མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེ་ལགས་རྡ་སར་ཕེབས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp
མ་འོངས་པར་བོད་ཀྱི་རང་དབང་སླར་གསོ་དང་༸གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུས་ཏེ། བོད་ལ་སྐྱིད་པའི་ཉི་མ་འཆར་བར་འབད་བརྩོན་བྱ་རྒྱུའི་དམ་བཅའ་ཡོད་ཟེར།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་། མ་འོངས་སྐབས་གསུམ་པའི་བཀའ་ཁྲིའི་འོས་ཐོབ་པ་བློ་བཟང་སེང་གེ་མཆོག་ཀང་ར་གནམ་ཐང་དུ་ཕེབས་འབྱོར་བྱུང་སོང་ལ། དེ་གར་རྒྱ་གར་དང་བོད་པའི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་རྗེས།  ཆེད་དུ་ཁོང་ལ་ཕེབས་བསུར་བཅར་བའི་བོད་མི་རྣམས་ཀྱི་བསུ་མའི་ཁྲོད། བཙན་བྱོལ་བོད་གཞུང་གི་བསྟི་གནས་རྡ་རམ་ས་ལར་ཕེབས་ཡོད་ལ། འདི་ནི་ཁོང་ལ་སྐབས་གསུམ་པའི་བཀའ་ཁྲིའི་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་རྗེས་རྡ་སར་ཕེབས་པ་ཐོག་དང་པོ་ཆགས་ཡོད། 
བློ་བཟང་སེང་གེ་མཆོག་གིས་གསར་འགོད་པའི་བཅར་འདྲིར་ལན་འདེབས་སྐབས་གསུང་དོན། དེ་རིང་གནམ་གཤིས་ཡག་པོ་འདུག་ལ་སེམས་ཚོར་ཀྱང་སྤྲོ་བོ་བྱུང་། ད་ཐེངས་རྡ་སར་བཅར་དོན་གཙོ་བོ་ནི་དམིགས་བསལ་ཚོགས་ཆེན་དང་གྲོས་ཚོགས་ཚོགས་འདུར་བཅར་རྒྱུ་དེ་ཡིན། དེ་ནས་ཟླ་གཅིག་རིང་རྡ་སར་བསྡད་དེ་ལྷན་ཁང་ཁག་ཚང་མའི་འགྲོ་སྟངས་རྟོགས་ཆེད་འབྲེལ་འདྲིས་དང་འབད་བརྩོན་གནང་རྒྱུ་ཡིན། དེ་རྗེས་ཕྱིར་ཨ་རིར་ལོག་ཏེ་ཝ་ཤིན་ཌོན་ཌི་སི་རུ་༸གོང་ས་མཆོག་གི་དུས་འཁོར་དབང་ཆེན་ལ་བཅར་རྒྱུ་ཡིན།  དེ་ནས་བདུན་ཕྲག་གསུམ་ཙམ་གྱི་རྗེས་ལ་ཕྱིར་རྡ་སར་ལོག་ཡོང་གི་ཡིན་ལ། ཕྱི་ཟླ་ ༨ པའི་ཟླ་དཀྱིལ་ཙམ་ནས་དངོས་སུ་ལས་ཁུར་བྱ་རྒྱུ་ཡིན། ཞེས་གསུངས་སོང་། 

ཡང་གསར་འགོད་པས་ཁོང་གི་དམིགས་ཡུལ་དང་ལས་དོན་གཙོ་བོ་གང་ཡིན་སྐོར་དྲིས་པར། ཁོང་གིས་ངའི་ཐོག་མའི་དམིགས་ཡུལ་དང་པོ་ནི་བོད་ཀྱི་རང་དབང་སླར་གསོ་བྱ་རྒྱུ་དང་། ༸གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་ཞུ་བྱ་རྒྱུ་དེ་ཡིན། དེ་བཞིན། བོད་གཞུང་དང་རྒྱ་གར་གཞུང་བར་གནའ་སྔ་མོ་ནས་ཡོད་པའི་མཛའ་འབྲེལ་དེ་མུ་མཐུད་རྒྱུན་གནས་དང་། ལྷག་པར་ཏུ་རྒྱ་གར་མི་མང་གིས་སྔར་ལས་ལྷག་པར་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བར་འབད་བརྩོན་གནང་གི་ཡིན། ཅེས་དང་། ཁྱེད་རང་ཡང་རྒྱ་གར་བ་ཞིག་རེད། ཁྱེད་ཀྱིས་གསལ་བོ་མཁྱེན་གསལ་ལྟར། དེ་སྔོན་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་ཆེན་པོ་མ་ཧ་གྷན་གྷི་མཆོག་རྒྱ་གར་མི་མང་གི་སྐུ་ཚབ་ཏུ་བསྐོས་པའི་ཉིན་དང་པོར། ཁོང་ལ་ཡང་ཁྱེད་ཀྱི་དྲི་བ་འདི་གཅིག་པ་གཅིག་རྐྱང་དྲིས་པ་རེད། སྐབས་དེར་མ་ཧ་གྷན་གྷི་མཆོག་གིས་ཀྱང་། དབྱིན་ཇི་གཞུང་དང་རྒྱ་གར་བར་གྱི་འཐབ་རྩོད་དེ་སེལ་ཐུབ་རྒྱུར་ཁོང་ཉིད་ཀྱི་ངོས་ནས་གང་ཐུབ་ཅི་ཐུབ་འབད་བརྩོན་བྱ་རྒྱུའི་དམ་བཅའ་ཡོད་ཅེས་གསུངས་པ་རེད། ང་རང་ངོས་ནས་ཀྱང་བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་རྒྱུར་འབད་བརྩོན་གནང་རྒྱུའི་དམ་བཅའ་ཡོད། ཚང་མར་ཐུགས་རྗེ་ཆེ། ཞེས་གསུངས་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 16

  1. གངས་ཆབ། says:
    ལོ་ 12 སྔོན།

    སྐུ་ཉིད་དྷ་སར་ཕེབས་འདུག་པ་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་དང་།མ་ཚད་བྱ་བ་ལམ་འགྲོ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  2. ལྕགས་སྤྲེལ། says:
    ལོ་ 12 སྔོན།

    དུས་བབ་རྩོམ་བསྒྲིག་པ་ལགས་བདག་གི་མཆན་ད་དུང་ཡང་མཐོང་བ་མེད་པ་ལས་ངན་གང་ཞིག་གི་འབྲུས་བུ་ལགས་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    དྷ་སར།
    དཀོན་མཆོག་གསུམ་འཛོམས།
    རྩ་གསུམ་གསུམ་འཛོམས།
    དམ་བཅའ་གསུམ་འཛོམས།
    གངས་སེང་གསུམ་འཛོམས།
    ཆོལ་ཁ་གསུམ་འཛོམས།
    དྷ་སའི་གསུམ་མདོར།
    སྣེ་ལེན་གསུམ་འཛོམས།
    བཀྲ་ཤིས་གསུམ་འཛོམས།
    གནས་ཚུལ་གསུམ་འཛོམས།
    འདུག་ལགས། །

    Reply
  4. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 12 སྔོན།

    བོད་ཀྱི་ ༧སྐྱབས་མགོན་ཏཱ་ལིའི་བླ་མའི་རྗེས་འཛིན་པ་དང།
    བོད་མི་རིགས་ཀྱི་རླབས་ཆེན་གྱི་མཚོན་རྟགས་་་གཞོན་སྐྱེས་
    མཁས་དབང་བློ་བཟང་སེང་གེ་མཆོག་་བོད་ཀྱི་རྒྱལ་ས་གཉིས་པ་རྡ་སར་
    བཀའ་ཁྲིའི་འོས་ཐོབ་པར་ཐེངས་དང་པོ་ཕེབས་པ་དང་མཉམ་དུ།
    བཀའ་མོལ་ཐོག་མ་སྟེ་་་༧གོང་ས་མཆོག་བོད་དུ་གདན་འདྲེན་དང།
    བོད་རང་དབང་སླར་གསོ་ཞེས་པའི་བརྗིད་ཉམམ་ཅན་གྱི་བཀའ་མོལ་
    འདི་ང་ཡི་རྣ་་བར་ལྷུང་མ་ཐག་ཏུ་་མིག་ནས་མིག་ཆུ་ལྡང་ལ།
    ལུས་ཀྱི་བ་སྤུ་ཡང་ལྡང་སོང།
    ཁོང་ལ་བྱ་ལམ་འགྲོ་ཡོང་བའི་སྨོན་ལམ་རྟག་ཏུ་༔དེབས་

    Reply
  5. བསྟན་འཛིན་འཕགས་པ། says:
    ལོ་ 12 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་སྡ་ས་ཕེབས་པ་འཚམས་འདྲི་ཞུ་།
    མཁས་དབང་ཁྱེད་ཀྱིས་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་།

    Reply
  6. liyulbu says:
    ལོ་ 12 སྔོན།

    སྐབས་གསུམ་པའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་འཚམས་འབྲི་དང་། ་སྐུ་ཉིད་ཀྱི་བྱ་བ་ལམ་འགྲོ་དང་བསམ་དོན་ལྷུན་གྱི་འགྲུབ་པའི་བཀྲིས་སྨོན་འདུན་ཞུ།

    Reply
  7. བསྟན་འཛིན་ཆོས་འཕེལ། says:
    ལོ་ 12 སྔོན།

    ཁོས་དེ་ལྟར་དམ་བཅའ་མང་པོ་བཞག་པ་དེས་ཅི་ཞིག་མཚོན་ཞེ་ན། བོད་མི་རིགས་ལ་ཡིད་ཆེས་ཡོད་པ་མཚོན་། མ་གཏོགས་ཁོང་གཅིག་བུས་དམར་པོ་རི་འདྲ་འདྲ་དེ་ཇི་ལྟར་བསྒྲིལ་ནུས་སམ། ཁོང་གིས་བཞག་པའི་དམ་བཅའ་དེ། ང་ཚོ་ལ་དགོས་པའི་ནོར་བུ་ཡིན་པས། བོད་མགོ་ནག་ཚང་མས་དེ་བཞིན་དུ་མནོ་བསམ་ནན་པོ་བཏང་ཏེ་ཆིག་སྒྲིལ་ལ་འབད་དགོས། ཁོང་གིས་བོད་དོན་དང་འབྲེལ་བའི་བྱ་བ་ཅི་ཚང་མ་དགེ་ཞིང་ལམ་ལྷོང་ཡོང་བའི་སྨོན་འདུན་གྲངས་མེད་ཞུང།

    Reply
  8. རྨེ་སྨྱོན། says:
    ལོ་ 12 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀྲིས་བདེ་ལེགས་ཞུ། ཁྱེད་ཀྱི་ལས་དོན་ལ་བྱ་ལམ་ལྷོང་ཡོང་བའི་རེ་བ་དང་སྨོན་འདུན་ཞུ མ་ཟད་ཚང་མས་མཁྱེན་དགོས་པ་ཞིག་ལ་ཁོང་གི་སྐད་ཆ་རྫིག་པོ་བཤད་ཀྱི་འདུག ལས་དོན་གང་འདྲ་ཡོང་མི་ཤེས་ཟེར་བ་སོགས་ནི་རང་གི་འགན་མི་ཁུར་བའི་རྟགས་རེད། ཁོང་གིས་གསུངས་པ་དེ་ཚོ་ངོ་མ་ཁ་ཡོད་ལག་ཡོད་ཕན་ཐོག་པ་ཞིག་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད་ན། ཁོང་གི་ཕྱག་ལས་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་དགོས། དེ་མིན་ཁོང་མི་གཅིག་གི་གུང་ཁྲན་ཏང་ལ་ཁ་གཏད་གང་འདྲ་གཅོག་དགོས་རེད། དེ་ཚོ་ལ་ཐུགས་སེམས་བཞེས་རོག་གནང་།

    Reply
  9. ཉི་ཟླ་སྐར་གསུམ། says:
    ལོ་ 12 སྔོན།

    སྐད་ཆ་བཤད་སྟང་དང་བག་དྲོ་པོ་འདུག་། ཡིན་ཡང་གནད་ཆེ་བ་དང་རྙོག་འཛིང་ཆེ་བའི་ནང་དུ་ཞེ་ནས་འགྲོ་རྒྱུ་རེད་། དེ་དུས་རྣམ་དཔྱོད་དང་སྙིང་སྟོབས་ཇི་ཙམ་འདུག་ལྟ་རྒྱུ་ཡིན་།
    ལས་དོན་ལམ་ལྷོང་ཡོང་བའི་རེ་བ་ཆེན་པོ་ཡོད་།།

    Reply
  10. བེ་རུ་བཀྲ་ཤིས says:
    ལོ་ 12 སྔོན།

    མ་འོངས་སྐབས་གསུམ་པའི་བཀའ་ཁྲིའི་འོས་ཐོབ་པ་བློ་བཟང་སེང་གེ་མཆོག བཀྲ་ཤིས་བདེ་ལེགས། བྱ་བ་ལམ་འགྲོ་ཡོང་པར་ཤོག བོད་རྒྱལ་ལོ།

    Reply
  11. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    དམ་བཅའ་གསུམ་ལྡན་གྱི་མདའ་མོ།།
    གངས་སྐྱིད་གཞི་རྒྱུད་ནས་འཐེན་དུས།།
    སྐུ་ངོའི་ཨ་ར་དང་སྐྲ་ལོ།།
    བཀོག་ཙམ་བཀོག་ཙང་རང་གནང་དང་།།

    Reply
  12. ཅང་མེད། says:
    ལོ་ 12 སྔོན།

    བཀའ་ཁྲི་མཆོག་གི་ཤ་ནས་བཤད་པ་ནང་བཞིན་གོང་ཁག་དམ་བཅའ་དག་ལག་ལྟར་བྱེད་ཐུབ་ན། བོད་རྒྱལ་ལོ། དུས་ཚོད་རིང་པོ་རྗེས་ན་ཡོད།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    ཐོག་མར་མཁས་དབང་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུ་བ་དང་སྦྲགས། གསར་འགོད་པས་དམིགས་ཡུལ་དང་ལས་དོན་གཙོ་བོ་གང་ཡིན་བཀའ་དྲི་ཞུས་པ་ལྟར། ཁྱེད་ཀྱིས་གསུང་བའི་དམིགས་ཡུལ་གསུམ་པོ་དེ་ལེགས་འགྲུབ་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན།

    Reply
  14. མཁས་བཙུན། says:
    ལོ་ 12 སྔོན།

    རང་དབང་སླར་གསོ་བྱེད་རྒྱུའི་དམ་བཅའ་ཡོད་་་་་མིང་དོན་མཚུངས་པའི་རང་སྐྱོང་ལེན་པའི་དམ་བཅའ་ཡོད་་་་ཡང་སྙིང་དམ་བཅའ་ཅི་ཞིག་བགྱིས་པ་རེད་ལགས་དུས་བབ་ཚང་???

    Reply
  15. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    ཁ་ནས་བཤད་པ་ནང་བཞིན་ལག་ལེན་ཐོག་ལ་འཁེལ་ཐུབ་པའི་རེ་བ་ཡོད།

    Reply
  16. གསལ་ལེ་རྒྱལ། says:
    ལོ་ 12 སྔོན།

    (ཡང་གསར་འགོད་པའི་པའི་པའི་པའི་པའི་ཁོང་གི་དམིགས་ཡུལ་དང་ལས་དོན་གཙོ་བོ་གང་ཡིན་སྐོར་དྲིས་པར། )

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist