མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ཝན་གྱི་བློ་འཚབ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp
 

 ཐེ་ཝན་སྲིད་འཛིན་མ་ཡཱན་ཅིག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡིག་ཆའི་ནང་།ཐེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱས་པར་རྒོལ་གཏམ་བསྒྲགས་འདུག  

ཕྱི་ཚེས་༡༠ཉིན་ཐེ་ཝན་སྲིད་འཛིན་མ་ཡཱན་ཅིག་གིས་ཆེད་དུ་གསར་འགོད་གསལ་བསྒྲགས་ཤིག་ཚོགས་ཏེ། རྒྱ་ནག་གི་ལྐོག་གཡོ་ངན་ཇུས་དང་དངོས་ཤུགས་བརྒྱུད་གསུམ་གྱི་གནོན་ཤུགས་ལ་བརྟེན་ནས།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐེ་ཝན་སྲིད་བྱུས་ཀྱི་ཐད་མངོན་ལྐོག་རྒྱབ་མདུན་གྱི་ལས་ཀ་སྒྲུབ་པར་སྐྱོན་བརྗོད་བྱས་ཡོད་པར་མ་ཟད། ཐེ་ཝན་ཕྱི་འབྲེལ་ལྷན་ཁང་དང་འཕྲོད་བསྟེན་སྡེ་ཁག་ལ་བཀའ་རྒྱ་བཏང་སྟེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱ་གཞུང་གཉིས་ལ་ངོ་རྒོལ་ཤུགས་ཆེན་བྱེད་དགོས་པར་ནན་སྐུལ་བྱས་འདུག
ཐེ་ཝན་སྲིད་འཛིན་མ་ཡཱན་ཅིག་གིས་བརྗོད་དོན།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཕྱི་ལོགས་ལ་ཡོངས་གྲགས་སུ་༼ ཀྲུང་ཧྭ་ཐེ་པའེ ༽ཞེས་འབོད་ཞོར་དུ། ནང་ཁུལ་ཡིག་ཆའི་ནང་༼རྒྱ་ནག་ཐེ་ཝན་ཞིང་ཆེན༽ཞེས་བཀོད་པ་དེ་ནི། དོན་དངོས་གནས་ལུགས་དང་མཐུན་ཐབས་བྲལ་བའི་མངོན་ལྐོག་རྒྱབ་མདུན་གྱི་བྱེད་ཐབས་སྐྱུག་བྲོ་བ་ཞིག་རེད་ཅེས་བརྗོད་འདུག  
ད་དུང་ཁོས་གསར་འགོད་གསལ་བསྒྲགས་དེའི་སྐབས། ཁོ་རང་ཐེ་ཝན་གྱི་སྲིད་འཛིན་ཡིན་པའི་ངོས་ཐད་ནས།  སྤྱི་ཚོགས་ཀྱི་གར་སྟེགས་ག་འདྲ་ཞིག་ཏུ་ཞུགས་ཀྱང་རུང་།ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་བདག་དབང་བརྟན་སྲུང་དང་།ཐེ་ཝན་གྱི་བདེ་འཇགས་ལ་འགན་ལེན།དེ་བཞིན་ཐེ་ཝན་མི་དམངས་ཀྱི་རང་བརྩི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས་ངེས་ཆགས་ཡོད་ལ། གཞན་ཡང་།  ཁོས་ཐོག་མར་ཐེ་ཝན་སྲིད་འཛིན་གྱི་ལས་ཁུར་ལེན་སྐབས་ཀྱང་། གལ་སྲིད་རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ཐེ་ཝན་ལ་གནོན་ཤུགས་སྤྲད་པ་ཡིན་ན།མཚོ་འགག་གཉིས་ཀྱི་འབྲེལ་བ་ཡར་རྒྱས་ཡོང་ཐབས་བྲལ་བའི་སྐོར་རྒྱ་གཞུང་ལ་གསལ་བཤད་བྱས་ཡོད་སྐོར་བསྐྱར་དུ་ནན་བརྗོད་བྱས་འདུག     
 ཕྱི་ལོ་༢༠༠༥ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱ་གཞུང་གཉིས་བར་ཐེ་ཝན་གྱི་གནས་བབ་ཐད་ཡོངས་གྲགས་མ་ཡིན་པའི་གསང་བའི་འཆར་ཟིན་ཡིག་ཆ་ཞིག་བཞག་ཡོད་པ་དང་། ༢༠༠༩ལོར་རྒྱ་ནག་གི་མོས་མཐུན་ཡོད་པའི་སྒོ་ནས། ལྟ་རྟོག་ཚོགས་ཞུགས་པའི་མིང་ཐོག་ནས་ཐེ་ཝན་ཐོག་དང་པོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁྲོད་མཉམ་ཞུགས་ཐུབ་པ་བྱུང་ཡོད།  ཡིན་ནའང་།གནས་བབ་ག་འདྲ་ཞིག་གི་སྟེང་ནས་མཉམ་ཞུགས་ཐུབ་མིན་གྱི་དོགས་གཞི་དེ་ནི།ཐེ་ཝན་ནང་ཁུལ་ཏུའང་བློ་འཚབ་བྱ་ཡུལ་ཞིག་ཆགས་ཡོད་མོད། མ་ཡཱན་ཅིག་སྲིད་གཞུང་གིས་ད་ལྟའི་བར་དེའི་ཐད་ཡོངས་གྲགས་ཀྱི་གསལ་བཤད་ཅི་ཡང་བྱས་མེད།ཉེ་སྔོན་ཡིག་ཆའི་ནང་བཀོད་ཡོད་པའི་ཐེ་ཝན་གྱི་གནས་བབ་ཕྱིར་བསྒྲགས་བྱུང་རྗེས། མ་ཡཱན་ཅིག་སྲིད་གཞུང་གི་ངོས་ནང་ཀྱང་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།  
ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་ངོས་ནས། ཐེ་ཝན་གྱིས་རྒྱ་ནག་གཅིག་གི་ལངས་ཕྱོགས་དང་།ཧོང་ཀོང་གི་གནས་བབ་དང་གཅིག་མཚུངས་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བྱ་འགུལ་ཁྲོད་ཞུགས་པ་དེ་ནི། རྒྱལ་ཁབ་ཀྱི་གོ་བབ་བློ་གཏོང་གིས་ཧོང་ཀོང་དང་ཨོ་མཱན་གྱི་གནས་བབ་ལྟ་བུར་བསྒྱུར་བ་ཞིག་ཆགས་ཡོད་ལ། གལ་སྲིད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ངོས་འཛིན་དེ་ཡོངས་གྲགས་ཆགས་ཚར་རྗེས།བསྐྱར་དུ་རྒྱལ་ཁབ་ཀྱི་གནས་བབ་རྩོད་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན་པས་བློ་འཚབ་ཆེན་པོ་ཡོད་ལུགས་བརྗོད་འདུག

 སྤྱི་ཚོགས་དཔྱད་བརྗོད་པ་དག་གིས་ཀྱང་།ཐེངས་འདིའི་གནས་ཚུལ་གྱིས་ཐེངས་རྗེས་མིའི་ཐེ་ཝན་སྲིད་འཛིན་འགྲན་རྩོད་ཁྲོད། མ་ཡཱན་ཅིག་ལ་བསྐྱར་དུ་སྲིད་འཛིན་རྒྱལ་ཁ་ཐོབ་རྒྱུར་འགོག་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པར་ངོས་འཛིན་བྱས་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 1

  1. གནས་ཚང་། says:
    ལོ་ 15 སྔོན།

    གོ་ཐོས་ཡིན་ན། རྒྱ་རྒན་འདིའི་ཕ་རྒན་གྲོངས་ཁར་ཁ་ཆེམས་གཅིག་ཡོད་པ་ནི་རྒྱ་ནག་གཅིག་གྱུར་ཡོང་རྒྱུ་དེ་ཡིན་པས། རྒྱ་རྒན་འདིས་ཐའེ་ཝན་གཡོ་ཚོང་བྱེད་ཞོར་འཁྲབ་སྟོན་སྣ་ཚོགས་བྱེད་ཀྱིན་པ་ནི་ཚང་མ་ལོས་ཤེས་དགོས་པ་ཞིག་རེད་ལ། རང་རེའི་ཁ་བ་ཅན་ལ་མི་འདི་འདྲ་ཡོད་མེད་ལའང་ཞིབ་གཤེར་དག་ཐེར་གནང་རུང་དུ་བཤད་ཆོག་པར་སྣང་། ཚང་མ་ལོས་བཤད་ན་དེ་འདྲ་ཞིག་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese