མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་རྒྱལ་ས་ལྡི་ལིར་འབྱོར།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

སེར་སྦྲེངས་སྙན་སྐུལ་གྱི་ཉིན་ལྔ་བ་སྟེ། ཕྱི་ཚེས་ ༣༠ ཉིན་བཞུགས་སྒར་ངྷ་ས་ནས་ལྡི་ལི་བར་གྱི་ཞི་བའི་གོམ་བགྲོད་གནང་མཁན་དགེ་འདུན་པ་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་། ལྔི་ལི་བོད་སྒར་བསམ་ཡས་གླིང་གི་ཉེ་སར་འབྱོར་སྐབས། ལྡི་ལི་ཁུལ་གྱི་རྔ་པའི་གཞོན་སྐྱེས་ཁག་གིས་སྐོམ་ཆུ་དང་ཁ་བཏགས་བཟུང་སྟེ་ཕེབས་བསུར་བཅར་ཡོད་འདུག་ལ། དེ་བཞིན་ས་གནས་གཞིས་མགོ་དང་བརྒྱ་འཐུས། ལྡི་ལི་ས་གནས་གཞོན་ནུ་དང་བུད་མེད། མདོ་སྨད་ས་གནས་རྒྱུན་ལས། རྡེ་ར་ལྡུན་མདོ་སྨད་ས་རྒྱུན། ས་གནས་རང་བདེན་ཚོགས་ཆུང་སོགས་ཀྱིས་ཀྱང་། གོམ་བགྲོད་པ་རྣམས་ལ་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་འདུག

བོད་སྒར་སློབ་གྲྭའི་ར་སྐོར་དུ་ས་གནས་གཞིས་མགོ་དང་ས་གནས་རང་བདེན་ཚོགས་ཆུང་། ལྡི་ལི་མདོ་སྨད་ས་གནས་རྒྱུན་ལས། ལྡེ་ར་ལྡུན་མདོ་སྨད་ས་གནས་རྒྱུན་ལས། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་རྣམ་གཉིས་དང་། བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ། བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ལགས་བཅས་དབུ་བཞུགས་ཐོག་ཕེབས་བསུའི་མཛད་སྒོ་ཚོགས་ཡོད་ཅིང་། སྐབས་དེར་བློ་བཟང་ཡེ་ཤེས་ལགས་ཀྱིས་ད་ལྟའི་ཨ་མདོ་བླ་བྲང་དགོན་པའི་ཛ་དྲག་གི་གནས་སྟངས་དང་། རྨ་ཆུའི་ཆུ་ཁ་མའི་བོད་མི་རྣམས་ཀྱིས་རྔ་པའི་དགོན་གྲོང་ལ་གདུང་སེམས་མཉམ་སྐྱེད་ཇི་ལྟར་གནང་བའི་སྐོར་སོགས་གནས་ཚུལ་གསར་པ་ཁག་ཅིག་དང་། རྔ་པའི་དགོན་གྲོང་སྤྱི་དང་བྱེ་བྲག་ཀིརྟི་དགོན་པའི་ནང་གི་ད་ལྟའི་གནས་སྟངས་རྣམས་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་འདུག

དེ་རྗེས་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་མཆོག་གིས་ཐེངས་འདིའི་ལས་འགུལ་གྱི་བརྒྱུད་རིམ་རེ་རེ་བཞིན་ངོ་སྤྲོད་གནང་རྗེས། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་ཕེབས་བསུའི་སྣེ་ལེན་གནང་སྟངས་སོགས་ལ་ཐུགས་རྗེ་ཆེ་ཞེས་གསུངས་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་འདུག ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་སློབ་གྲྭ་ནས་མགོ་འཛུགས་ཀྱིས་རཱ་རྗེའི་གྷེ་ཏྲི་ཞེས་པའི་བདག་ཉིད་ཆེན་པོ་གྷན་དྷིའི་སྐུ་ཕུང་བཞུགས་གནས་བར་གོམ་བགྲོད་བྱས་ཏེ། བདག་ཉིད་ཆེན་པོ་གྷན་དྷིའི་སྐུ་ཕུང་གི་གཤམ་དུ་མེ་ཏོག་གི་ཕྲེང་བ་རེ་རེ་བཞིན་ཕུལ་ཞིང་། སྐར་མ་ ༣༠ ཙམ་རིང་སྨོན་ལམ་གསུང་སྐབས། ཐེ་ཝན་གྱི་གསར་འགོད་པ་ཞིག་དང་། རྒྱ་གར་གྱི་གསར་ལས་ཁང་ཞིག་གི་གསར་འགོད་པ་བཅས་ཀྱི་དྲི་བར་ལན་འདེབས་སོགས་བྱས་ཡོད་འདུག

 

དགེ་འདུན་པ་བརྒྱའི་སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་།

 

དགེ་འདུན་པ་བརྒྱའི་སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་།

 

དགེ་འདུན་པ་བརྒྱའི་སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་།

 

དགེ་འདུན་པ་བརྒྱའི་སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་།

 

དགེ་འདུན་པ་བརྒྱའི་སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་།

 

དགེ་འདུན་པ་བརྒྱའི་སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་།

 

དགེ་འདུན་པ་བརྒྱའི་སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་།

 

དགེ་འདུན་པ་བརྒྱའི་སེར་སྦྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་།

 

བཞུགས་སྒར་ཀིརྟི་གྲྭ་ཚང་གི་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༣ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. རོང་རྒྱལ་ཐང༌། says:
    ལོ་ 15 སྔོན།

    ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢ གཟའ་ཟླ་བའི་ཕྱི་དྲོ་ཆུ་ཚོད་དྲུག་པའི་སྟེང༌། དྷ་ས་མདོ་སྨད་ས་གནས་རྒྱུན་ལས་ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་མེག་ལོར་རླངས་འཁོར་ས་ཚིགས་སུ་གོ་སྒྲིག་འགོ་འཛུགས་གནང་ཞིང༌། སེར་སྐྱ་མི་དམངས་གང་མང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་མཇུག་སྡོམ་ཐོག མདོ་སྨད་དབུས་རྒྱུན་ཚོགས་གཞོན་མགོན་པོ་དོན་གྲུབ་ལགས་ནས་ལས་འགུལ་འདི་སྤེལ་བའི་དགོས་དམིགས་གསལ་བཤད་དང༌། དྷ་ས་ས་གནས་མགོ་འཛིན་རྡོ་རྗེ་སྒྲོལ་མ་ལགས་ནས་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང༌། དེ་བཞིན་དྷ་ས་མདོ་སྨད་ས་རྒྱུན་དྲུང་ཆེ་མགོན་པོ་སྐྱབས་ལགས་ནས་ཐུགས་རྗེ་ཆེ་ཞེས་གསུང་བཤད་དང་འབྲེལ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་དེ་མཇུག་སྒྲིལ་ཡོད་འདུག གནས་ཚུལ་མཁོ་གཏོང་བ་འབྲོང་དར་རྒྱས་ཀྱིས།

    Reply
  2. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    གོང་གི་གོམ་བགྲོད་ཀྱི་པར་དེ་དག་འཇལ་སྐབས་ངོ་མས་སེམས་སྟེང་ནས་དགའ་སྐྱོ་འདྲེས་མའི་མིག་མཆི་དང་ངུ་སྐད་ཞིག་དབང་མེད་དུ་ཤོར་འགྲོ་ཀི ཁོ་ཚོའི་སྙིང་སྟོབས་དང་བློ་སྤོབས་། ལྷག་བསམ་དང་རྒྱལ་ཞེན་དེ་ཇི་འདྲའི་བརྗིད་ཡང་།

    Reply
  3. GYAMTSO says:
    ལོ་ 15 སྔོན།

    ཇོ་རིན་པོ་ཆེ་མཁྱེན། རྒྱལ་གཅེས་ལྷག་བསམ་ཆན་ཆུ་ཐེགས་སྔོན་མོས་གསུངས་སྟངས་ལ་ཉན་ན་ལྔ་བཅུ་ལྔ་དགུ་ལོའི་ལོ་རྒྱུས་དྲན་ཡོང་གི། ཨ་མདོར་དམག་རྒྱབ་དུས་ཁམས་པའི་ལྟད་མོ་བལྟས། ཁམས་ལ་དམག་རྒྱབ་དུས་དབུས་གཙང་གི་ལྟད་མོ་བལྟས། དབུས་གཙང་ལ་དམག་རྒྱབ་ཡོང་དུས་ལྟད་མོ་ལྟ་མཁན་ཚར་པ་རེད། རྒྱལ་བཙོང་མཁན་ཚོས་ལས་དོན་འགྲུབ་པ་རེད། དེང་སང་ཡང་ཆོལ་གསུམ་ཛ་དྲག་གི་སྐབས་འདིར་རྒྱ་དགའ་རེ་ཟུང་གི་དངོས་ཤུགས་རྒྱུད་གསུམ་ནས་བོད་མི་མང་ལ་ཞབས་འདེབས་ཞུ་ཀི་ཡ།

    Reply
  4. donglokyima says:
    ལོ་ 15 སྔོན།

    གོམ་འགྲོད་དེ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བར་བཀྲིས་བདེ་ལེགས་ཞུ། ད་དུང་དགེ་སྐྱོན་རོབ་ཙམ་བརྗོད་ན་འདོད། གོམ་འགྲོད་དེ་ཀརྟིའི་གྲྭ་པ་ཁེ་གཙང་མ་ཡིན་པར་བཞུགས་སྒར་ཁུལ་གྱི་དགེ་འདུན་པ་རིས་མེད་བཞུགས་དགོས། རྔ་པའི་གཞོན་སྐྱེས་ཀྱིས་སྐོམ་ཆུ་དང་ཁ་བཏགས་སྐྱེལ་བ་མ་ཡིན་པར་བོད་ཆོལ་གསུམ་གྱི་གཞོན་སྐྱེས་ཡོང་དགོས། རྡེ་ར་ལྡུན་མདོ་སྨད་ས་རྒྱུན་སླེབས་ཐུབ་སར་མདོ་སྟོད་དང་དབུས་གཙང་སླེབས་ཐུབ་པ་དགོས་ངེས། རྗེས་ཕྱོགས་ལས་འགུལ་གང་སྤེལ་ཡང་ཆོལ་གསུམ་རིས་མེད་ཀྱིས་སྤེལ་རོགས། བོད་ནང་དུ་དམ་སྒྲགས་ཆེ་དྲགས་ནས་གཅིག་ལན་གཅིག་ལ་ག་ལ་འཕྲོད་ཐུབ། ད་དུང་བོད་ཀྱི་དུས་བབ་དང་ཁྱེད་རྣམ་པས་ལྡི་ལིའི་ཟས་བཅད་ངོ་རྒོལ་སྐོར་གསར་འགྱུར་སྤེལ་རོགས།

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།
    ༡༽བདེན་པ་བོར་བའི་མུན་ནག་ཚོ་ཇི་ལྟར་རྔམ་མཐུག་ནའང་།སང་ཉིན་གྱི་སྐྱ་རེངས་ནི་གནམ་འོག་གི་སྒྲོན་མེ་ཚུལ་དུ་ཡོད་པས།སྟོན་པ་ཤཱཀྱ་ཐུབ་པ་དང་།སྟོན་པ་ཏཱ་ལའི་བླ་མ།གནམ་འོག་གི་བདེན་པའི་དྲང་སྲོང་མཁན་པོ།ཁྱེད་ཅག་གི་ཕེབས་ལམ་ན་འོད་མདངས་ཀྱི་མེ་སྟག་མཆེད་པས།རེ་བས་ཁེངས་ཤིང་།ཡིད་ཆེས་ཀྱི་མྱོས་བའི་ང་ཚོས།མུན་ནག་གི་ངོ་གདོང་སྟུག་པོ་ཞིག་རལ་ཕྱིར།རྨོངས་མུན་གྱི་འཇིག་རྟེན་སྐྱ་བོ་ཞིག་སངས་ཕྱིར།གནམ་སྔོན་པོ་དབང་དུ་བཞག་སྟེ།ལྷ་ཆེན་པོར་གོང་བཀུར་བྱེད།
    ༢༽མི་ལོ་ལྔ་བཅུའི་སྔོན་དུ་ཕམ་ཉེས་སུ་གྱུར་བའི་གདོང་དམར་གྱི་བོད་པ་ཚང་།དེ་རིང་གཅིག་རྗེས་གཉིས་སུ་མཐུད་པའི་ལ་རྒྱ་དང་ཀི་སྒྲས་གསོན་ཡོད་པས།བདེན་པ་དང་ལས་འབྲས་ནི་བཅོས་ཐབས་མེད་པའི་གནམ་གྱི་རྒྱལ་མོའི་བཀའ་ཡིག་ཅིག་མ་ཡིན་ནམ།ཀི་བསྭོ་འཐེན་པའི་དཔའ་རྒོད་ཚོ།ལ་བརྒྱའི་བདག་པོ་བུ་རྒོད་ཚོ།རེ་བ་དང་ཡིད་ཆེས་ཀྱི་གསོན་མིག་ཁྲོད་ནས།ཁྱོད་དང་ང་ཚོའི་དམ་ཚིག་གི་ཕྱིར་ཏུ།བྲག་རི་བཞིན་བརྟན་པའི་ཆོད་སེམས་གཙང་མ་ནི།མི་རིགས་ཤིག་གི་རེ་སྙེག་ཏུ་ཕུལ་བའི་ལེགས་སྐྱེས་མ་ཡིན་ནམ།
    ༣༽མེ་མདའ་དང་མཚོན་ཆ་ཐོགས་པའི་མཁྲེགས་འཛིན་རིང་ལུགས་པ་ཚོ།ཁེར་རྐྱང་གི་རི་སུལ་ཞིག་ཏུ་ངར་ངར་གྱིས་འཚོ་ནའང་།གནམ་འོག་གི་ཕྲ་མཐོང་རྒྱང་ཤེལ་ལ་དབང་བཙན་པས།གླེན་པའི་ཁ་དོག་་ལྐུགས་པའི་ཨུ་ཚུགས།སྡར་མའི་དཔའ་རྟགས་སོགས་མི་ཆོས་རིང་ལུགས་པས་ཀྱང་གད་སྙིགས་ཡིན་པས།དྲང་སྲོང་ཚོའི་ལམ་སྟོན་ཁྲོད་དུ།སྙིང་རྗེ་དང་།བཟོད་བསྒོམ།བྱམས་པ་དང་།བརྩེ་སེམས་ལ་ནུས་ཤུགས་ཡོད་པར་གསུང་བ་མ་ཡིན་ནམ།
    ༤༽གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།འདུ་ཤེས་མེད་པའི་མི་བུ་ནི་འཚོ་གནས་ཙམ་ཞིག་ཡིན་མོད།རེ་བ་ཡོད་པའི་ཉིན་མོ་ནི་མི་རབས་གསར་བའི་གོམ་སྒྲ་ཡིན།གོམ་སྒྲ་དང་གོམ་སྒྲར་མཐུད་པའི་བདེན་དོན་གྱི་ཆེད་དུ།སྙིང་ཁྲག་འདི་ས་ལ་འཕོ་དགོས་ཀྱང་།མགོ་བོ་འདི་རྡོ་ལ་བརྡབས་དགོས་ཀྱང་།ཝ་རྔ་མ་ཤ་ལེ་འབྲོ་བ་ལས།སྟག་འཛུམ་དྲུག་ཉིལ་ལེ་ཤི་ན་དགའ་བའི་བརྟན་ཚུགས་དང་རང་གཤིས་ནི་རྩམ་གཟན་ཕ་མེས་ཚོའི་རྣམ་ཤེས་མ་ཡིན་ནམ།
    ༥༽གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།རི་བོའི་ཕ་རོལ་ན་རྣམ་ཤེས་ཀྱི་རེ་སྒུག་མང་།གངས་རིའི་ཕར་རྒྱབ་ཏུ་གསེར་མདོག་གི་རྨི་ལམ་འཕྲོས།འདི་དག་ནི་ང་ཚོར་ལྐུལ་ལྕག་དང་།འདི་དག་ནི་ང་ཚོར་འབོད་པ་མ་ཡིན་ནམ།གངས་རིའི་ཚེ་སྲོག་དང་ལ་རྒྱའི་མགོ་འཕང་ནི་གནམ་འོག་གི་བདག་པོ་མ་ཡིན་ནམ།གནམ་སྔོན་པོ་གཙུག་ཏུ་བཀུར་ཏེ།ས་ཆེན་པོ་དབང་དུ་བཞག་ནས་དྲང་བདེན་དང་།རང་དབང་།འདྲ་མཉམ།ཆིག་སྒྲིལ།གུ་གཤངས་ཀྱི་ལམ་དུ་ཤར་བསྐྱོད་བྱེད་རྒྱུ་ནི་ངའི་དཔའ་རྒོད་ཚོས་བཞག་པའི་གཏན་ཚིགས་མ་ཡིན་ནམ།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཧཧཧ་་་ཁ་སང་ཅན་དྷི་སྒར་ལ་སླེབས་ཡོད་པ་རེད་ཟེར་་་དེ་རིང་ལྡི་ལིར་འབྱོར་འདུག་་་་་མགྱོགས་པོ་འདུག་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese