མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་རྩ་གནད་གཉིས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༥ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་སྟེང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་བོད་རྒྱ་འབྲེལ་མོལ་སྐོར་ལ་ལན་འདེབས་བཅར་འདྲི་ཞིག་སྤེལ་འདུག་ལ།  བཅར་འདྲི་དེ་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་དྲ་བ་སོགས་སུའང་བརྒྱུད་འགོད་བྱས་འདུག  བཅར་འདྲི་དེའི་ནང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཀྱིས་རྒྱ་གཞུང་ལ་སྤྲད་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ ཡིག་ཆ་དེ་རྒྱ་གཞུང་གིས་སྐབས་ཐོག་དེར་ཕྱིར་སློག་ཟིན་ནའང་།  བཙན་བྱོལ་གཞུང་གིས་རྒྱ་ནག་དབུས་གཞུང་གི་བརྡ་ལན་ལ་སྒུག་ཡོད་སྐོར་མ་ཡིན་ཡིན་མདོག་བསྟན་དེ། ད་ལྟའི་བར་རང་གཞན་གཉིས་ཀར་མགོ་སྐོར་གཏོང་བཞིན་ཡོད་ཚུལ་དང་། རྒྱ་གཞུང་གི་ཕྱོགས་ནས་བོད་ཀྱི་གནད་དོན་དང་། བོད་ཆེན་པོའི་ས་ཁུལ་རང་སྐྱོང་ཟེར་བ་ཞིག་རྩ་བ་ནས་གྲོས་མོལ་བྱ་མི་སྲིད་པའི་སྐོར་བསྐྱར་ཟློས་བྱས་འདུག      

ལན་འདེབས་བཅར་འདྲི་དེའི་ནང་ཀྲུའུ་ཝེ་ཆོན་གྱིས་བརྗོད་དོན།  འབྲེལ་མོལ་གྱི་ཐད་རྒྱ་གཞུང་ལ་རྩ་གནད་གཉིས་ཡོད་དེ། གཅིག  ཕར་ཕྱོགས་ཀྱི་ཐོབ་ཐང་ནི་ཏཱ་ལའི་བླ་མ་སྐུ་སྒེར་གྱི་འཐུས་ཚབ་ཁོ་ན་ལས།  གཞན་༼བཙན་བྱོལ་གཞུང་༽ དེར་སུ་ཞིག་གིས་བཀའ་བློན་གྱི་འགན་འཁུར་ཡང་རུང་། དེ་དག་ཚང་མ་ནི་རྒྱ་གཞུང་མེས་རྒྱལ་ལ་ངོ་ལོག་པའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁག་ཅིག་ལས་མ་འདས་པས།  ཁྲིམས་མཐུན་གྱི་ངོ་བོ་མེད་པར་མ་ཟད།  རྒྱ་གཞུང་དང་གྲོས་མོལ་གྱི་ཐོབ་ཐང་གང་ཡང་མེད།  གལ་སྲིད་བཙན་བྱོལ་གཞུང་གིས་བསྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ཕན་ཚུན་གདོང་ཐུག་སྐབས་ག་དུས་ཡིན་ཡང་ཁོ་ཚོ་བཙན་བྱོལ་གཞུང་གི་འཐུས་ཚབ་ཡིན་ཞེས་བརྗོད་ཐུབ་ཀྱིན་མི་འདུག་ལ།  རྒྱུན་པར་ཕྱིར་ལོག་རྗེས་བཙན་བྱོལ་གཞུང་གི་འཐུས་འཚབ་ཡིན་མདོག་གིས་རྒྱལ་སྤྱིའི་སྒང་ལ་རྫུན་གཏམ་ཤོད་ཀྱིན་འདུག  དེ་ནི་འབྲེལ་མོལ་ལ་བསམ་ངན་ཞེ་བཅངས་ཀྱིས་གཏོར་བཤིག་བཏང་བ་ཞིག་རེད།  གཉིས། འབྲེལ་མོལ་གྱི་ནང་དོན་ནི་ཏཱ་ལའི་བླ་མའི་གནད་དོན་ཁོ་ན་དང་། ཆེས་མང་ནའང་ཁོའི་ཉེ་འཁོར་གྱི་མི་ཉུང་ཤོས་ཤིག་གི་མདུན་ལམ་གནད་དོན་ཡིན།  ཡང་གཅིག་བཤད་ན། ཏཱ་ལའི་བླ་མས་ཅི་ལྟར་ཁ་བྲལ་རིང་ལུགས་པའི་ལངས་ཕྱོགས་དང་བསམ་འདུན་རྨང་ནས་དོར་ཏེ། རྒྱ་གཞུང་དང་རྒྱ་ནག་མི་མང་གི་བསམ་ཤེས་ཐོབ་ཐུབ་ལ་བརྩོན་རྒྱུ་དང་། ཁོ་རང་སྐུ་སྒེར་གྱི་གནད་དོན་ཅི་ལྟར་ཐག་གཅོད་མིན་ཡིན། ཅེས་བརྗོད་འདུག 

གཞན་ཡང་། ལན་འདེབས་བཅར་འདྲི་དེའི་ནང་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོང་རྫོགས་མི་མང་གིས་བདམས་པའི་དབུ་ཁྲིད་དག་ལ་རྩིས་སྤྲོད་བྱས་པའི་རྗེས། རྒྱ་གཞུང་གི་ཕྱོགས་ནས་བོད་རྒྱ་འབྲེལ་མོལ་ཐད་འགྱུར་བ་ཡོད་མེད་སྐོར་ལ། ཀྲུའུ་ཝེ་ཆོན་གྱིས་གོང་བཀོད་རྩ་གནད་གཉིས་ལ་འགྱུར་བ་མེད་ཚུལ་དང་། ཕྱི་རྒྱལ་བ་ཉུང་ཤེས་ཤིག་གིས་མ་སྐུལ་དང་བླང་གི་སྒོ་ནས་འབྲེལ་མོལ་ཁྲོད་མཉམ་ཞུགས་བྱས་ཏེ་བར་གནས་པ་ཞིག་བྱ་འདུན་འཆིང་གི་འདུག  བོད་ཀྱི་གནད་དོན་ཡོད་ཚད་རྒྱ་གཞུང་གི་ནང་སྲིད་གནད་དོན་ཡིན་པས། ཕྱི་རྒྱལ་བའི་ཐེ་ཇུས་དང་ལག་པ་བསྐྱང་ས་མེད་པ་དང་།  ད་དུང་། ཁོས་པོ་ཏ་ལ་དང་བོད་ཀྱི་དགོན་སྡེ་ཁག་གི་གསེར་དོག་དང་བཟོ་བཀོད་ཀྱི་རྣམ་པ་ཚང་མ་རྒྱ་ནག་ནང་གི་བཟོ་བཀོད་དང་གཅིག་འདྲ་ཡིན་ལ། བོད་ཀྱི་རི་མོ་དང་བརྐོས་རིས། གླུ་གར། སྨན་རྩིས། ཆོས་ལུགས་སོགས་ལའང་རྒྱའི་རིག་གནས་ཀྱིས་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་ཡང་བརྗོད་འདུག 

ཚེ་རིང་རྒྱལ་གྱིས་བསྡུས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 5

  1. བསྟན་འཛིན་ཆོས་འཕེལ། says:
    ལོ་ 15 སྔོན།

    དེ་སྔོན་ཟམ་གདོང་བླ་མ་དང་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་ཀྱིས་གསུངས་པ་བཞིན་། ང་ཚོའི་བོད་པའི་གནས་བབ་འདི་ལོ་འགའི་རིང་གི་ཚར་འགྲོ་བ་ཞིག་མིན་པ་མ་ཟད། དེ་ཐག་གཅོད་བྱེད་པ་ལ་རྒྱའི་དཔོན་པོ་འདི་ཚོ་དང་མི་འདྲ་བར་ཕུགས་རྒྱང་ཅན་དང་ཆོད་སེམས་ཅན་ཞིག་ལ་རེ་སྒུག་བྱས་ན་དེ་འདྲ་ཡོང་མི་སྲིད་པ་མིན། ལྷག་པར་བཀའ་ཁྲི་མཆོག་གིས་དེ་སྔོན་གསར་འགོད་གསལ་བསྒྲགས་ཤིག་ཏུ། ང་ཚོ་བོད་པའི་འཐབ་རྩོད་འདི་ལོ་བརྒྱའི་རིང་དུ་བསྡད་ཀྱང་གྲ་སྒྲིག་སྐོར་གསུངས་ཡོད་དོ། འོན་ཀྱང་གྲ་སྒྲིག་དེ་མི་རེ་ལ་རེ་རེ་དགོས་པར་སེམས་སོ། །

    Reply
  2. བསྟན་འཛིན་ཆོས་འཕེལ། says:
    ལོ་ 15 སྔོན།

    རྒྱ་རྒས་དེའི་རྫུན་འཛུམ་ལ་ཅིག་ལྟོས་དང། གཡོ་སྒྱུ་ཆེ་ཞིང་་ངན་སེམས་ལྡན་ལ། སྙིང་རྗེ་མེད་ཅིང་ཆོད་སེམས་ཀྱང་མེད་པ་ཞིག་ངས་མཐོང་གི་འདུག། (ངས་ངོ་མ་མཐོང་གི་འདུག།)
    དེ་སྔོན་ཟམ་གདོང་བླ་མ་དང་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་ཀྱིས་གསུངས་པ་བཞིན་། ང་ཚོའི་བོད་པའི་གནས་བབ་འདི་ལོ་འགའི་རིང་གི་ཚར་འགྲོ་བ་ཞིག་མིན་པ་མ་ཟད། དེ་ཐག་གཅོད་བྱེད་པ་ལ་རྒྱའི་དཔོན་པོ་འདི་ཚོ་དང་མི་འདྲ་བར་ཕུགས་རྒྱང་ཅན་དང་ཆོད་སེམས་ཅན་ཞིག་ལ་རེ་སྒུག་བྱས་ན་དེ་འདྲ་ཡོང་མི་སྲིད་པ་མིན། ལྷག་པར་བཀའ་ཁྲི་མཆོག་གིས་དེ་སྔོན་གསར་འགོད་གསལ་བསྒྲགས་ཤིག་ཏུ། ང་ཚོ་བོད་པའི་འཐབ་རྩོད་འདི་ལོ་བརྒྱའི་རིང་དུ་བསྡད་ཀྱང་གྲ་སྒྲིག་སྐོར་གསུངས་ཡོད་དོ། འོན་ཀྱང་གྲ་སྒྲིག་དེ་མི་རེ་ལ་རེ་རེ་དགོས་པར་སེམས་སོ། །

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ཚེ་རྒྱལ་ལགས། ཁྱེད་ཀྱིས་ཀྲུའུ་ཝེ་ཆོན་གྱི་དྲིས་ལན་རྣམས་བསྡུ་སྒྲིག་བྱས་པས་དགའ་བྱུང་ལ། དེ་རྒྱ་ཡིག་ལས་བོད་ཡིག་ཏུ་ཅུང་མི་འདྲ་བར་དོན་ཚན་དྲུག་གི་རྣམ་པར་ཐོན་འདུག

    དོན་ཚན་དྲུག་ལ་ང་ཚོས་ཞིབ་ལྟ་བྱས་པ་ཡིན། ཡིན་ནའང་དེར་རྩ་གནད་གཉིས་ཡོད་པ་ནི། གོང་དུ་དྲངས་པ་དེ་གཉིས་མིན་པར་སྙམ། གོང་གི་རྩ་གནད་གཉིས་སུ་བཏགས་པ་འདི་འཆར་ཅན་ལྟ་བུ་ཡིན་པས་བརྒྱུད་རིམ་མང་པོའི་ནང་དོན་དངོས་རང་བཞིན་གྱི་ལན་འདེབས་བྱས་ཚར་བ་རེད། དཔེར་ན་འཚོགས་ལ་ཉེ་བའི་ཚོགས་ཆེན་སྐོར་གྱི་བརྗོད་གཞིའི་མཚོན་ཐུབ་པ་ཞིག་རེད།
    ༡ ངས་མཐོང་བ་ལྟར་བྱས་ན། བློན་ཆེན་གྱིས་སྔ་མོར་བོད་དུ་དཔུང་འཇུག་བྱེད་པའམ་ཞི་བས་བཅིངས་འགྲོལ་གཏོང་རྩིས་བྱས་སྐབས་ནས་རྒྱ་གཞུང་རང་གིས་༼ ་བོད་ཀྱི་དམིགས་བསལ་གནས་བབ་༽ ཅེས་པ་ཁས་བླངས་པའི་ནང་དོན་དང་བསྡུར་ན། ད་ཐེངས་རྒྱབ་འགལ་ཚད་ལས་བརྒལ་བ་ཞིག་བྱས་འདུག་པ་རྩ་གནད་གཅིག་དང་།
    ༢ འབྲེལ་མོལ་སྐོར་གྱི་ངོས་འཛིན་ཁྲོད་ལམ་དབུ་མའི་ཐབས་ལམ་འཚེ་བ་མེད་པར་བསྐྱོད་དགོས་དོན་ནི། ༧གོང་ས་མཆོག་ལ་འཚེ་བ་བྱེད་པའི་ནུས་ཤུགས་འདང་ངེས་མེད་པ་ལས་ཀུན་སློང་མེད་པ་མིན་ཞེས་རྩ་གནད་གཉིས་བཤད་འདུག།

    འདི་ནི་བོད་མི་ཚང་མས་བསམ་བློ་གཏོང་དགོས་ས་ཞིག་རེད་ལ། ཚོགས་ཆེན་གྱི་སྐབས་ཀྱི་རྒྱ་ནག་གི་བློ་ཁོག་འདི་ཅུང་གཟབ་ནན་གྱིས་བསམ་བློ་གཏོང་དགོས་ས་ཞིག་མིན་ནམ་སེམས། གསར་འགྱུར་ཀྱང་དེ་བཞིན་གནད་འགག་འཇུས་ནས་བསྡུ་སྒྲིག་བྱེད་དགོས་པ་མིན་འགྲོ་བསམས།

    ང་ཚོས་ཀྱང་དུས་བསྟུན་ལན་འདེབས་བྱེད་ངེས་ཡིན།

    Reply
  4. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་དང་རྒྱ་ནག་གིས་བོད་པ་ཚང་གི་མ་འོང་པའི་ལམ་ཁ་ལ་ལྟ་ཚུལ་ནི་ཕྱི་གསལ་ནང་གསལ་བཟོས་འདུག
    དེ་ལ་བོད་པའི་ཆབ་སྲིད་པ་དང་རྩོམ་པ་པོ་རྣམས་ནས་རྣམ་དཔྱོད་དང་ལྡན་པའི་ལན་རེ་བྲིས་དགོས་པ་ནི་འོས་འགན་རེད། ནང་ཁུལ་རྩོད་ལན་ལ་ཤིན་ཏུ་མཁས་པའི་རྩོམ་པ་པོ་དང་ཆབ་སྲིད་པ་རྣམས་ཕེབས་ཤོགས།
    གཞོན་ནུས་ཚོགས་པ་གཙོས་པའི་ཚོགས་པ་ཁག་དང་བོད་པ་ཡོད་དོ་ཅོག་གིས་གྲ་སྒྲིག་བྱ་རྒྱུའི་དུས་ལ་སླེབས་འདུག།

    Reply
  5. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་དང་རྒྱ་ནག་གིས་བོད་པ་ཚང་གི་མ་འོང་པའི་ལམ་ཁ་ལ་ལྟ་ཚུལ་ནི་ཕྱི་གསལ་ནང་གསལ་བཟོས་འདུག
    དེ་ལ་བོད་པའི་ཆབ་སྲིད་པ་དང་རྩོམ་པ་པོ་རྣམས་ནས་རྣམ་དཔྱོད་དང་ལྡན་པའི་ལན་རེ་བྲིས་དགོས་པ་ནི་འོས་འགན་རེད། ནང་ཁུལ་རྩོད་ལན་ལ་ཤིན་ཏུ་མཁས་པའི་རྩོམ་པ་པོ་དང་ཆབ་སྲིད་པ་རྣམས་ཕེབས་ཤོགས།
    གཞོན་ནུས་ཚོགས་པ་གཙོ་པའི་ཚོགས་པ་ཁག་དང་བོད་པ་ཡོད་དོ་ཅོག་གིས་གྲ་སྒྲིག་བྱ་རྒྱུ་དུས་ལ་སླེབས་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese