མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁོང་ལ་ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་དེ་བོད་སྤྱི་དོན་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བཀའ་ཁྲིའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་སྐུ་ཞབས་བློ་བཟང་སེང་གེ་ལ་འཚམས་འདྲི་བྱས་ཟིན་ལ། ང་ཚོ་ཚང་མས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པ་དེ་བོད་སྤྱི་བའི་ལས་དོན་རེད། ཐེངས་འདིའི་འོས་བསྡུ་ལ་ཁྱོན་ཡོངས་ནས་བལྟས་ན་ཡག་པོ་བྱུང་སོང་། ཞེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་གསུངས་སོང་།

ཟླ་ ༥ ཚེས་ ༡ ཉིན་ཨ་རིའི་བྱང་ཁ་ལས་ཧྥོ་ནས་ཡའི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་གནང་མཁན་ཁོང་གི་གྲོགས་པོ་ཚོགས་པ་དང་། བོད་ཀྱི་ཆེད་དུ་ལངས་མཁན་མི་བཞི་ཞེས་པ་གཉིས་ཀྱི་གོ་སྒྲིག་འོག བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་མགྲོན་འབོད་ཀྱིས་འོས་བསྡུའི་མཐའ་མའི་གྲུབ་འབྲས་དང་འབྲེལ་བའི་བོད་མི་བརྒྱ་སྐོར་ཞིག་འདུ་འཛོམས་གནང་སོང་། ཐེངས་འདིའི་འདུ་འཛོམས་གོ་སྒྲིག་གནང་མཁན་གྲས་ཀྱི་དཀོན་མཆོག་བཀྲ་ཤིས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྙན་སྒྲོན་དང་འབྲེལ་བཤད་དོན། མི་འགའ་རེས་ད་ལོ་ཁྱོད་ལ་བྲེལ་བ་ཆེན་པོ་འདུག་ལ་ཁ་པར་གཏོང་བ་དང་ཡར་མར་བརྒྱུགས་ནས་དཀའ་ལས་རྒྱག་གི་འདུག་ཟེར་ནས་རྣམ་འགྱུར་སྟོན་མཁན་བྱུང་ལ། ངའི་ལས་ཀ་འདི་དག་ཚང་མ་བོད་སྤྱི་དོན་དང་ལྷག་པར་དུ་ང་ཚོས་ངོས་ནས་བཀའ་ཁྲི་འོས་ཤོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཐོང་གི་ཡོད་པ་རེད། འདི་སྤྱི་དོན་རེད་མ་གཏོགས་སྒེར་དོན་མ་རེད། དེ་བཞིན་སྐུ་ངོ་བཀྲས་མཐོང་ལགས་ཀྱིས་རྒྱབ་སྐྱོར་བ་ཚོའི་རེ་བ་དང་ལེན་བྱས་ཏེ་འོས་བསྡུའི་ནང་ཞུགས་པར་ཐུགས་རྗེ་ཆེ་ཞུ་བ་མ་ཟད། ང་ཚོ་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་མཁན་ཚང་མས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་སྐུ་ཞབས་བློ་བཟང་སེང་གེ་ལའང་འཚམས་འདྲི་དང་རྒྱབ་སྐྱོར་གཙང་མ་ཡོད་ཅེས་བཤད་སོང་།

དེ་རྗེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསུང་བཤད་གནང་སྟེ་འོས་བསྡུའི་སྐོར་ལ། ང་ལ་འོས་བསྡུའི་ཁྲོད་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། ངོས་ནས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་སྐུ་ཞབས་བློ་བཟང་སེང་གེ་ལ་འཚམས་འདྲི་བྱས་ཟིན་ཞིང་། ང་ཚོ་ཚང་མས་ཁོང་ལ་རྒྱབ་སྐྱོར་གནང་དགོས་པ་དེ་བོད་སྤྱི་བའི་ལས་དོན་གལ་ཆེན་ཞིག་དང་། ཁྱོན་ཡོངས་ནས་བལྟས་ན་ཐེངས་འདིའི་འོས་བསྡུ་འདི་སྔར་དང་མ་འདྲ་བར་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་གནང་སྟེ་འོས་བསྡུ་ཡག་པོ་བྱུང་སོང་ཞེས་བརྗོད་སོང་།

ཁོང་གིས་འོས་བསྡུའི་ཁྲོད་ནས་སྒེར་གྱི་བསམ་ཚུལ་གསུང་དོན། ང་ལ་ཐོག་མའི་ཆར་བཀའ་བློན་ཁྲི་པ་ཆགས་ན་བསམ་པ་དེ་འདྲ་མེད། འོན་ཀྱང་ཚོགས་སྒེར་མང་པོས་རེ་བ་བཏོན་པ་བཞིན་དང་ལེན་བྱས་པ་རེད་ལ། ངས་རྒྱ་ཆེན་པོ་ཞིག་བྱ་རྒྱུ་ཡིན་ཞེས་ཁས་ལེན་ཡང་བྱས་མེད། རྒྱལ་ཁ་མ་ཐོབ་ནའང་སེམས་ཕམ་དེ་འདྲ་གང་ཡང་མ་བྱུང་ལ། གོ་སྐབས་བྱུང་ན་ཐེངས་འདིའི་བཀའ་ཁྲིའི་འོས་མི་ཚོར་བལྟས་ན་དེ་དག་ལས་ལྷག་ཅིག་བྱེད་ཐུབ་པའི་གདེང་ཚོད་དང་སྤོབས་པ་ཞིག་ཀྱང་སྐྱེས་སོང་ཞེས་བརྗོད་སོང་།

དེ་བཞིན་ཁོང་གིས་འོས་བསྡུའི་ཁྲོད་བོད་པའི་སྤྱི་ཚོགས་ཐད་གསུང་དོན། ང་ཚོའི་སྤྱི་ཚོགས་སུ་ཉར་བསྡད་པའི་ཆོལ་ཁའི་ཕྱོགས་རེས་དང་སྐུ་དྲག་གི་མི་རྒྱུད་ཟེར་བ། དེ་བཞིན་མི་རབས་གསར་རྙིང་གི་གནད་དོན་སོགས་ཀྱི་ཐད་ལྟ་སྟངས་ཤིག་ཡོད་བསྡད་པ་དེ་དག་འོས་བསྡུའི་ཁྲོད་མངོན་སུམ་དུ་གྱུར་ཏེ། སྤྱི་ཚོགས་དྲང་བདེན་གྱི་ལམ་དུ་བསྐྱོད་པར་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་བཞིན་འདུག གནད་དོན་འདི་དག་ང་ཚོ་དངོས་སུ་ཐོན་ཏེ་ཕན་ཚུན་བགྲོ་གླེང་དང་གོ་བསྡུར་གནང་སྟེ་གསལ་བོ་བཟོ་ཐུབ་ན། ང་ཚོའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ཡག་ཏུ་འགྲོ་བར་ཕན་ཐོགས་ཡོང་གི་རེད་ཅེས་བརྗོད་སོང་།

ཁོང་གིས་རྒྱ་གར་ནང་གི་བོད་པའི་གཞིས་ཆགས་འགའི་ཐད་གསུང་དོན། ཨ་རུ་ན་ཅལ་ཁོངས་ཀྱི་བོད་པའི་གཞིས་ཆགས་ཁག་གི་གནས་སྟངས་གང་ཅིའི་ཐད་ནས་ཧ་ཅང་གི་སྐྱོ་བོ་རེད་ལ། ས་གནས་ཡུལ་མིའི་སྤྱོད་པ་རྩུབ་པོ་དང་། དོན་མེད་ལ་ཐུབ་ཚོད་མང་པོ་མྱོང་གི་ཡོད་ཚོད་འདུག དེ་བཞིན་ལ་དྭགས་ཁུལ་གྱི་བོད་མི་གཞིས་ཆགས་མང་ཆེ་བ་ཡར་རྒྱས་གང་ཡང་ཕྱིན་པ་མ་ཟད། སྔོན་མའི་འབྲོག་པའི་འཚོ་བ་སྐྱེལ་སྟངས་དེ་རང་འཇགས་བསྡད་འདུག་ལ། ལ་དྭགས་སླེ་ས་ཁུལ་དུ་བོད་མི་གང་འཚམས་ཡོད་ཀྱང་མང་ཆེ་བ་གཡོག་ལས་རྐྱང་རྐྱང་བྱས་ནས་བསྡད་འདུག འདི་དག་གི་ཐད་ང་ཚོའི་བསམ་བློ་གཏོང་དགོས་པ་ཞིག་རེད་ལ། ང་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་མཁན་ཚོར་དམིགས་བསལ་འགན་ཞིག་ཡོད་པ་རེད། ཅེས་བརྗོད་སོང་།

མཇུག་ཏུ་ཁོང་གིས་སྡོམ་གྱི་ཚུལ་དུ་གསུངས་དོན། ཐེངས་འདིའི་འོས་བསྡུའི་ཁྲོད་རྒྱལ་ཁ་མ་ཐོབ་ན་ཡང་། ང་ཚོའི་ལས་ཀ་བྱེད་སྟངས་ཚུལ་དང་མཐུན་པ། ཕྱི་གསལ་ནང་གསལ་ཡག་པོ་བྱུང་སོང་ཞེས་བརྗོད་མཁན་མང་པོ་བྱུང་ལ། དེ་ལྟར་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཆོག་གི་རེད། དེའི་སྒང་ནས་ང་ཚོ་ལ་རིན་ཐང་ཞིག་བསླེབས་ཡོད་པ་རེད་ལ། རིན་ཐང་དེ་ང་ཚོའི་གྲུབ་འབྲས་རེད་ཅེས་བརྗོད་ཆོག་གི་རེད། ཅེས་བརྗོད་སོང་།

གནས་ཚུལ་མཁོ་གཏོང་བ་ཟླ་བ་ཆོས་འཛོམས།

མཆན། 1

  1. བཟོད་པ་ལྷ་རྩེ། says:
    ལོ་ 12 སྔོན།

    ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གི་འོས་བདེམས་བྱས་པའི་བཀའ་སྤྱི་གཉིས་ལ་གནང་རྒྱུ་ཐུགས་ཐག་བཅད་ནས་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་རིམ་པ་རྒྱུད་ནས་ཐུགས་ཐག་བཅད་པ་ནི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཟུར་དུ་བསྐོས་ཡོད་པ་དང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཕྱག་ལས་གཙོ་བོ་ད་ཡོད་བཅའ་ཁྲིམས་ནང་འཁོད་ཡོད་པའི་༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་དང་འབྲེལ་བ་ཡོད་པའི་དོན་ཚན་ཁག་ལ་བསྐྱར་བཅོས་དང་མཁོ་བསྡུ་གནང་ཕྱོགས་ཟིན་བྲིས་སྤེལ་ཏེ་ཕྱི་ཟླ་ལྔ་བའི་ནང་མི་མང་ཚོགས་ཆེན་ཆེན་མོ་གཏན་འབེབས་གནང་རྒྱུ་ཡིན་ཀྱང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནས་སྐལ་མེད་སར་སྐེ་སྲིང་ནས་དྲང་བདེན་མིན་པའི་ཀྱག་ཀྱོག་ལམ་ནས་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བ་མེད་པའི་བཅའ་ཁྲིམས་ཀྱི་སྡེ་ཚན་འགའ་རེ་ལ་རང་འདོད་ཁོ་ནས་བསྐྱར་བཅོས་བྱ་རྒྱུའི་ཟིན་བྲིས་ཤིག་ཀྱང་སྤེལ་ཡོད་པ་ཁ་སང་ཨེ་ཤའི་རླུངས་འཕྲིན་གྱི་ལྟར་མེད་ལས་རིམ་ནང་བགྲོ་གླེང་ཞིག་བྱས་སོང་། བགྲོ་གླེང་དེར་མཉམ་ཞུགས་གནང་མཁན་ད་ཡོད་མདོ་སྟོད་སྤྱི་འཐུས་སེར་རྟ་ཚུལ་ཁྲིམས་ལགས་དང་། དབུས་གཙང་སྤྱི་འཐུས་གསར་པ་ཤར་གླིང་ཟླ་སྒྲོན་ལགས། བཀའ་ཁྲི་སྔོན་འགྲོའི་འོས་མཉམ་ཞུགས་པ་ཕུར་བུ་རྡོ་རྗེ་ལགས། དེ་སྔ་བོད་གཞུང་གི་དྲུང་ཆེ་གནང་མྱོང་བའི་བླ་མ་དབང་འདུས་རྒྱལ་མཚན་ལགས་རིམ་གཙོ་སྐྱོངས་བ་ཚེ་བརྟན་རྡོ་རྗེ་སོགས་བགྲོ་གླེང་ཧ་ཅང་འཁྲུག་པོ་ཞིག་གནང་སོང་། བགྲོ་གླེང་ཐོག་མཉམ་ཞུགས་གནང་བའི་མི་སྣ་དེ་དག་གི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་དབང་ཚད་དང་། ལས་འགན་སོགས་ལ་བགྲོ་གླེང་དང་། སྐྱོན་བརྗོད་ཀྱང་ནན་མོ་ཞིག་གནང་སོང་། སྐྱོན་བརྗོད་གནང་ཡུལ་གཙོ་བོ་ནི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་གཏན་འབེབས་མཛད་པའི་ཟིན་བྲིས་ནང་བཀའ་བློན་ཕྱག་རོགས་བདེམས་ཕྱོགས་དང་བཀའ་བློན་གྱི་ལས་ཡུན་སོགས་ལ་དེ་སྔའི་བཅའ་ཁྲིམས་ལ་གསལ་འཁོད་ཡོད་པ་ཞིག་ལ་བསྒྱུར་བ་ཞིག་བཏང་ཡོད་པ་དེའི་བསྐོར་ལ་རེད་འདུག དེ་ཡང་བསྒྱུར་བ་བཏང་ཕྱོགས་ནི་དེ་སྔ་བཅའ་ཁྲིམས་ནང་བཀའ་བློན་སུ་འདྲ་ཞིག་ཡིན་ཀྱང་ལས་ཡུན་ནི་ཐེངས་གཉིས་ལས་གནང་མི་ཆོག་པ་དང་། བཀའ་བློན་ཕྱགས་རོགས་ཡང་བཀའ་ཁྲིའི་མིང་འདོན་བྱས་པའི་གང་ཟག་རྣམས་ལ་སྤྱི་འཐུས་གྲོས་ཚོགས་ནས་རྒྱབ་བསྐྱོར་ངེས་ཅན་ཞིག་ཐོབ་དགོས་པ་མཁོད་ཡོད་ཀྱང་། དེར་བསྒྱུར་བ་བཏང་ནས། ཟིན་བྲིས་ནང་བཀའ་ཁྲི་བ་དང་ཕྱག་རོགས་བཀའ་བློན་གྱི་ལོ་དུས་ཡུན་ཚད་མེད་པ་བཟོས་ཡོད་པ་དང་། བཀའ་བློན་ཕྱག་རོགས་དེ་ཡང་བཀའ་བློན་ཁྲི་བའི་གང་བསྐོས་ལས་སྤྱི་འཐུས་ལྷན་ཚོགས་སུ་བགྲོ་གླེང་འགྲོ་མི་དགོས་པ་སོགས་བཟོས་ཡོད་པ་དེའི་བསྐོར་རེད་འདུག ཁོང་རྣམས་ནས་བཀའ་ཁྲི་ལ་ལས་ཡུན་གྱིས་དུས་ཚོད་ཡོད་པ་དེ་ནི་མང་གཙོའི་རྒྱལ་ཁབ་སྤྱི་བགྲོས་བཞིན་ཡིན་པ་དང་ད་དུང་སྤྱི་འཐུས་ལ་ཡང་ལས་ཡུན་ངེས་ཅན་ཞིག་བཟོ་དགོས་ཡོད་པ་དང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ལས་ཡུན་ཧ་ཅང་ཐུང་ཐུང་དེ་འདྲ་ཞིག་ལ་ཧ་ར་ཧུ་རེ་བྱས་བཅའ་ཁྲིམས་ལ་བཟོས་བཅོས་བཏང་བ་ནི་འོས་བཞིན་མཚམས་པ་ཞིག་མིན་པའི་བསྐོར་གསལ་པོ་གསུང་སོང་བྱས་ན་དྲ་གྲོགས་ཁྱོད་རྣམས་ལ་དགོངས་ཚུལ་དང་མ་འོངས་བོད་ཀྱི་མདུན་ལམ་ཆེད་ཐབས་ལམ་གསར་པ་གང་ཡོད་དམ་ཞེས་ངས་དྲི་བ་འདྲི་བཞིན་ཡོད། ཞུ་དག་བྱ་ལོང་མ་བྱུང་བས་དག་ནོར་དང་བཏགས་ནོར་ཡོད་ན་དགོངས་པ་མ་འཛོམས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist