་བར་རིགས།
    སྐྱོན་དང་ཞན་ཆ་ཅི་མཆིས་ཀྱང། ཐད་ཀར་མཛུབ་མོ་འཛུགས་པར་འོས།

    Reply
  12. ཁྲུང་ཁྲུང་དཀར་མོ། says:
    ལོ་ 15 སྔོན།

    འདས་པའི་ལོ་རྒྱུས་ཙམ་མ་ཡིན་པར་བོད་རིགས་ཚང་མས་བཀའ་ཁྲི་གསར་པ་ཁོང་ལ་རྒྱབ་སྐྱོར་དང་རེ་བ་ཡོད་པ་ཇི་བཞིན་ཐ་ན་ལྷན་རྒྱས་ནས་བཀའ་མོ་ཚིག་གཅིག་ལས་མ་གནང་ནའང་ཁོང་དང་བོད་དོན་ཐོག་མ་གནོད་པའི་ཐབས་ལམ་ལ་འབད་དགོས་། འདི་སྐྱེ་བོ་སྒེར་པ་ཞིག་གི་མདུན་ལམ་ཙམ་མ་ཡིན་པར་མི་རིགས་ཅིག་གི་གནད་དོན་ལ་ཕུགས་བསམ་ལ་འབྲེལ་བ་ཆེས་ཡོད་པ་ཞིག་རེད་། གསལ་པོ་ཞུས་ན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐབས་༧གོང་སམ་ཆོག་ཕྱེད་བགྲེས་ཡོལ་དང་མཁས་དབང་བློ་སེང་སྐབས་ཆ་ཚང་བགྲེས་ཡོལ་ལ་ཕེབས་ཡོད་པས་མང་ཚོགས་ཀྱི་ཁོང་ལ་གུས་བརྩི་མ་བྱེད་པ་དང་རྒྱབ་སྐྱོར་མ་བྱེད་ན་ཁོང་མི་གཅིག་གི་བྱས་ནུས་པ་དང་བྱེད་རྒྱུ་སྡོད་པ་གང་ཡང་མ་མཐོང་། ད་ལྟ་མཐོང་སྣང་བྱེད་ན་བོད་ནང་གི་བོད་མི་ཧ་ཅང་མང་པོ་ཞིག་གི་ཁོང་བཀའ་ཁྲིའམ་སྲིད་འཛིན་འོས་ཐོབས་པར་དགའ་བསུའི་འཚམས་འདྲིའི་གླུ་གཞས་དང་སྙན་རྩོམ་དེ་བཞིན་གཏམ་བཤད་བྱེད་པ་མང་པོ་མཐོང་རྒྱུ་འདུག། འདི་ནི་ཁོང་བོད་མི་ས་ཡ་དྲུག་གི་གདམ་པའི་དབུ་ཁྲིད་ཚད་ལྡན་ཞིག་ཡིན་པའི་དངོས་རྟག་གསལ་ཤོས་དེ་རེད་བསམ་ཆོག་པ་ཡིན་། འབྲེལ་ཡོད་རྒྱ་གར་དང་འཛམ་གླིང་ས་ཕྱོགས་ག་སར་ཁོང་གི་སྐོར་ཚགས་ཤོག་སོགས་སུ་མདུན་ངོས་སུ་ཐོན་ཡོད་ཅིང་རྒྱ་ཆེར་མང་ཚོགས་ནས་དེ་ལྟར་དོ་སྣང་ཆེ་པོ་བྱེད་འདུག།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྤོམ་སྒང་ཕུན་བཀྲ་ཤིས་ལགས། བློ་སེང་ལགས་ལ་ང་ཡང་ཡོད་ཀྱང་། མི་བུ་འདིས་སྤྱོད་ངན་གྱིས་ངན་གྲགས་དང་། ལས་འགུལ་གྱིས་སྙན་གྲགས་གང་ཆེ་བ་ཡོང་ཆ་མི་འཚལ་བས་བསྟོད་པ་མི་མངའ་བར་མཛོད་ཅེས་གདམས་པ་ལས།
    སྤོམ་སྒང་ཕུན་བཀྲ་ཤིས་ལགས་ལྟར། ཉ་ཉུང་མང་མང་པོ་བསྲེས་ནས་ང་ལ་སྡིག་ར་བསྐུལ་བ་ལ་ང་མི་སྐྲག་ཅིང་། ལགས་རེད་ལོ་རྒྱུས་ཡག་ཉེས་དངོས་བྱུང་ཚང་མ་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་དང་གཡོལ་ཐབས་མེད་དགོས་པ་ནི། ཟུར་གནས་ཀུན་གྱི་དགོངས་པ་མ་ཡིན་ནམ།

    Reply
  14. མདོ་སྨད་པ་རིག་རྒོད་ says:
    ལོ་ 15 སྔོན།

    རྐ་མ་རྡོ་རྗེ་ལགས་།
    བོད་ཀྱི་ལོ་རྒྱུས་ཡག་ཉེས་ཚང་མ་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་ན་།
    སིམ་ལིའི་ཆིངས་ཡིག་དང། ང་གཉིས་ལོ་ཡི་དོན་ཚན་བཅུ་བདུན། ང་དགུའུ་ལོ་
    ཡི་རྒྱལ་ཚོགས་ཀྱི་སྙན་ཞུ་སོགས་ཀྱང་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་པ་རེད་དམ།
    དེ་ཡིན་ན་ལོ་རྒྱུས་དེ་དག་དུས་ནམ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་ནད་འཇོག་དགོས་ཀྱི་རེད་དམ།

    དེ་ཡིན་ན་ཁྱེད་ཀྱིས་བོད་འདི་ཉིད་དུམ་བུ་ཡ་བྲལ་དུ་བཏང་བ་མ་རེད་དམ།
    ཁྱེད་ཀྱིས་་བཤད་པ་ལྟར་བོད་ཀྱི་ལོ་རྒྱུས་ཡག་ཉེས་ཚང་མ་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་ཟེར་བ་དེ་ནི་སུས་ཀྱང་ཁས་ལེན་བྱེད་ཐབས་མེད་་པའི་སྐད་ཆ་ཞིག་རེད།

    ངས་བལྟས་ན་ཁྱེད་་བོད་ཀྱི་གཏམ་དཔེ་ལ་་་་རི་བོང་ཅལ་འདྲོག་ཟེར་བ་ལྟར་དངོས་གནས་རེད་འདུག།
    ངས་བློ་སེང་་་་་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་ཟེར་བ་དེ་ནི་བོད་ཀྱི་ཆབ་སྲིད་ཧ་ཅང་གི་འཕོ་འགྱུར་ཆེ་བའི་དུས་འདིར་་་་་་་བོད་ཀྱི་ལོ་རྒྱུས་ནང་དུ་སྐྱུག་བྲོ་བའི་གནས་སྟངས་ཤིག་བྱུང་ཡོད་པའི་ས་ཁུལ་ནས་ཡིན་པའི་་་་་བློ་སེང་དེ་རིང་་་་བོད་གཞིས་བྱེས་གཉིས་ཀས་དགའ་མོས་ཀྱི་ཐོག་ནས་་་་་་༧་གོང་ས་གིས་སྲིད་དབང་རྩིས་སྤྲོད་བྱེད་ཡུལ་དུ་གྱུར་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་ལས་དེ་ལས་གཞན་པའི་ཕྱོགས་རེས་ཟེར་བ་དང། ངོ་དགའ་ང་བསྟོད་ཟེར་བ་དེ་ངས་ཤེས་ཀྱི་མེད་།

    སྤོམ་སྒང་གི་ཕུན་བཀྲིས་ནས་

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཀྱི་ལོ་རྒྱུས་ཡག་ཉེས་ཚང་མ་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་བཞིན་དུ་འདིར་བློ་སེང་ཙམ་འཁྱེར་ཡོང་བ་ལ་དགོས་པ་ཆེར་མ་མཐོང་ལགས། བསྟོད་མ་ཤེས་ནས་བསྟད་པ་དང་གཅིག ད་ལྟ་བསྟོད་པ་མ་མངའ་ལས་ཀ་བྱ་རྒྱུ་འགོ་ཙམ་ཡང་བཙུགས་ཡོད་མ་རེད་དོ། །

    Reply
  16. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 15 སྔོན།

    བཙན་བྱོལ་བ་ལགས།
    ཁྱེད་ཀྱིས་ངས་བློ་སེང་ལ་རྒྱབ་སྐྱོར་ཡོད་མདོག་གིས་བོད་མིའི་ཆིག་སྒྲིལ་ལ་གཏོར་བཤིག་བཏང་གི་
    འདུག་ཅེས་བརྗོད་འདུག།། དེ་ནི་ཁས་ལེན་བྱེད་མི་ཐུབ་ལ་བདེན་པ་མ་ཡིན་པའི་གཏམ་ཞིག་རེད།
    བོད་མིའི་ཆིག་སྒྲིལ་ལ་གཏོར་བཤིག་བཏང་མཁན་ངོ་མ་དེ་ནི་་་་སྔགས་རྒན་ལྷ་ལུང་པད་རྡོ་་་ཟེར་བ་དེས་
    བོད་རྒྱལ་་་འུ་་དུམ་བཙན་པོ་་འཇིག་རྟེན་ཕར་རོལ་དུ་བསྐྱེལ་བ་ནས་བཟུང་འགོ་འཛུགས་བྱས་ཡོད།
    དེའི་རྗེས་སུ་་་སོག་པོ་གོང་མ་གུབ་ལིའི་ཁང་གིས་་་་་འགྲོ་མགོན་ཆོས་འཔགས་ལ་་་་བོད་ཁྲི་སྐོར་བཅུ་གསུ མ་
    ཟེར་བ་ཞིག་ཕུལ་ཡོད། དེའི་ཁོངས་སུ་བོད་ཀྱི་ཡུལ་ལུང་ཡོངས་རྫོགས་ཚུད་མི་མེད། ཡིན་ནའང་
    རྗེས་སུ་བོད་ཆོལ་ཁ་གསུམ་ཕུལ་བ་རེད།

    དེ་ནས་ཕྱི་ལོ་ ༡༩༡༤ ལོ་ལ་བོད་རྒྱ་དབྱིན་གསུམ་གྱི་འཐུས་མི་མཉམ་འཛོམས་བྱས་ནས་ཆིངས་ཡིག་ཅིག་བཞག་ཡོད་པ་སྟེ།
    ལ་ཤིང་སྟག་སིམ་ལིའི་མཆིངས་ཡིག་དང་ཞེས་བརྗོད་ཀྱི་ཡོད། མཆིངས་ཡིག་དེའི་ནང་དོན་ནི་་་་བོད་ཕྱི་མ་དང། ནང་མ།
    རྒྱ་སྡེེ་དང། བོད་སྡེ། བཅས་དབྱེ་བ་ཕྱེ་བའི་་་་མེ་མ་ཧོན་ས་ཐིག་ཟེར་གྱི་ཡོག་རེད།
    བོད་ མིའི་ཆིག་སྒྲིལ་ལ་གཏོར་བཤིག་ཚབ་ཆཻན་འདི་དག་བཏང་བ་མ་རེད་དམ། ཕྱི་ལོ་་་་༡༩༥༢ ལོ་ལ་པེ་ཅིང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་ཀྱང་བཞག་པ་མ་རེད་ དམ། དེ་ནི་བཙན་ཤཻད་ཀྱིས་བཞག་པ་རེད་ཅེས་བརྗོད་ཆོག་ཆོག་ཡོད་རྒྱུ་རེད།
    ཡིན་ ནའང་ཕྱི་ལོ་༡༩༥༩ ལོ་ལ་རྒྱ་ཚོགས་སུ་སྙན་ཞུ་ཞིག་ཕུལ་ཡོད་ཀྱང་དེའི་ནང་དུ་་་རྒྱ་དམར་གྱིས་འབྲི་ ཆུ་རྒལ་ནས་བོད་ལ་བཙན་འཛུལ་བྱས་བྱུང་ཞཻས་བརྗོད་མི་འདུག་གམ། ཕྱི་ལོ་༡༩༥༩ལོ་ལ་རྒྱ་དམར་གྱིས་འབྲི་ཆུ་རྒལ་ནས་བཙན་འཛུལ་བྱས་པ་མ་གཏོགས་དེ་ ལས་གཞན་པའི་བོད་ཀྱི་ས་་ཁུལ་་་འབྲི་ཆུ་ཤར་བརྒྱད་དང། ཨ་མདོ་བཅས་ལ་བཙན་འཛུལམ་་བྱས་་པ་རེད་དམ་གང་རེད།
    ཡང་རྒྱལ་ཚོགས་ལ་ཕུལ་རྒྱུའི་ཞུ་ཡིག་དེ་ལ་སུས་བཙན་ཤེད་བྱས་པ་བྱུང་ཡོད་རེད་ལགས།
    བོད་མིའི་ཆིག་སྒྲིལ་ལ་གཏོར་བཤིག་ཟེར་བ་དེ་ངས་འདི་དག་ལ་ངོས་འཛིན་བྱེད་ཀྱི་ཡོད།

    ཡང་ཨ་མཆོད་འཇམ་དཔལ་གྱིས།
    ང་རྒྱ་ཕྱོགས་ཀྱི་འདོད་ཐོག་ཏུ་བསྐྱོད་ནས་བྲིས་དགོས་དོན་གང་ཡིན་ནམ།
    ཞེས་བྲིས་འདུག།། དེ་ནི་བདེན་པ་རེད་རྒྱ་ཕྱོགས་ནས་བོད་ཟེར་བ་བོད་རང་སྐྱོང་ལྗོངས་ཙམ་ལ་འགྲེལ་བརྗོད་བྱེད་ཀྱི་ཡོག་རེད།
    འགྲེལ་བརྗོད་དེ་དག་རྒྱུ་མཚན་གང་ལ་བརྟེན་ནས་བཤད་ཀྱི་ཡོད་མེད་ཁྱེད་ཀྱི་ཤེས་ཀྱི་ཡོད་དམ། དེ་ནི་ངས་བགྲངས་ཟིན་ལོ་རྒྱུས་དེ་
    ཚོ་མ་རེད་དམ། དེ་ཡིན་ན་ནི་ངས་དེ་རིང་༧་གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་པའི་འགོ་ཁྲིད་
    ལ་རྩིས་སྤྲོད་གནང་བ་དེ་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་གི་།ཐོག་མ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ངས་དེ་རིང་གི་བཀའ་ཁྲི་དེའི་
    ཡོང་ཁོངས་ཀྱི་ཆ་ནས་སྔོན་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་བྱུང་ཡོག་རེད་ཅེས་བརྗོད་དོན་དེ་རེད།
    དེ་ལས་གཞན་པའི་རྒྱ་ཡི་འདོད་ཕྱོགས་དང། བོད་མིའི་ཆིག་སྒྲིལ་ཟེར་བ་དེ་ཚོ་དང་འབྲེལ་བ་རྩ་བ་ནས་མེད་པ་རེད།
    མདོར་ན། དེ་རིང་གི་བཀའ་ཁྲི་ཡོང་སྟངས་ཀྱི་ཆནས་སྐྱུག་བྲོ་བའི་ལོ་རྒྱུས་དེ་དག་ནག་གསུབ་ཏུ་བཏང་ཐུབ་པའི་་་ལོ་རྒྱུས་ཀྱི་འགག་རྡོ་ཆེན་པོ་
    ཞིག་བསྐྲུན་ཐུབ་པ་མ་རེད་དམ།

    ཡང་ ཁྱེད་ཀྱིས་སྔོན་བོད་མའི་མཐོ་རིམ་གྱི་དཔོན་རིགས་ཚོ་ལ་བོད་མི་ཡོངས་ཆིག་སྒྲི་ ལ་བྱེད་རྒྱུའི་བསམ་འདུན་ཤུགས་ཆེ་ཡོད་རེད་ཅེས་བརྗོད་འདུག།། དེ་ལ་ང་ཅུང་ཟད་འདྲོགས་དགོས་བྱུང་སོང། གང་ཡིན་ཞེ་ན་་་་་ཁྱེད་ཀྱི་དཔེ་མཚོན་དུ་་སྱིན་བློན་ཀླུ་ཁང་པ་་་་ཞེས་བརྗོད་ འདུག།
    ཁོང་ དེ་དུས་སྲིད་བློན་ངོ་མ་མ་རེད་། ཁོང་དེ་དུས་སྲིད་ཚབ་རེད། གལ་ཏེ་ཁོང་ལ་དེ་འདྲའི་བསམ་ཚུལ་ཞིག་ཡོད་པའི་དབང་དུ་བཏང་ཡང་དེས་བོད་ཀྱི་མཐོ་ རིམ་དཔོན་རིགས་ཚོིའི་བསམ་ཚུལ་ཇི་ལྟར་མཚོན་ཐུབ་བམ། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་་་་མཐོ་རིམ་
    དཔོན་ རིགས་ཚོ་ལ་་་་ཁམས་དང། ཨ་མདོ་བཅས་ལ་རང་ས་རང་སྲུང་གི་ཆེད་དུ་གོ་ལག་ཆ་སྤྲད་དགོས་ཞེས་བཀའ་ཕེབས་ཡོད་ ཀྱང་དེ་དག་ཅིའི་ཕྱིར་མ་བསྒྲུབ་རེད། ཡང་༧གོང་ས་བཅུ་གསུམ་པ་ཆེན་པོ་་་་་་ས་ཁུལ་དེ་གཉིས་ཀྱི་ཕྱོགས་སུ་ཡོད་བྱིས་པ་ བློ་རིགས་བཀྲ་ཚོ་བསྡུ་རུབ་བྱེད་་་་་་་དབྱིན་ལེན་་་་་དུ་སློབ་སྦྱོང་ལ་བཏང་ དགོས་ཞེས་བཀའ་དང། དགོངས་ཚུལ་ཡོད་པ་དེ་དག་ལག་ལེན་མ་འཁེལ་དེ་ལ་སུས་བཙན་ཤེད་བྱས་པ་རེད། མཐོ་རིམ་པ་ཚོ་ཁྱེད་ཀྱིས་བརྗོད་པ་ལྟར་བསམ་ཚུལ་དེ་མེད་པ་མཚོན་གྱི་མི་འདུག་གམ།

    སྤོམ་སྒང་གི་ཕུན་བཀྲིས་ནས།

    Reply
  17. མདོ་སྨད་པ་རིག་རྒོད་ says:
    ལོ་ 15 སྔོན།

    ཧ་ཧ་ཨ་འཇམ་དང། ཚེ་འཚོ་སོགས་ལ་གདམ་པ།
    ཁྱེད་རྣམས་ཀྱིས་ཕྱོགས་ཞེན་དང། དོན་མེད་ཐོག་་་ཕུན་བཀྲ་ལ་རུབ་བརྒྱག་འདུག།
    ཡིན་ན་ཡང་ཁོང་ལ་གནོད་བྱེད་གང་ཡང་བཏངས་ཐུབབ་མི་འདུག།

    དོན་ངོ་མ་བགྲོ་གླེང་བྱེད་འདོད་ཡོད་ན་ཁྱེད་རྣམས་ཀྱིས་དྲང་མོའི་ཐོག་ནས་་
    བཤད་རེས་གནང་ན་་་ཕུན་བཀྲ་ལ་་གནའ་རྒྱུས་དང་། ད་རྒྱུས་མང་པོ་ཞེ་་དྲགས་གསུངས་རྒྱུ་ཡོད་མཁན་ཞིག་རེད་འདུག།

    ཁྱེད་རྣམས་ཀྱིས་ཁོང་སྐྱོན་བརྗོད་བྱེད་པ་དེ་དག་ལ་་གནད་འཁེལ་གྱི་ལན་མདོར་བསྡུས་ཤིག་བཞག་འདུག་ཞིག་ཏུ་བཀློག་ཞིག།

    Reply
  18. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    མགོ་ནག་བོད་མི་་་མི་རེ་ངོས་རེ་ནས་་་་བོད་ཀྱི་ལོ་རྒྱུས་དང་ཁ་བྲལ་ཐབས་ཡེ་ནས་མེད
    རྒྱུ་མཚན་ནི་ཁྱེད་ཀྱི་གསུང་བཞིན་པའི་རུལ་དྲི་བྲོ་བའི་ལོ་རྒྱུས་དེ་དང་འབྲེལ་བས་སོ།།།།

    Reply
  19. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    སྤོམ་སྒང་ལགས། གུས་མོས་བསམ་ཚུལ་གྱི་རྒྱབ་ལྗོངས་བཙལ་ནས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་ལས། ནང་དོན་ཙམ་ཡང་མ་རྟོགས་པར་དོན་མེད་ཕྲན་དཔྱད་བྱེད་ཁུལ་བྱས་པ་མིན། གང་ལྟར་ཉིད་ནས་གསལ་བརྗོད་གནང་བ་ཐུགས་རྗེ་ཆེ།

    Reply
  20. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 15 སྔོན།

    ངས་བྲིས་པའི་ཡིག་རྙོགས་འདི་ལ་བགྲོ་གླེང་བྱེད་པོ་ཚོ་ལ།
    ཁྱེད་རྣམས་ཀྱི་རྣོ་ངར་ལྡན་ཞིང་དོན་སྙིང་ཡོད་པའི་མཆན་བུ་གང་ཚོད་བྲིས་ཀྱང།
    ངས་སྐབས་མཚམས་སྐབས་མཚམས་ཕྱོགས་བསྡོམ་བྱེད་ནས་རིག་པའི་རྒོལ་ལན་ཡར་བསློག་བྱེད་ཀྱི་ཡིན།
    དགོངས་དག་ངས་མཆན་རེ་ལ་ལན་རེ་བྲིས་ཁོམ་མི་འདུག།
    སྤོམ་སྒང་གི་ཕུན་བཀྲིས་ནས་

    Reply
  21. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    བསྟོད་པའི་སྐབས་སུ་བསྟོད་ཐལ་ཆེ་ནས་ལྷ་ཡི་སྤྲུལ་པ་ཟེར་ལ་ཁད།
    སྨད་པའི་དུས་སུ་སྨད་རང་དྲགས་ནས་བདུད་ཀྱི་ཆོ་འཕྲུལ་ཟེར་ལ་ཁད།
    བསྟོད་སྨད་གཉིས་ཀྱི་མཚམས་སུ་འགྲེངས་ནས་ལོ་རྒྱུས་ལ་བལྟས་པའི་ཚེ།
    འུ་དུམ་བཙན་པོའི་དབུའི་རྭ་ཅོ་ང་ཚོ་བོད་པས་བཙུགས་པ་མཐོང་།

    Reply
  22. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    སྤྱིར་བློ་བཟང་སེང་གེ་ལ་བཀའ་ཁྲིའི་འོས་ཐོབ་པ་ལ་ཁོ་བོས་ཀྱང་བསྔགས་བརྗོད་དང་རྒྱབ་སྐྱོར་ཞུ་བཞིན་ཡོད། རྒྱབ་སྐྱོར་འདི་ནི་འདས་པ་ཙམ་མ་ཟད་ད་ལྟ་ཡང་ཞུ་བཞིན་ཡོད། འོན་ཀྱང་བླ་སེང་གི་རྒྱབ་སྐྱོར་བ་སྤོམ་སྒང་ཕུན་བཀྲ་ཤིས་གཏོགས་པའི་འགའ་རེས་ཡིས་བློ་སེང་ལ་རྒྱབ་སྐྱོར་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་བོད་ནང་ཁུལ་ལ་གཅིག་སྒྲིལ་དང་འཆམ་ནུས་ཀྱི་ནུས་པ་གཏོར་བཤིག་གཏོང་རྒྱུའི་རྩོམ་དང་རྙོག་གཏམ་རིགས་འདྲ་མིན་སྤེལ་བ་ལ་ཁོ་བོ་གཏན་ནས་རྒྱབ་སྐྱོར་མེད། སྤྱིར་ཁྱེད་ཀྱི་དཔྱད་རྩོམ་སྤེལ་བ་ནི་ཁྱེད་ཀྱི་རང་དབང་ཡིན། འོན་ཀྱང་རང་དབང་དང་སྤྱི་ཚོགས་བརྟན་ལྷིང་གི་འགན་ཁུར་གཉིས་འབྲལ་དུ་མི་རུང་། ད་ལྟ་ང་ཚོའི་བོད་དེ་རྒྱལ་དབང་མཆོག་གི་མགོན་དཔུང་འོག་རྡོག་རྩ་འོ་ཆུ་གཅིག་སྒྲིལ་ཡོད་པའི་སྐབས་ལ་གཏོར་བཤིག་གཏོང་རྒྱུའི་ངན་བཅངས་ཀྱིས་རྩོམ་སྤེལ་བ་ནི་ཡག་པོ་མིན། ཁྱེད་ལ་ཀུན་སློང་དེ་ལྟ་བུ་ཡོད་མེད་མི་ཤེས་མོད། ཡིན་ན་ཡང་། རྩོམ་ཡིག་ལ་བལྟས་ནས་ཁྱེད་ཀྱི་སེམས་ནང་གི་ཚོར་བ་ཇི་འདྲ་ཡོད་པ་ཧ་ལམ་ཤེས་ཐུབ། ཆོལ་ཁ་དང་ཆོས་ལུགས་དང་ལུང་ཚན་གྱི་ཐ་སྙད་སྤྱོད་རྒྱུ་མང་དྲག་པའི་རྐྱེན་གྱིས་ང་ཚོ་བོད་རིགས་ནང་དུ་སྐད་ཆ་དང་རྩོམ་གང་སྤེལ་བ་ཡིན་ན་ཡང་། ཕན་ཚུན་ཡིད་མ་ཆེས་པ་དང་དོགས་པ་འདྲ་མིན་ཟ་དགོས་པ་ཆགས་རྒྱུའི་ཉེན་ཁ་འདུག གོང་གི་འདི་ཁོ་བོ་སྒེར་གཅིག་གི་བསམ་ཚུལ་ཙམ་ཡིན་པས་ཧ་ཅང་འདྲོགས་དགོས་དོན་མེད།

    Reply
  23. སྤོམ་སྒང་གི་ཕུན་བཀྲིས་ says:
    ལོ་ 15 སྔོན།

    བསྟན་འཛིན་ཚེ་འཚོ་ལགས།
    ངས་ཁྱེད་ཀྱི་བཤད་པ་ལྟར་ལོ་རྒྱུས་དང་བྲལ་ཐབས་མེད་པ་ཞིག་ཡིན་ན།
    ཕ་ཤུལ་བུས་འཛིན་ལྟ་བུའི་ཡུན་རིང་པོའི་ལོ་རྒྱུས་ཤིག་དགོས་པར་ངོས་འཛིན་བྱེད་ཀྱི་མེད།
    ངས་ལོ་རྒྱུས་དང་བྲལ་ཐབས་མེད་པའི་བཀའ་ཁྲི་ཞེས་པའི་དོན་ངོ་མ་དེ་ཁྱེད་ཀྱིས་
    རྟོགས་ཡོད་བཟོ་མི་འདུག། ངས་བརྗོད་དོན་ངོ་མ་ནི་རིང་ལུགས་གསུམ་སྟེ།
    རྒྱལ་བརྒྱད་རིང་ལུགས་དང། ཕ་ཤུལ་བུས་འཛིན་པའི་རིང་ལུགས།
    བཙན་བྱོལ་ནང་གི་ལོ་ལྔ་བཅུའི་མང་གཙོའི་རིང་གསུམ་དུ་དབྱེ་ནས་བརྗོད་པ་ཡིན།

    རིང་ལུགས་དང་པོ་གཉིས་ཀྱི་ནང་དུ་་་ཤར་བརྒྱད་པའི་བོད་རིགས་ལ་རྣམས་ལ་ཐེ་གཏོགས་མེད་པར་གྱུར་ཡོད།
    མ་ཟད་བར་སྐབས་བོད་ཕྱི་མ་ཞེས་པའི་གྲས་སུ་བཞག་ཡོད།

    དེ་རིང་གི་་བཀའ་ཁྲི་དེ་ཤར་བརྒྱུད་པའི་ཁོངས་སུ་གཏོགས་པའི་ཕོ་གཞོན་
    ཞིག་མ་རེད་དམ། རྒྱུ་མཚན་འདིའི་ཆ་ནས་ཕྱི་འབྱུང་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་ཅེས་བརྗོད་མི་འདུག་གམ།

    བོད་ཀྱི་སྲི་འཛིན་ཐོག་མ་ཟེར་བདེ་ནི་་་་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབང་ཆ་ཚང་མ་རྩིས་སྤྲོད་གནང་གི་ཡོད་པ་དང། བྱེས་འབྱོར་མི་མང་གི་ངོས་ནས་་་སྔོ་འགྲོ་དང། དངོས་གཞི་གཉིས་ཀའི་ནང་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེར་བྱས་སྟོབས་འོས་ཤོག་གི་གྱངས་ཀ་་ཧ་བག་ཆེན་པོའི་སྒོ་ནས་ཁོང་ལ་རྒྱལ་ཁ་ཐོབ་ཡོད།

    གཞིས་བཞུགས་བོད་མི་ཧ་ཅང་གི་མང་པོ་ཞིག་གིས་ཁོང་ལ་དགའ་པོ་བྱེད་ཀྱི་ཡོད་པ་དང། ཡང་བོད་ནས་ཁོང་འཚམས་འདྲིའི་མཇལ་དར་ཡང་མི་ཉུང་བ་ཞིག་བསྐུར་ཡོད་རེད།

    དེས་བཙན་བྱོལ་གཞུང་འདི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་དེ་རིང་་་བློ་བཟང་སེང་གེ་་་སྲིད་འཛིན་ཡིན་ལ་ཐེ་ཚོམ་བྱེད་རྒྱུའི་གཞི་རྩ་ཞིག་འདུག་གམ།
    བཙན་བྱོལ་གཞུང་གཞན་དབང་སྟབས་བསྟུན་དབང་གིས་་་ཁོང་ལ་སྲིད་འཛིན་ཞེས་འབོད་ཐུབ་ཀྱི་མེད་ཀྱང་་དོནངོ་མ་བྱེད་ཁོང་་ད་ཁོང་སྲིད་འཛིན་ཐོག་མ་ཞིག་ཏུ་འགྱུར་མ་འདུག་གམ་།
    ཚེ་འཚོ་ལགས།

    Reply
  24. རྒྱ་རྙི། says:
    ལོ་ 15 སྔོན།

    བློ་བཟང་སེངྒེ་ལགས་སྐབས་གསུམ་པའི་བཀའ་བློན་ཁྲི་བར་འདེམས་ཐོན་བྱུང་བར་སེམས་སྟེང་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག སྦོམ་ལྒང་ཕུན་བཀྲས་ཕྱོགས་ལྷུང་ཚད་རྒལ་གྱིས་འུད་བསྟོད་ལ་དངོས་གནས་སུན་སྣང་སྐྱེས་བ་ཞིག་རེད། འཇིག་རྟེན་གཏམ་དཔའི་ལ། བསྟོད་མི་ཤེས་མཁན་གྱིས་བསྟད་པ་ལས།། སྨད་མི་ཤིས་མཁན་གྱིས་སྨད་ན་དགའ།། ཞེས་བ་བ་ལས་མ་འདས་སོ།། ཁོ་བོས་ལྟོས་ན་བསྟན་འཛིན་ཚེ་མཚོས་གསུང་བ་དེ་དངོས་གནས་བདེན་པར་སྣང་།།

    Reply
  25. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    དེང་སང་ང་ལ་ཚོར་སྣང་འདི་འདྲ་ཞིག་ཡོང་གི་འདུག ང་ཚོ་མང་པོ་ཞིག་གིས་རང་ཉིད་གཟུར་གནས་ཡིན་མདོག་གིས་སམ་རྒྱུ་མཚན་གཞན་ཞིག་གིས་སྔོན་མ་སིམ་ལའི་ཆིངས་ཡིག་དང་། གྲོས་མཐུན་དོན་ཚན་བཅུ་བདུན་སོགས་ཀྱི་ནང་དུ་འབྲི་ཆུའི་ཤར་རྒྱུད་ཀྱི་བོད་ཀྱི་ས་ཁུལ་རྣམས་ཚུད་མེད་ཚུལ་ཡང་ཡང་བཤད་ཀྱི་འདུག གཅིག་བྱས་ན་དེ་སྐབས་གནས་སྟངས་དེ་འདྲ་ཞིག་གི་དབང་གིས་དེ་དག་ཚུད་ཡོད་པའི་གསལ་ཁ་སྟོན་མ་ཐུབ་པ་བདེན་ན་ཡང་ནང་སེམས་སུ་བོད་གཞུང་གིས་ས་ཁུལ་དེ་དག་བཙོང་བ་དང་བློས་བཏང་བ་ཡེ་ནས་བྱུང་མེད། སྲིད་བློན་ཀླུ་ཁང་བས་ལྷ་སར་འཚོགས་འདུའི་ཐོག་ཏུ་ཀྲང་གོ་ཧྭ་ལ་”སྔར་ཁྱེད་ཅག་གིས་ཟོས་ཟིན་པའི་ང་ཚོའི་ས་ཆ་རྣམས་ཚུར་སློག་དགོས”་ཞེས་བོད་གཞུང་གི་སེམས་ནང་གི་ཞེ་འདོད་དངོས་སུ་གསལ་སྟོན་གནང་ཡོད།
    ང་ཚོས་ཆིངས་ཡིག་དེ་དག་གི་ནང་དུ་བོད་ཀྱི་ས་ཁུལ་དེ་དག་ཚུད་མེད་ཅེས་དགྲ་ཕྱོགས་ཀྱི་འདོད་ཐོག་ཏུ་བཤད་དགོས་དོན་དེ་ཙམ་གང་འདུག ཆིངས་ཡིག་དེ་དག་གི་ནང་དུ་ས་ཁུལ་དེ་དག་ཚུད་མེད་པའི་གསལ་ཁ་གང་ན་བསྟན་འདུག ཅི་སྟེ་ཚིག་ཟུར་རེ་ཡོད་སྲིད་རུང་དབང་ཡོད་དབང་མེད་ཀྱི་འོག་ནས་དེ་ལྟར་བྱུང་བ་དེ་ལྟར་འབྱུང་སྲིད་པ་ང་ཚོས་ངེས་པར་དུ་དྲན་དགོས་ཀྱི་འདུག
    རྒྱལ་ཚོགས་སུ་ཕུལ་བའི་སྙན་ཞུའི་ནང་དུ། “རྒྱ་དམག་གིས་འབྲི་ཆུ་བརྒལ་ནས་བོད་ལ་བཙན་འཛུལ་བྱས་བྱུང་ཞེས་བྲིས་ཡོད”་སྲིད་རུང་། དེས་བོད་གཞུང་གིས་རྒྱ་བོད་ཀྱི་ས་མཚམས་འབྲི་ཆུ་ཡིན་པར་ཁས་ལེན་བྱས་པར་ཡེ་ནས་སྒྲུབ་མི་ཐུབ། ང་ཚོས་བདེན་པ་སྲུང་དགོས་རུང་བདེན་ཁ་རང་ཕྱོགས་ལ་འཐེན་རྒྱུ་ཡོད་ས་ལ་ངེས་པར་དུ་འཐེན་དགོས། དགྲ་ལ་བདེན་ཁ་ཕྱིན་པའི་གྲུབ་འབྲས་བཟང་བོ་ཞིག་ཅི་སྟེ་འབྱུང་རྒྱུ་ཡོད་ན་དེ་ལྟར་ཆོག་སྲིད་ཀྱང་དེ་མེད་པ་ནི་ཟུར་བལྟས་ལེབ་མཐོང་རེད།
    དེས་ན་སྨྱུག་ཐོགས་པ་རྣམ་པ་ཚོས་འདི་རིགས་ལ་དོ་སྣང་ངེས་པར་དུ་གནང་རོགས་ཞུ།

    Reply
  26. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    སྤོམ་སྒང་ཕུན་བཀྲ་ཤིས་ཀྱིས་བཤད་པའི་སྐད་ཆ་སྦོམ་པོ་སྦོམ་པོ་དེ་ལ་མོས་མཐུན་བྱེད་དཀའ་ཙམ་གདའ།

    མདོར་བསྡུས་ནས་བཤད་ན་བློ་སེང་ནི་བྱེས་ཀྱི་མི་ཉིས་ཁྲི་བདུན་སྟོང་བཅོ་ལྔའི་དཔོན་པོ་རེད་དཱ། ཧ་ཧ་ཧ་

    Reply
  27. ཤམ་བྷ་ལའི་བུ་ཆུང་། says:
    ལོ་ 15 སྔོན།

    སྤོམ་སྒང་ཕུན་བཀྲ་ཤིས་ལགས། ཁྱེད་ཀྱིས་དངོས་གནས་དོ་སྙིང་ལྡན་པ་ཞིག་བྲིས་འདུག དྲ་ཚིགས་གཞན་དུའང་འགོད་འདྲེན་བྱེད་ཆོག་གམ།
    བསྟན་འཛིན་ཚེ་འཚོ། བུ་མེད་ནི་བུད་མེད་རང་རེད། མིའི་གྲལ་ནས་མ་བུད་ཙམ་མ་གཏོགས། བསམ་བློ་རྒྱ་ཆེ་གུ་ཡངས་ཤིག་མེད་པ་སྐྱོ་བ་ལ། ད་དུང་ཁྱེད་ཐེ་ཚོམ་དང་སོམས་ཉེ་ཁོ་ན་བྱེད་ནས་སྡོད་ཨ། མི་ཚེ་ཡང་དེ་ལྟ་ཁོ་ནའི་ལམ་ནས་རྫོགས་འགྲོ་གི་རེད་ལོ།

    Reply
  28. སྟོང་བཙན་མགར་བུ། says:
    ལོ་ 15 སྔོན།

    བསམ་ཚུལ་ནི་བསམ་ཚུལ་རང་རེད། སུ་ཞིག་གིས་བརྗོད་མི་ཆོག་པ་དང། སུ་ཞིག་དྲན་མི་ཆོག་པ་ཞིག་མ་རེད་མོད། འོན་ཀྱང། དངོས་ཡོད་ཀྱི་གནས་བབས་དང་བསྟུན་ཏེ་སྐད་ཆ་ཤོད་པ་དང། ལུགས་དང་མཐུན་པའི་སྐད་ཆ་རེ་ཤོད་རྒྱུ་ནིི་གལ་ཆེན་ཞིག་ཏུ་མཐོང།

    འོན་གོང་གི་བཤད་བརྗོད་པ་དང་འགྲེལ་བརྗོད་པ་གང་རུང་གི་བསམ་ཚུལ་ཡག་པོ་འདུག
    བདག་གིས་བསམ་ནའང་བློ་སེང་ནི་ལོ་རྒྱུས་རང་བཞིན་གྱི་མི་སྣ་ཞིག་ཏུ་འདོད་པ་ནི་བདེན་པར་མ་འཁུམས་མོད། དུས་རབས་འདི་དང་མཚམས་པའི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཡིན་པ་ནི་སུས་ཀྱང་འགོག་ཐབས་བྲལ། འོན་ཀྱང་ང་ཚོའི་བཙན་བྱོལ་ནང་དུ་བཀའ་བློན་ཁྲི་པའི་གོ་ཐོབ་སྟེ་བོད་ཆོལ་གསུམ་མཚོན་པའི་མི་སྣ་ཞིག་ཏུ་བརྩི་ཆོག་པ་ལས་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་སྲིད་འཛིན་ལྟ་བུ་ནི་བོད་རང་དབང་མ་ཐོབ་པར་དུ་ནམ་ཡང་ཡོང་ཐབས་བྲལ་བ་ཞིག་ཡིན། རྒྱུ་མཚན་ནི། ང་ཚོའི་འོས་བསྡུ་བྱེད་སྟངས་ཡིན་ནའང། རང་བཙན་ལག་དེབ་གཞིེར་བཟུང་གིས་འོས་བསྡུ་བྱེད་གྱིན་ཡོད་པས་ན། བོད་བརྒྱ་ཆའི་བརྒྱད་བཅུ་ནས་ཐོབ་ཐང་དེ་བླངས་ལེན་ཐུབ་གི་མེད། བཀའ་ཁྲི་སུ་ཞིག་ཡིན་ནའང་ཆོལ་ཁ་གསུམ་གྱི་སྲིད་འཛིན་ཡིན་པའི་ངོས་འཛིན་འོག་ བོད་རྒྱལ་རབས་ལོ་རྒྱུས་ཀྱི་བོད་རྒྱལ་རིམ་བྱུང་གི་མིང་ལྟ་བུར་ངོས་འཛིན་བྱེད་རྒྱུ་ནི་བཀའ་ཁྲི་སུ་ཞིག་གི་འཇོན་ཐང་དངོས་ལ་རེག་ལས་བ་རེད།

    Reply
  29. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    སྤོམ་སྒང་ཕུན་བཀྲ་ཤིས་ལགས། ཉིད་ནས་་ཞིབ་ཞིང་ཕྲ་བ་ལབ་ན་ཡང་ཅུང་འགྲིག་མི་འདུག་ལ། གང་ལྟར་རྒྱས་བ་ཞིག་འབྲི་འདུག ཡིན་ཡང་རུལ་དྲི་སྣ་ལ་མ་ཚོར་ཞེས་པའི་དཔེ་བཞིན། བློ་སེང་བོད་ཀྱི་ལོ་རྒྱུས་དང་ཁ་བྲལ་ཐབས་མེད་པ་ཞེས་པ་དེ་ཡང་ད་ལྟ་ནས་བརྗོད་རན་ཞིག་ཡིན་མིན་ཐེ་ཐོམ་ཡིན་ལ། བརྗོད་ཆོག་པ་ཞིག་ཡིན་པ་ཡང་དེ་བས་ཐེ་ཚོམ་ཡིན། ལོ་རྒྱུས་ཀྱི་ཀྱོག་མཚམས་རེ་རེ་ལས་འགྱུར་འགྲོས་གང་མང་ཞིག་འགྲོ་བཞིན་ཡོད་པ་དང་། འགྱུར་མཚམས་རེ་རེ་ལས་ལྟ་གྲུབ་ཀྱི་རྣམ་པ་ཞིག་ཀྱང་རང་བཞིན་གྱི་ཡོང་གི་ཡོད། འགྱུར་འགྲོས་རེ་རེ་ལས་གཞི་རྐང་སྲ་བརྟན་ཞིག་ཚུགས་པ་དང་དེ་ཚུགས་པའི་རྗེས་ནས་ད་གཟོད་བར་དང་བར། བརྒྱུད་རིམ་དང་བརྒྱུད་རིམ་དཔྱད་ནས་བོད་ཀྱི་ལོ་རྒྱུས་ཐོག་འཇོག་པ་ལས་གོམ་ཁ་མ་བླངས་བའི་སྔོན་རོལ་ནས་ཁ་མཚོན་གཅོད་པ་ནི་སྤྱིར་ང་ཚོའི་ལུགས་སྲོལ་ཞིག་དང་། གོམས་འགྲོས་ཤིག་ཏུ་གྱུར་འདུག་པས་དེ་ལ་ཡང་ཡིད་གཟབ་གཅིག་བྱེད་དགོས་ངེས་འདུག བོད་ཀྱི་སྲིད་འཛིན་ཐོག་མ་ཞེས་བརྗོད་རུང་བ་ཞིག་དང་བརྗོད་ན་རན་མིན་ཡང་སྔོན་བྱུང་ལོ་རྒྱུས་དང་བསྡུར་ནས་དཔྱད་ཞིབ་བྱེད་པ་ལས་འཕྲལ་མར་འདོད་ཕྱོགས་བཞིན་གྲིས་གཏུབ་པ་བཞིན་ཐག་བཅད་བཞག་ན་ཡང་འགྲིག་མིན་ཁག མདོ་དོན་དཔྱད་ཞིབ་དང་གྲོས་ཁ་གང་ཞིག་བྱས་རུང་སྔོན་ལ་སྔ་གཞུག་གཉིས་ལ་བསམ་བློ་བཏང་ནས་བརྗོད་དགོས་པ་ལས། འདི་འདྲ་ཞིག་རེད་དེ་འདྲ་ཞིག་རེད་ཟེར་བ་ཙམ་ཞིག་གིས་བློ་གཏད་ཆོག་པ་ཞིག་ཡིན་མིན་ཡང་ངེས་ཤེས་རྙེད་མི་ཐུབ་ལ། དཔྱོད་རུང་བའི་བསམ་བློ་ཡང་དག་ཞིག་ཏུ་འགྱུར་མིན་ཡང་ཐེ་ཚོམ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese