མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཀྱི་རྗེས་སུ་འབྲང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཐད་འཕུར་གནམ་གྲུའི་གོད་ཆག་འོག་རྐྱེན་འདས་སུ་སོང་སྟེ་ཉིན་ཤས་རྗེས་ཏེ། ཁ་སང་ས་གནས་ཉེན་རྟོག་པས་ཁོང་ཉིད་ཀྱི་ཕུང་བོ་དང་གནམ་གྲུའི་ཆག་རོ་སོགས་རྙེད་སོན་བྱུང་འཕྲལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་གཞུང་བཀའ་ཤག་གཉིས་ཀྱིས་ཁ་སང་འདས་པོའི་ཆེད་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་འདུག

འཚམས་འཕྲིན་དེའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་འདས་གྲོངས་སུ་ཕྱིན་པར་བློ་ཕམ་ཆེན་པོ་བྱུང་། དེ་རིང་གནས་ཚུལ་གསལ་པོ་ཆགས་སྟབས་ང་ཚོས་ཐུགས་གསོའི་འཚམས་འཕྲིན་འདི་ཕུལ་བ་ཡིན། གཞི་རྩའི་ཆ་ནས་བོད་དང་ཨ་རུ་ན་ཅལ་གཉིས་བར་ལོ་རྒྱུས་ཐོག་འབྲེལ་བ་ཤུགས་ཆེན་ཡོད་པར་མ་ཟད། ལྷག་པར་དུ། བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས་སུའང་ཨ་རུ་ན་ཅལ་དང་བཙན་བྱོལ་བོད་གཞུང་བར་འབྲེལ་བ་བྱུང་ཡོད་ལ། མངའ་སྡེའི་དཔོན་རིགས་ཚོའི་ངོས་ནས་བཙན་བྱོལ་བོད་མིའི་གནས་སྟངས་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད།

མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ལ་མཚོན་ན་མངའ་སྡེའི་བློན་ཆེན་མ་ཆགས་གོང་བོད་མི་ཚོར་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་ཞིང་། མངའ་སྡེའི་བློན་ཆེན་དུ་བསྐོ་གཞག་བྱས་རྗེས་༧གོང་ས་མཆོག་མངའ་སྡེར་གདན་ཞུ་དང་། ཁོ་རང་རྒྱུན་དུ་༧གོང་ས་མཆོག་དང་ཆོས་འབྲེལ་ཟབ་མོ་ཡོད། དེར་བརྟེན། བོད་གཞུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ཁོང་གི་ནང་མི་དང་ཨ་རུ་ན་ཅལ་མངའ་སྡེའི་མགོ་ཁྲིད། མི་མང་བཅས་ཚང་མར་ཐུགས་གསོ་ཞུ་རྒྱུ་ཡིན་ལ། མ་འོངས་པར་ཡང་ཨ་རུ་ན་ཅལ་གཞུང་དང་བཙན་བྱོལ་བོད་མིའི་བར་གྱི་འབྲེལ་བ་དེ། ཁོང་གིས་ལམ་བཟང་སྲོལ་གཏོད་གནང་པ་དེའི་རྗེས་སུ་འབྲང་རྒྱུ་ཡིན། ཞེས་བཀོད་ཡོད།

བོད་གཞུང་བཀའ་ཤག་གི་འཚམས་འཕྲིན་ནང་། ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཉེ་ཆར་སྟབས་མ་ལེགས་པར་ཐད་འཕུར་གནམ་གྲུ་ལས་ཟགས་ཏེ། སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བར་བློ་ཕམ་ཚད་མེད་བྱུང་། ཁོང་ནི་ལོ་ན་གཞོན་པའི་གཞུང་དྲང་གི་མངའ་སྡེའི་དབུ་ཁྲིད་ཅིག་ཡིན་པར་མ་ཟད། ཁོང་གིས་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་སྐབས་ཨ་རུ་ན་ཅལ་མང་ཚོགས་དང་ས་ཁུལ་དེར་ཡོད་པའི་བོད་མི་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད། ཁོང་གིས་ལས་ཡུན་རིང་མངའ་སྡེ་ཧ་ཅང་ཞི་བདེ་དང་ཡར་རྒྱས་ཆེན་པོ་བྱུང་ཡོད།  ཁོང་འདས་གྲོངས་སུ་ཕྱིན་པ་དེར་བོད་པ་དང་ཨ་རུ་ན་ཅལ་ཡུལ་མི་རྣམས་ལ་གོད་ཆག་ཆེན་པོ་བྱུང་ཡོད་སྟབས། ང་དང་ངའི་བཀའ་བློན་ལས་རོགས་ཚོས་སེམས་ཚོར་ཆེན་པོས་ཨ་རུ་ན་ཅལ་མི་མང་དང་། དམིགས་བསལ་ཁོང་གི་ནང་མི་སྐུ་འཁོར་བཅས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད་འདུག

དཔལ་ལྡན་གྱིས་བསྡུས།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༣ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 10

  1. བྱང་ཆུབ། says:
    ལོ་ 15 སྔོན།

    དང་པོ་གནམ་གྲུ་ཟགས་པ་རེད་དེ་ནས་ཁོང་གནམ་གྲུ་ལས་ཟགས་པ་རེད་དེར་སོང་གོང་གི་བཀའ་སྤྱི་གཉིས་ཀའི་གསུང་པ་བདེན་པ་རེད་ད་ཧ་གོ་སོང་བས།

    Reply
  2. བྱང་ཆུབ། says:
    ལོ་ 15 སྔོན།

    གོང་གི་བཀའ་སྤྱི་གཉིས་ཀའི་གསུང་པ་བདེན་པ་རེད། གང་ལ་ཞེས་ན་དང་པོ་གནམ་གྲུ་ཟགས་པ་རེད་དེ་ནས་ཁོང་གནམ་གྲུ་ལས་ཟགས་པ་རེད་དེར་སོང་བཀའ་སྤྱི་གཉིས་ཀའི་གསུང་པ་བདེན་པ་རང་རེད་ཞུ་ཡ་ཡིན།

    Reply
  3. ཅང་མེད། says:
    ལོ་ 15 སྔོན།

    ཁོང་གི་ནང་མི་དང་མོན་རྟ་བང་ཀྱི་མི་མང་ཡོངས་ལ་གུས་འདུད་གྲངས་མེད་ཞུ།

    མིག་ནས་ཆུ་མ་འཐོར་བཞིན་་་མ་ཎི་འུར་འདོན་བྱེད།

    Reply
  4. ཀུན་རྡོར། says:
    ལོ་ 15 སྔོན།

    འཇིགས་རྟེན་མི་རྟགས་འཁོར་བའི་ཆོས་ཉིད་རེད།།
    དལ་འབྱོར་སྙིང་བོ་ལེན་པར་མ་རེམ་ན།།
    མི་དབང་སྟོབས་ཆེན་ཡིན་ཡང་འདི་ལྟ་བུར།།
    བར་དོའི་ཕྲེང་རིང་འགྲིམ་པ་ཀྱེེ་མ་ཧུད།།
    ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྡོ་རྗེ་མཁའ་འགྲོ་ལགས་ནི།

    རྡོ་ལ་རི་མོ་བྲིས་པ་ལྟར། །
    རྗེ་བཟང་མངའ་འོག་བུ་ལྟར་བསྐྱངས། །
    མཁའ་ལ་ཐད་འཕུར་གནམ་གྲུ་ནང་། །
    འགྲོ་དོན་ཕེབས་དུས་དུས་ལས་འདས།

    མོན་གྱི་རྟ་དབང་མི་རིགས་དང་། །
    དེར་སྡོད་བོད་རིགས་མི་མང་གིས། །
    བློ་ཕམ་ཕངས་སེམས་ཆེན་པོའི་ཐོག །
    འདས་མཆོད་སྨོན་ལམ་གང་ཤེས་མཛད། །

    དལ་རྟེན་ཐོབ་པར་ངེས་སོ་སྙམ། །

    ཨོྃ མཎི པདྨེ ཧཱུྃ། །

    Reply
  6. ཀུན་རྡོར། says:
    ལོ་ 15 སྔོན།

    གནམ་གྲུ་ཟགས་པ་ཡིན་ན་གནམ་གྲུ་ལས་ཟགས་པ་གང་ཡིན་ཡང་ཁྱད་པར་མི་འདུག རླབ་ཆེན་ཀྱི་མི་དེ་འདྲ་ཞིག་འདས་གྲོང་སུ་སོང་ཡོད་པར་ཐོས་པས་བློ་ཕམ་ཆེན་པོ་བྱུང་སོང་། ཁོང་གི་ནང་མི་དང་ཨ་རུ་ན་ཅལ་མངའ་སྡེ་གཙོས་ཁོང་གི་སྐུ་ཡུས་མོན་རྟ་བང་སོགས་ལ་གདུངས་སེམས་མཉམ་སྐྱེད་ཡོད།
    ཁོང་སྐུ་གྲོང་སྟངས་གི་རིམ་པ་དེ་རང་ག་ཞིག་ཡིན་རྒྱུ་མ་རེད་གནས་ཚུལ་ཤེས་མཁན་རེ་ཡོད་ན་བྲི་རོགས་གནང་།

    Reply
  7. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    གནམ་གྲུ་ལྷུང་ཞིང་དེའི་མཚུངས་གནམ་གྲུ་ལས་ཀྱང་ལྷུང་ན་་་ད་གང་བཤད་ཀྱང་ཆོག་ག
    གང་ལྟར་་ཆག་སྒོ་འདི་་ཇི་ལྟར་བྱུང་ཚུལ་གསལ་རྟོགས་བྱ་རྒྱུ་གལ་ཆེ། བསམ་པ་བཟང་ན་ལམ་ཡང་བཟང་བར་ངེས། དགེ་བ་རེ་སྔོས།

    Reply
  8. བསྟན་འཇམ། says:
    ལོ་ 15 སྔོན།

    གནམ་གྲུ་དང་བློན་ཆེན་གཉིས་ཟགས་འདུག སར་ལྷུང་དུས་བློན་ཆེན་གནམ་གྲུར་ནང་ནས་ཕྱི་ལ་ཟགས་འདུག གནམ་གྲུ་ཟགས་པ་དང་གནམ་གྲུར་ནང་ནས་ཟགས་ཀ་གོ་བ་འགྲེལ་ན་མ་འགྲིག་པ་མི་འདུག་སྙམ །

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གནམ་གྲུ་ཟགས་པ་ཡིན་རྒྱུ་རེད་གོ གནས་ཚུལ་ཐོན་གསལ་བྱས་ན། ཁ་སང་གནམ་གྲུའི་ཆག་རོ་དང་། རྡོ་རྗེ་མཁའ་འགྲོའི་འགྲོ་རོགས་བཅས་ཀྱི་ཕུང་པོ་མཉམ་དུ་རྙེད་སོན་བྱུང་ཡོད་རབས་བཤད་འདུག

    Reply
  10. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    གནམ་གྲུ་ཟགས་པ་རེད་དམ་གནམ་གྲུ་ལས་ཟགས་པ་རེད། སྤྱི་འཐུས་ཀྱིས་གནམ་གྲུ་ཟགས་ཞེས་བྲིས་འདུག་ལ་བཀའ་ཤག་གིས་གནམ་གྲུ་ལས་ཟགས་ཞེས་བྲིས་འདུག དོན་ངོ་མར་འདི་གཉིས་ཀའི་གང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese